དབུ་ཤོག>སྲིད་དོན།
  • སྐབས་བཅུ་གསུམ་པའི“བོད་ཀྱི་གཞོན་ནུ་ལྔ་བཞིའི་གཟེངས་རྟགས”ཐོབ་མཁན་མི་སྒེར་གྱི་མིང་ཐོ(མི་11)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-05-06

    ངག་དབང་ཕུན་ཚོགས། ཀྲུང་གུང་ཏང་ཡོན། ཆེད་ཚན་སློབ་ཆེན་གྱི་སློབ་རྒྱུས། 1986ལོའི་ཟླ་3པར་སྐྱེས། 2009ལོའི་ཟླ་8པར་ལས་ཀར་ཞུགས། མངའ་རིས་ས་ཁུལ་དགེ་རྒྱས་རྫོང་དགེ་རྒྱས་གྲོང་རྡལ་མི་དམངས་སྲིད་གཞུང་གི་ལས་བྱེད་པ། 2015ལོ་དང་2016ལོར་བོད་རང་སྐྱོང་ལྗོངས་ཀྱི“ཕུལ་བྱུང་གྲོང་སྡོད་ལས་བྱེད་པའི”མཚན་སྙན་ཐོབ་མྱོང་ཡོད།

    ལྷག་པ་ཕུན་ཚོགས། 1978ལོའི་ཟླ་4པར་སྐྱེས། ཀྲུང་གུང་ཏང་ཡོན། འབྲིང་རིམ་ཆེད་ལས་ཀྱི་སློབ་རྒྱུས། 1997ལོའི་ཟླ་7པར་ལས་ཀར་ཞུགས། འབྲི་རུ་རྫོང་རླན་ཆུ་ཤང་འགོམ་དགོན་གསར་དུ་བཅའ་སྡོད་ལས་བྱེད་པ། 2013ལོ་དང་2015ལོར་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་དགོན་སྡོད་ལས་བྱེད་པར་བདམས་མྱོང་ཡོད།

    ལིའུ་ཡིའུ། རྒྱ་རིགས། 1991ལོའི་ཟླ་6པར་སྐྱེས། དངོས་གཞིའི་ཚན་ཁག་གི་སློབ་རྒྱུས། 2013ལོའི་ཟླ་8པར་ལས་ཀར་ཞུགས། ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་མི་དམངས་ཁྲིམས་ཁང་གི་ལས་བྱེད་པ། 2014ལོར་ལྷོ་ཁ་སྡེ་ཚོགས་གྲོང་ཨུད་ཀྱིས“ལས་བཀུར་དང་བླངས་པ”དང་2016ལོར་ལྷོ་བྲག་རྫོང་གི་ཕུལ་བྱུང་གཞུང་ལས་པར་བདམས་མྱོང་ཡོད།

    འཇམ་དབྱངས་བསྟན་འཕེལ། 1979ལོའི་ཟླ་8པར་སྐྱེས། ཀྲུང་གུང་ཏང་ཡོན། རབ་འབྱམས་པའི་ཞིབ་འཇུག་སློབ་མའི་སློབ་རྒྱུས། 2003ལོར་ལས་ཀར་ཞུགས། ལྗོངས་ཞིང་འབྲོག་ཐིང་གི་ལས་བྱེད་པ། 2015ལོར“ལྗོངས་ཡོངས་ཀྱི་སྔོན་ཐོན་དྲིལ་བསྒྲགས་ལས་དོན་པའི”མཚན་སྙན་ཐོབ་མྱོང་ཡོད།

    ཧྲང་ཕུང་། རྒྱ་རིགས། 1984ལོའི་ཟླ་2པར་སྐྱེས། ཀྲུང་གུང་ཏང་ཡོན། འབུམ་རམས་པའི་སློབ་གཉེར་བྱེད་བཞིན་ཡོད། 2009ལོར་ལས་ཀར་ཞུགས། བོད་ལྗོངས་ཞིང་འབྲོག་སློབ་གླིང་སྲོག་ཆགས་རིག་པའི་རིག་ཚན་སློབ་གླིང་གི་ཚན་ཞིབ་ཀན་ཧྲི། 2011ལོར་ཁོང་གིས་བྲིས་པའི“བོད་ཕག་གི་ནད་འགོག་ནུས་པ་དང་ནད་འགོག་གཞི་རྒྱུ་NRamp1དབར་གྱི་འབྲེལ་བ”ཞེས་པའི་དཔྱད་རྩོམ་བོད་ལྗོངས་ཕྱུགས་ནད་གསོ་རིག་ཚོགས་འདུའི་ཐོག་ཕུལ་བྱུང་གི་དཔྱད་རྩོམ་ལ་བདམས་མྱོང་ཡོད།

    བསོད་ནམས་ཚེ་རིང་། 1983ལོའི་ཟླ་1པོར་སྐྱེས། ཀྲུང་གུང་ཏང་ཡོན། ཆེད་ཚན་སློབ་ཆེན་གྱི་སློབ་རྒྱུས། 2002ལོའི་ཟླ་10པར་ལས་ཀར་ཞུགས། ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ལས་བྱེད་པ། 2015ལོར“ཆབ་མདོ་གྲོང་ཁྱེར་གྱི་སྐབས་དང་པོའི་ཕུལ་བྱུང་གཞོན་ནུ་བཅུའི”གཟི་བརྗིད་མཚན་སྙན་ཐོབ་མྱོང་ཡོད།

    ཀྲའོ་ཧའེ་ཡུང་། རྒྱ་རིགས། 1992ལོའི་ཟླ་4པར་སྐྱེས། ཀྲུང་གུང་ཏང་ཡོན། ཆེད་ཚན་སློབ་ཆེན་དུ་སློབ་གཉེར་བྱེད་བཞིན་ཡོད། 2011ལོའི་ཟླ་12པར་ལས་ཀར་ཞུགས། བོད་ལྗོངས་ཆབ་མདོ་ཡན་ལག་དམག་ཁུལ་ཁང་གི་པན་ཀྲང། 2016ལོའི་ཟླ་12པར་ཆབ་མདོ་ཡན་ལག་དམག་ཁུལ་ཁང་གི་བྱས་རྗེས་རིམ་པ་གཉིས་པ་ཐེངས་1བཞག་པ་དང་བོད་དམག་ཁུལ་ཁང་གི“དམག་དཔུང་ལ་དགའ་ཞེན་དང་དཀའ་སྤྱད་སྙིང་རུས་བྱེད་མཁན་དཔེ་དམག”གི་གཟི་བརྗིད་མཚན་སྙན་ཐོབ་མྱོང་ཡོད།

    ཧྥང་ཅུན་ཅེ། བོད་རིགས། 1987ལོའི་ཟླ་2པར་སྐྱེས། ཀྲུང་གུང་ཏང་ཡོན། སློབ་ཆེན་གྱི་ཆེད་ཚན་སློབ་རྒྱུས། 2006ལོའི་ཟླ་6པར་ལས་ཀར་ཞུགས། བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་མངའ་རིས་མཐའ་སྲུང་ཉིང་ལག་རུ་ཁག་གི་ལས་བྱེད་པ། 2011ལོར་སྤྱི་བདེ་པུའི་མཐའ་སྲུང་དོ་དམ་ཅུས་ཀྱིས“དམངས་གཅེས་མཐའ་བརྟན་གྱི་སྔོན་ཐོན་མི་སྒེར”ལ་བདམས་མྱོང་ཡོད་པ་དང་2008ལོ་ནས་2016ལོ་བར་སྒེར་གྱི་བྱས་རྗེས་རིམ་པ་གསུམ་པ་ཐེངས་3སྔ་རྗེས་སུ་བཞག་མྱོང་ཡོད།

    དབྱང་ཡིའུ་ཀང་། རྒྱ་རིགས། 1985ལོའི་ཟླ་9པར་སྐྱེས། ཀྲུང་གུང་ཏང་ཡོན། སློབ་ཆེན་གྱི་ཆེད་ཚན་སློབ་རྒྱུས། 2003ལོའི་ཟླ་12པར་ལས་ཀར་ཞུགས། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་པན་ཀྲང་། སྒེར་གྱི་བྱས་རྗེས་རིམ་པ་གཉིས་པ་ཐེངས་1དང་བྱས་རྗེས་རིམ་པ་གསུམ་པ་ཐེངས་4བཞག་མྱོང་ཡོད། སྔ་རྗེས་སུ་སྤྱི་ཁྱབ་པུའུ་དང་། སྤྱི་ཁྱབ་རུ་ཁག ཉིང་ལག་རུ་ཁག་བཅས་ཀྱིས“ཕུལ་བྱུང་གི་རྩལ་ཁྲིད་པ”དང“དཔེ་དམག་ཧྲི་ཀོན་ཕུལ་བྱུང་བཅུ”“ཕུལ་བྱུང་གུང་ཁྲན་ཏང་ཡོན”བཅས་ལ་བདམས་མྱོང་ཡོད།

    ཀུང་ལེའང་ཧྭ། རྒྱ་རིགས། 1985ལོའི་ཟླ་4པར་སྐྱེས། ཀྲུང་གུང་ཏང་ཡོན། ཞིབ་འཇུག་སློབ་མའི་སློབ་རྒྱུས། 2012ལོར་ལས་ཀར་ཞུགས། ལྗོངས་སྒྲིག་ཨུད་ལྟ་ཞིབ་ཐིང་གི་ལས་བྱེད་པ། 2015ལོ་ནས་2016ལོ་བར་གྲོང་སྡོད་བྱེད་རིང་གཞིས་རྩེ་གྲོང་ཁྱེར་རྨང་བརྟན་དམངས་ཕན་གཞུང་ལས་ཁང་གིས་ས་ཁུལ་དང་གྲོང་ཁྱེར་རིམ་པའི་སྔོན་ཐོན་གྲོང་སྡོད་ལས་བྱེད་པའི་རུ་མིར་བདམས་མྱོང་ཡོད།

    ཧྲེང་ཡིའུ། རྒྱ་རིགས། 1976ལོའི་ཟླ་12པར་སྐྱེས། ཀྲུང་གུང་ཏང་ཡོན། ཞིབ་འཇུག་སློབ་མའི་སློབ་རྒྱུས། 1998ལོའི་ཟླ་8པར་ལས་ཀར་ཞུགས། ཀྲུང་གུང་ནག་ཆུ་ས་ཁུལ་འབྲི་རུ་རྫོང་ཨུད་ཀྱི་ལས་བྱེད་པ།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།