དབུ་ཤོག>སྲིད་དོན།
  • ཅང་ཅེ་2017ལོའི་ལྗོངས་ཡོངས་ཀྱི་ཐོན་ལས་གནད་སྨིན་དབུལ་སྐྱོར་གྱི་སྐུལ་སྤེལ་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-05-08

    2017ལོའི་ལྗོངས་ཡོངས་ཀྱི་ཐོན་ལས་གནད་སྨིན་དབུལ་སྐྱོར་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཅང་ཅེས་རིམ་ཁག་སྡེ་ཚན་ཁག་གིས་གཅིག་ནས་བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོར་གཏོང་གིས་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་དང་གཅིག་གྱུར་བྱས་ནས། ཐོན་ལས་ལ་བརྟེན་ནས་དབུལ་སྐྱོར་བྱེད་པའི་སྐོར་གྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཛུབ་སྟོན་དགོངས་པ་ལག་བསྟར་ནན་ཏན་དང་། ཐོན་ལས་འཕེལ་རྒྱས་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩིས་ནས་ལས་ཀའི་བྱ་ཐབས་གསར་གཏོད་དང་བྱ་ཐབས་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ་མ་ཟད། ཐབས་བརྒྱ་ཇུས་སྟོང་གིས་དུད་ཚང་དབུལ་པོའི་སྒུལ་ཤུགས་འཕེལ་བར་བྱེད་དགོས་པ་དང་། གཉིས་ནས་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཁ་གསལ་བཟོ་བ་དང་། འགག་རྩའི་ལྷུ་ཚིག་སྟངས་འཛིན། གཙོ་གནད་དང་འགག་གནད་ལས་སྒྲོལ། ཐོན་ལས་སྐྱེད་སྲིང་བྱེད་མགྱོགས་སུ་གཏོང་བ། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་ཐོན་ལས་དང་པོ་རྒྱ་ཆེར་གཏོང་བའི་ཐད་ཤུགས་སྣོན་དང་། ཐོན་ལས་གཉིས་པ་སྟོབས་ཆེར་གཏོང་བའི་ཐད་འབད་བརྩོན། ཐོན་ལས་གསུམ་པ་ལེགས་སུ་གཏོང་བའི་ཐད་ཚད་བརྒལ་བཅས་བྱས་ནས། ཐོན་ཁུངས་ཀྱི་ལེགས་ཆ་ཐོན་ལས་ཀྱི་ལེགས་ཆ་དང་དཔལ་འབྱོར་གྱི་ལེགས་ཆར་འགྱུར་བར་བྱེད་དགོས། གསུམ་ནས་འགན་འཁྲི་ཁ་གསལ་དང་། ལམ་སྲོལ་གསར་གཏོད། བྱ་ཐབས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཕྱོགས་ཁག་གི་ཁེ་ཕན་འབྲེལ་མཐུད་ལ་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ། མཉམ་སྤྱོད་ཀྱི་འདུ་ཤེས་ཐོན་ལས་འཕེལ་རྒྱས་ཀྱི་འབྲེལ་ཐག་ལ་ཁྱབ་པར་བྱས་ནས་ཐུན་མོང་གིས་ཐོན་ཁུངས་མཉམ་སྤྱོད་དང་རྒྱུ་ནོར་གྱི་ཁེ་ཕན་ཐོབ་པའི་ཕུགས་ཕན་ལམ་སྲོལ་བཟོ་དགོས་པ་དང་། གནད་སྨིན་དབུལ་སྐྱོར་ཐོན་ལས་ཀྱི་དངུལ་བུན་ཁྱབ་ཁོངས་ཀྱི་དངུལ་རྩའི་རྒྱབ་སྐྱོར་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་ཡག་པོ་བྱས་ཏེ། ཐོན་ལས་འཕེལ་རྒྱས་གཏོང་བ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་པའི་འདེགས་སྐྱོར་གལ་ཆེན་དུ་བརྩི་བ་དང་། དབུལ་སྐྱོར་ཐོན་ལས་ཀྱི་ཚོང་འགུག་མ་འདྲེན་ལ་དམ་འཛིན་དང་གཉིས་ཁེ་གཉིས་ཕན་དང་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། བཞི་ནས་འགོ་ཁྲིད་ལ་ཤུགས་སྣོན་གྱིས་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་། ཡུལ་བབ་དང་བསྟུན་ནས་རིགས་དབྱེ་ཇུས་བསྟར་བྱེད་པ། གོ་བ་གཏིང་ཟབ་བླངས་ནས་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ། བསམ་བློར་བཅིངས་འགྲོལ་བཏང་ནས་བློ་ཁོག་ཆེན་པོས་མདུན་སྐྱོད་བཅས་བྱས་ཏེ། ཐོན་ལས་དབུལ་སྐྱོར་གྱི་ལས་ཀའི་རྣམ་པ་ནུས་ལྡན་ཞིག་གཏོད་པ་དང་། གནད་སྨིན་ཅན་གྱི་ཐོན་ལས་དབུལ་སྐྱོར་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ཐོན་ལས་དབུལ་སྐྱོར་ལས་དོན་གྱི་གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།