དབུ་ཤོག>སྲིད་དོན།
  • 2017ལོའི་རྒྱལ་ཡོངས་དང་བོད་ཀྱི་ལྔ་གཅིག་ངལ་རྩོལ་གྱི་གཟེངས་རྟགས་ཐོབ་མཁན་གྱི་བྱས་རྗེས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-05-04

    (2017ལོའི་ཟླ་5ཚེས་3ཉིན་གྱི་པར་ངོས་དྲུག་པར་མཐུད)

    ལོ་ཅུན། ཕོ། བོད་རིགས། 1987ལོའི་ཟླ་1པོར་སྐྱེས། ཀྲུང་གུང་ཏང་ཡོན། སློབ་ཆེན་དངོས་གཞིའི་ཚན་ཁག་གི་སློབ་རྒྱུས། ད་ལྟ་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དྲིལ་བསྒྲགས་པུའུ་བརྟག་ཞིབ་ཁྲུའི་ཁྲུའུ་ཀྲང་ཡིན། བློ་མཐུན་ལོ་ཅུན་གྱིས་དཀའ་སྤྱད་ཞིབ་ཚགས་ཀྱིས་ལས་དོན་བསྒྲུབས་ནས་ཟིན་བྲིས་འབོར་ཆེན་ལེགས་སྒྲུབ་བྱས་ཡོད། ཉེ་བའི་ལོ་གཉིས་རིང་ཁོང་དང་ལས་རོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ལྔ་པ། དྲུག་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་སོགས་ཚོགས་འདུ་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་། “ནན་གསུམ་དྲང་གསུམ”དང“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”སོགས་སློབ་སྦྱོང་སློབ་གསོ་གལ་ཆེན། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ལྗོངས་ཏང་ཨུད་འགོ་ཁྲིད་ཀྱི་བརྟག་ཞིབ་སོགས་བྱེད་སྒོ་གལ་ཆེན་བཅས་ལ་དམིགས་ཏེ་ཟིན་བྲིས་གལ་ཆེན་590ལྷག་ཙམ་བརྒྱབ་ཡོད། ཁོང་གི་ལས་ཀར་རྩ་འཛུགས་དང་འགོ་ཁྲིད་ཀྱི་ཁས་ལེན་གང་ལེགས་ཐོབ་ཡོད།

    བློ་མཐུན་ལོ་ཅུན“ཕུལ་བྱུང་གི་གཞུང་ལས་པ”དང“ཕུལ་བྱུང་གི་གུང་ཁྲན་ཏང་ཡོན”ལ་ཐེངས་མང་འདེམས་མྱོང་ཡོད།

    བྱམས་པ་གཡང་འཛོམས། མོ། བོད་རིགས། 1965ལོའི་ཟླ་8པར་སྐྱེས། ཀྲུང་གུང་ཏང་ཡོན། འབུམ་རམས་པ་ཞིབ་འཇུག་སློབ་མ། བོད་ལྗོངས་ཞིང་འབྲོག་སློབ་གླིང་སྲོག་ཆགས་ཚན་རིག་སློབ་གླིང་གི་ཡོན་ཀྲང་དང་དགེ་རྒན་ཆེ་མོ་བ། ཁོང་གིས་ལོ་30ཡི་རིང་ཚན་ཞིབ་ཁྱབ་ཁོངས་སུ་འབད་བརྩོན་ཆེན་པོས་འཚོལ་ཞིབ་བྱས་པ་དང་བོད་ཀྱི་ཕྱུགས་རིགས་བྱ་རིགས་ཐོན་ཁུངས་ལ་ཞིབ་འཇུག་འབད་པ་ཡུན་རིང་མཐར་ཕྱིན་མཛད་ནས་འབྲོག་ལས་ཐོན་སྐྱེད་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་ལ་སྣང་ཆེན་བྱས་པ་དང་བོད་ཕག་དང་བོད་བྱའི་འཚོ་བའི་གོམས་གཤིས་དང་འཚར་ལོངས་ཀྱི་ཆོས་ཉིད་རྩད་ཆོད་ཐུབ་སྟེ《བོད་བྱ་གསོ་ཚགས་ཐད་ཀྱི་གོ་ཆོད་ལག་རྩལ》དང《བོད་ཕག་གསོ་ཚགས་ཐད་ཀྱི་གོ་ཆོད་ལག་རྩལ》གཙོ་འགན་ཁུར་ནས་རྩོམ་སྒྲིག་བྱས་པ་དང་དཔྱད་རྩོམ་40ལྷག་ཙམ་སྤེལ་ནས་རྒྱལ་ནང་དུ་བོད་ལྗོངས་ས་མཐོའི་བོད་ཕག་དང་བོད་བྱའི་ཞིབ་འཇུག་ཁྱབ་ཁོངས་རིགས་པའི་གཞུང་ལུགས་ཀྱི་སྟོང་ཆ་བསྐངས་ཡོད།

    བློ་མཐུན་བྱམས་པ་གཡང་འཛོམས་ལ་2009ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ཐོབ་པ་དང་། “ཝུའུ་ཁྲང་ཤིན་སྲོག་ཆགས་རྒྱུད་འདེད་རྒྱུད་སྤེལ་ཐོན་སྐྱེད་དང་ཁྱབ་གདལ་གྲུབ་འབྲས་བྱ་དགའ”ཐོབ་མྱོང་ཡོད་པ། “རྒྱལ་ཡོངས་ཀྱི་ཞིང་ལས་ཁྱབ་གདལ་མིག་དཔེ”དང་། “རྒྱལ་ཡོངས་ཀྱི་ཕུལ་བྱུང་ཚན་རྩལ་ལས་དོན་པ”“རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་དགེ་རྒན”“རང་སྐྱོང་ལྗོངས་ཀྱི་བུད་མེད་བྱས་རྗེས་འཇོག་མཁན་མིག་དཔེ”བཅས་ལ་འདེམས་མྱོང་ཡོད།

    བསོད་ནམས་ཚེ་རིང་། ཕོ། བོད་རིགས། 1984ལོའི་ཟླ་6པར་སྐྱེས། ཀྲུང་གུང་ཏང་ཡོན། སློབ་ཆེན་དངོས་གཞིའི་ཚན་ཁག་གི་སློབ་རྒྱུས། སྣང་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་རུ་ཆེན་གྱི་རུ་དཔོན་ཆེ་བ། བློ་མཐུན་བསོད་ནམས་ཚེ་རིང་གིས་འཐབ་གྲོགས་ཚོ་དང་མཉམ་དུ་གྱོད་གཞི་བརྒྱ་གྲངས་རྩད་བཅད་པ་དང་གྱོད་གཞི་གལ་ཆེན་བཅུ་གྲངས་རྩད་བཅད་པ་རེད། དེའི་ནང་2013ལོའི“11·28”ཀྱི་ཁྲིམས་འགལ་ངང་མེ་མདའ་དང་མདེལ་ཉར་བ་དང་ཉོ་ཚོང་བྱས་པའི་གྱོད་གཞི་དང་། 2014ལོའི“5·26”གི་རྐུ་འཕྲོག་གྱོད་གཞི་ཁག་གཅིག 2016ལོའི“7·26”གི་འཕྲོག་བཅོམ་དང་། བཙན་གཡེམ། མི་གསོད་ཀྱི་གྱོད་གཞི། གློག་འཕྲིན་ཁ་བསླུས་ཐེབས་མཁན་གྱི་དཔལ་འབྱོར་གྱོང་གུན་སྒོར་ཁྲི་13ལྷག་ཙམ་ཚུར་བླངས་པ་ཚུད་ཡོད།

    བློ་མཐུན་བསོད་ནམས་ཚེ་རིང“ཕུལ་བྱུང་གུང་ཁྲན་ཏང་ཡོན”ལ་འདེམས་མྱོང་ཡོད་ལ། “རིམ་པ་གསུམ་པའི་བྱས་རྗེས”ཐེངས་མང་འཇོག་མྱོང་ཡང་ཡོད།

    ཡོན་ཙེ། ཕོ། མན་ཇུ་རིགས། 1983ལོའི་ཟླ་7པར་སྐྱེས། ཀྲུང་གུང་ཏང་ཡོན། སློབ་ཆེན་དངོས་གཞིའི་ཚན་ཁག་གི་སློབ་རྒྱུས། ཀྲུང་གོ་ལྕགས་ཀྱི་ཐོ་ལྕོག་མ་རྐང་ཚད་ཡོད་ཀུང་སི་ལྷ་ས་གྲོང་ཁྱེར་ཡན་ལག་ཀུང་སིའི་འཛུགས་སྐྲུན་པུའི་འཆར་འགོད་དང་གནས་འདེམས་དོ་དམ་གྱི་འགན་འཁུར་བཞིན་ཡོད། ཁོང་དང་ལས་རོགས་ཚོས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ལྷ་ས་ལྕགས་ཀྱི་ཐོ་ལྕོག་ཀུང་སི་བཙུགས་ནས་ལོ་གཉིས་རིང་གློག་འཕྲིན་ཁེ་ལས་གསུམ་གྱི་ལོ་རྒྱུས་ཐོག་འཛུགས་དཀའ་བའི་ས་ཚིགས་200བཙུགས་པ་དང་། གསར་སྐྲུན་བྱས་པའི་ལྕགས་ཀྱི་ཐོ་ལྕོག་མཉམ་སྤྱོད་ཆུ་ཚད་60%ཡན་མཐོ་རུ་བཏང་བ། མ་འཇོག་སྒོར་ཁྲི་6000ལྷག་ཙམ་གྲོན་ཆུང་བྱས་པ། ལོ་ལྟར་ས་ཆ་བོགས་གཏོང་འགྲོ་སོང་སྒོར་ཁྲི་900ལྷག་ཙམ་ཉུང་དུ་བཏང་བ། ས་ཆ་གཟུང་ཚད་རྒྱ་ཁྱོན་མུའུ་50ལྷག་ཙམ་དུ་ཉུང་དུ་བཏང་ཡོད། བློ་མཐུན་ཡོན་ཙེ“ལྷ་ས་གྲོང་ཁྱེར་བཟོ་ལས་དང་དཔལ་འབྱོར་གྱི་སྔོན་ཐོན་མི་སྒེར”དང“ཕུལ་བྱུང་གུང་ཁྲན་ཏང་ཡོན”ལ་འདེམས་མྱོང་ཡོད།

    སྐྱིད་པ། མོ། བོད་རིགས། 1983ལོའི་ཟླ་4པར་སྐྱེས། ཆེད་ཚན་སློབ་ཆེན་གྱི་སློབ་རྒྱུས། ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་མ་རྐང་ཚད་ཡོད་ཀུང་སི་བོད་ལྗོངས་ཕྱིར་ཚོང་ལྷ་ས་ཡན་ལག་ཀུང་སི་ཀུན་བདེ་གླིང་སྣུམ་སྣོན་ས་ཚིགས་ཀྱི་ཅིང་ལི། ཁོང་གིས་གཞི་རིམ་གྱི་སྣུམ་སྣོན་པ་ཞིག་ནས་འགོ་ཚུགས་ཏེ་ལས་ཀ་བྱེད་ཀྱིན་དུ་སློབ་སྦྱོང་མཐའ་འཁྱོངས་ཀྱིས་རང་འགུལ་ངང་ཅུང་ལེགས་པའི་འཚོ་བའི་ཆ་རྐྱེན་བློས་བཏང་སྟེ་བོད་བྱང་ཐང་གི་མཚོ་གཉིས་སུ་ལས་ཀ་བྱེད་པར་བསྐྱོད། སྤྱི་ལེ་ངོས་གྲུ་ཁྲི་12དང་། མང་ཚོགས་ཁྲི་1.03 གཞུང་ལམ་སྤྱི་ལེ་1000ལྷག་ཙམ་གྱི་ལམ་རྒྱུད་བཅས་ལ་སྣུམ་མཁོ་འདོན་བྱ་ཆེད། ཁོང་གིས་འབད་བརྩོན་བྱས་པ་བརྒྱུད། མཚོ་གཉིས་ས་ཁོངས་ཀྱི་སྣུམ་ཚོང་ཚད་ཏུན་800ནས་ཏུན་3200བར་འཕར་ཡོད།

    བློ་མཐུན་སྐྱིད་པོ“ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་ཚོགས་པ་ཀུང་སིའི་ངལ་རྩོལ་དཔེ་བཟང”དང་། “རང་སྐྱོང་ལྗོངས་གསུམ་བརྒྱད་དར་དམར་བ”“ཀྲུང་གོ་རྡོ་སྣུམ་གྱི་མི་སེམས་འགུལ་བའི་མི་བཅུ”བཅས་ལ་འདེམས་མྱོང་ཡོད།

    ཉི་སྒྲོལ། མོ། བོད་རིགས། 1973ལོའི་ཟླ་11པར་སྐྱེས། ཀྲུང་གུང་ཏང་ཡོན། ཆེད་ཚན་སློབ་རྒྱུས། ད་ལྟ་བོད་རང་སྐྱོང་ལྗོངས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་རྩི་ཤིང་ཕྲ་ཕུང་གསོ་སྐྱོང་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་དང་ཞིབ་འཇུག་པ་གཞོན་པ་ཡིན། ཁོང་གིས་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་འཆར་འགོད་རྣམ་གྲངས་གཙོ་གནད་དང་རྒྱལ་ཁབ་ཚན་རྩལ་འདེགས་སྐྱོར་རྣམ་གྲངས་སོགས་20ལྷག་ཙམ་གཙོ་སྐྱོང་བྱས་པའམ་ཡང་ན་དེར་ཞུགས་ནས་རང་སྐྱོང་ལྗོངས་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་གསུམ་པ་ཁག་གསུམ་ཐོབ་པ་དང་རྒྱལ་ཁབ་ཀྱི་གསར་གཏོད་ཁེ་བེད་བདག་ཐོབ་ཁག་གསུམ་ཐོབ་ཡོད། ད་དུང་རིག་གཞུང་དཔྱད་རྩོམ་10ལྷག་ཙམ་སྤེལ་བའམ་ཡང་ན་མཉམ་དུ་སྤེལ་བ་དང་། ཚན་རིག་ཁྱབ་གདལ་ཀློག་དེབ་3གྱི་རྩོམ་སྒྲིག་ལས་དོན་ལ་ཞུགས་པ། བོད་སྨན་ཁེ་ལས་12ལ་ལག་རྩལ་ཞབས་ཞུ་ཐེངས་30ལྷག་ཙམ་མཁོ་འདོན་བྱས་ནས་དཔལ་འབྱོར་ཕན་འབྲས་ཁྲི་80ལྷག་ཙམ་ཐོན་ཡོད།

    བློ་མཐུན་ཉི་སྒྲོལ“སྦྱོང་བ་གཉིས་དང་སྡུར་བ་གཉིས་ཀྱི་བུད་མེད་འཇོན་ཐང་ཅན”དང་། “རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་བུད་མེད་ཀྱིས་ལས་གནས་ཐོག་བྱས་རྗེས་འཇོག་པའི་སྔོན་ཐོན་མི་སྒེར”“སྔོན་ཐོན་ལས་དོན་པ”“ཕུལ་བྱུང་གུང་ཁྲན་ཏང་ཡོན”“ཕུལ་བྱུང་ཏང་དོན་ལས་དོན་པ”བཅས་ལ་འདེམས་མྱོང་ཡོད།

    བསྟན་འཛིན་ཚེ་རིང་། ཕོ། བོད་རིགས། 1988ལོའི་ཟླ་9པར་སྐྱེས། གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི། ཆེད་ཚན་སློབ་རྒྱུས། རྣམ་གླིང་རྫོང་སྟག་རྩེ་ཤང་འཕྲོད་བསྟེན་ཁང་གི་ཡོན་ཀྲང་། ཁོང་གིས་ལས་ཀར་དོ་དོ་ཏན་ཏན་དང་ཧུར་ཐག་འབད་ཐག་བྱས་ཏེ་ཞིང་འབྲོག་པའི་བདེ་ཐང་ཐོག་མཐའ་བར་གསུམ་དུ་སེམས་ལ་བཅངས་ནས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་ཡོད། ཁོང་གིས་ནད་པས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ་དང་ནད་པས་བསམ་བློ་གཏོང་སར་བསམ་བློ་བཏང་ནས་ཐོག་མཐའ་བར་གསུམ་དུ་ནད་པ་ཨང་དང་པོར་འཇོག་གི་ཡོད། ནད་པར་དགོས་མཁོ་ཡོད་ཚེ། ཉིན་མཚན་དང་གྲང་ངར་ལ་མི་བལྟོས་པར་ཁོང་གིས་འཕྲལ་དུ་ནད་པར་སྨན་བཅོས་བྱས་པར་གཞི་རིམ་ཞིང་འབྲོག་པས་ཡིད་ཆེས་དང་བརྩི་འཇོག་བྱེད།

    བློ་མཐུན་བསྟན་འཛིན་ཚེ་རིང“གཞི་ཁྱོན་ཅན་གྱི་དོ་དམ་ལས་དོན་པའི་སྔོན་ཐོན་མི་སྒེར”ལ་འདེམས་མྱོང་ཡོད་ལ། རྒྱལ་ཡོངས་ཀྱི་གཞི་རིམ་འཕྲོད་བསྟེན་ལས་གནས་སྦྱོང་བརྡར་དང་རྩལ་ནུས་འགྲན་བསྡུར་བྱེད་སྒོར“གྲོང་གསེབ་ཀྱི་མཁོ་ཆོད་སྨན་པའི་སྨན་བཅོས་རྣམ་གྲངས་ཀྱི་ཨང་གསུམ་པ”ཐོབ་མྱོང་ཡང་ཡོད།

    ཉི་མ། ཕོ། བོད་རིགས། 1987ལོའི་ཟླ་7པར་སྐྱེས། ཀྲུང་གུང་ཏང་ཡོན། སློབ་ཆེན་དངོས་གཞིའི་ཚན་ཁག་གི་སློབ་རྒྱུས། བོད་ལྗོངས་མཁའ་སྐྱོད་ཚད་ཡོད་ཀུང་སིའི་འཁོར་རྒྱུག་ཚོད་འཛིན་པུའི་འཕུར་སྐྱོད་དོ་དམ་པ་དང་ལས་རོགས་འཕུར་སྐྱོད་དོ་དམ་པ། 2014ལོར་ཉི་མས་རང་འགུལ་ངང་གྲོང་སྡོད་ཧྲུའུ་ཅི་དང་པོ་བྱ་རྒྱུའི་འདུན་ཞུ་བྱས། གཉིས་ལྡན་དུད་སྦྲེལ་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད་དེ་སྔའི་དུད་སྦྲེལ་སྤྱི་མི་12ནས་ད་ལྟའི་15བར་མང་དུ་ཕྱིན་པ་དང་བཅའ་སྡོད་གྲོང་ཚོའི་དུད་ཚང་ཡོངས་ལ་དུད་སྦྲེལ་སྤྱི་མི་ཡོད་པ་གྱུར།

    བློ་མཐུན་ཉི་མ“ས་ཁུལ་རིམ་པའི་སྔོན་ཐོན་གྲོང་སྡོད་ལས་དོན་རུ་མི”དང“ཕུལ་བྱུང་གུང་ཁྲན་ཏང་ཡོན”ལ་འདེམས་མྱོང་ཡོད།

    ཝུའེ་ཞའོ་ཡུང་། ཕོ། རྒྱ་རིགས། 1981ལོའི་ཟླ་12པར་སྐྱེས། ཀྲུང་གུང་ཏང་ཡོན། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་རྒྱུས། ལྷོ་ཁ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་རྒྱུ་ནོར་ལྐོག་ཟ་ལྐོག་སྤྲོད་ངོ་རྒོལ་ཅུས་ཀྱི་ཅུས་ཀྲང་། ཁོང་གིས་རྒྱུ་ནོར་ལྐོག་ཟ་ལྐོག་སྤྲོད་ཀྱི་གྱོད་གཞི་100དང་མི་103ཞིབ་བཤེར་ཐག་གཅོད་བྱས་པའི་ནང་མི་87དང་འབྲེལ་བའི་གྱོད་གཞི་ཆེ་གྲས་87དང་མི་13དང་འབྲེལ་བའི་གྱོད་གཞི་གལ་ཆེན་13ཚུད་ཡོད། རྒྱལ་ཁབ་དང་མཉམ་སྡེབ་ཀྱི་དཔལ་འབྱོར་གྱོང་གུན་སྒོར་ཁྲི་4000ཙམ་ཚུར་བླངས་པ་རེད། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ནང་བློ་མཐུན་ཝུའེ་ཞའོ་ཡུང་གིས་རང་ཉིད་ཀྱི་ལང་ཚོ་དང་། ལས་ཀའི་སྤྲོ་སེམས་ཆེན་པོ། ཏང་ལ་ལྷག་བསམ་ཟོལ་མེད་བྱེད་པ་བཅས་ཀྱིས་བདེན་པ་སྐྱོང་བའི་གཏམ་རྒྱུད་བཏོད་ཡོད།

    བློ་མཐུན་ཝུའེ་ཞའོ་ཡུང་ལོ་གསུམ་བསྟུད་མར“ཕུང་བྱུང་གི་གཞུང་ལས་པར”འདེམས་མྱོང་ཡོད་ལ། “རིམ་པ་གསུམ་པའི་བྱས་རྗེས”ཀྱང་འཇོག་མྱོང་ཡོད།

    ཧྥན་ཧའེ་ཐའོ། ཕོ། རྒྱ་རིགས། 1971ལོའི་ཟླ་12པར་སྐྱེས། ཀྲུང་གུང་ཏང་ཡོན། སློབ་ཆེན་དངོས་གཞིའི་ཚན་ཁག་གི་སློབ་རྒྱུས། ཀྲུང་གོ་བཟོ་ཚོང་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི་བོད་ལྗོངས་ཡན་ལག་དངུལ་ཁང་ལྷ་ས་སེ་ར་ལམ་ཉིང་ལག་དངུལ་ཁང་གི་ཏང་ཀྲི་པུའི་ཧྲུའུ་ཅི་དང་། ཧང་ཀྲང་། དཔལ་འབྱོར་མཁས་ཅན། 2012ལོར་ཁོང་གིས་བོད་སྐྱོར་དང་འབྲེལ་བ་བྱས་ཏེ་ལྷ་ས་སེ་ར་ལམ་ཉིང་ལག་དངུལ་ཁང་བཙུགས། ལས་ཀ་བྱེད་རིང་ཁོང་གིས“བརྟན་ལྷིང་ཨང་དང་པོར་འཇོག་པ་དང་ལུགས་མཐུན་ཨང་དང་པོར་འཇོག་པའི”བསམ་བློ་བརྟན་པོར་བཅངས་ཏེ《ལས་བཟོ་ཚོང་བརྒྱབ་ནས་ཁེ་ལས་གཉེར་བའི་ནང་མི་ཞུགས་པའི་ཁས་ལེན་ཡི་གེ》དང《དམངས་ཁྲོད་ཀྱི་མ་དངུལ་མཉམ་བསྡུའི་བྱེད་སྒོར་མི་ཞུགས་པའི་ཁས་ལེན་ཡི་གེ》སོགས་བཞག་ཡོད། རིམ་རྩིས་བརྒྱབ་ན་ཀུང་སིར་བཏང་བའི་དངུལ་བུན་སྒོར་དུང་ཕྱུར་19དང་མི་སྒེར་ལ་བཏང་བའི་དངུལ་བུན་སྒོར་ཁྲི་6000ཙམ་ཟིན་ནས་མི་སྒེར་ལ་བཏང་བའི་དངུལ་བུན་གྱིས་བོད་ལྗོངས་ཡན་ལག་དངུལ་ཁང་གི་95%བཟུང་ཡོད། ཚོང་དུད་ཆུང་གྲས་དང་ཆེས་ཆུང་གྲས་ལ་དངུལ་བུན་སྒོར་ཁྲི་5000ཙམ་བཏང་བ་དང་འབྲེལ་ཚོང་དུད་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་དངུལ་བུན་དང་། མི་སྒེར་གྱི་ལས་ཀར་གཞོགས་འདེགས་དངུལ་བུན། མི་སྒེར་གྱི་ཕྱི་སྦྱོང་དངུལ་བུན་སོགས་ཚད་བརྒལ་བྱུང་ཡོད།

    བློ་མཐུན་ཧྥན་ཧའེ་ཐའོ་བཟོ་ཚོང་དངུལ་ཁང་གི“སྔོན་ཐོན་མི་སྒེར”ལ་ཐེངས་མང་འདེམས་མྱོང་ཡོད།

    བུ་སྒྲོལ་མ། ཕོ། བོད་རིགས། 1985ལོའི་ཟླ་7པར་སྐྱེས། ཀྲུང་གུང་ཏང་ཡོན། ཆེད་ཚན་སློབ་རྒྱུས། ད་ལྟ་བོད་རང་སྐྱོང་ལྗོངས་ཆུ་དཔྱད་ཐོན་ཁུངས་རྩད་ཞིབ་ལྷོ་ཁ་ཆུ་དཔྱད་ཡན་ལག་ཅུས་སྐོར་ཞིབ་ཁོའོ་ཡི་ཁོའོ་ཡོན་ཡིན། བློ་མཐུན་བུ་སྒྲོལ་མས་འགན་འཁུར་བའི་ཆར་ཆུ་ཚད་འཇལ་ས་ཚིགས་གསུམ་པོ་ནི་ཅུས་ཡོངས་ཀྱི་རྩད་ཞིབ་སྙན་སེང་ལས་འགན་ལྕི་ཤོས་ཀྱི་ས་ཚིགས་ཡིན་པས་ས་གནས་དེ་གའི་འབྲུབ་འགོག་ཐན་འགོག་གི་ཐབས་ཇུས་དང་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ལ་ཚན་རྩལ་གྱི་འདེགས་སྐྱོར་བྱས་ཡོད། 2016ལོའི་ཟླ་7ཚེས་12ཉིན་གྱི་ཆུ་ཚོད་17ཙམ་ལ་གྲ་ནང་རྫོང་རྔ་སྒྲ་ཤང་ལྕང་ཅན་གྲོང་ཚོའི་གཙང་པོའི་སྟོད་རྒྱུད་དུ་དྲག་ཆར་བབས་ནས་གཙང་པོ་རྒྱས། ཁོང་གིས་ཉེན་ཁར་མ་སྐྲག་པར་ས་ཚིགས་ཡོངས་ཀྱི་བློ་མཐུན་ཚོའི་འགོ་ཁྲིད་དེ་ཉིན་མཚན་གཅིག་བསྟུད་མར་ལས་ཀ་བྱས་ཏེ་ས་ཚིགས་དེ་བསྐྲུན་རྗེས་ཀྱི་ཆུ་ལོག་ཆེ་ཤོས་ཀྱི་གྲངས་གཞི་རྩད་ཞིབ་ཐུབ་ནས་ས་གནས་དེ་གའི་སྲིད་གཞུང་གི་འབྲུབ་འགོག་ཉེན་སེལ་ལས་དོན་ལ་ཐབས་ཇུས་ནུས་ལྡན་གྱི་གཞི་འཛིན་ས་མཁོ་འདོན་བྱས་པ་དང་གཙང་པོའི་སྨད་རྒྱུད་ཀྱི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། བློ་མཐུན་བུ་སྒྲོལ་མ“རང་སྐྱོང་ལྗོངས་ལག་རྩལ་འཇོན་ཐང་ཅན”ལ་འདེམས་མྱོང་ཡོད་ལ། རང་སྐྱོང་ལྗོངས་ཆུ་དཔྱད་རྩལ་ནུས་འགྲན་བསྡུར་ལ“མི་སྒེར་གྱི་ལས་སྒོ་བྱང་ཆུབ་པ་ཨང་དང་པོ”ཐོབ་མྱོང་ཡང་ཡོད།

    ཀྲའོ་ཅིང་། མོ། མན་ཇུ་རིགས། 1988ལོའི་ཟླ་8པར་སྐྱེས། ཀྲུང་གུང་ཏང་ཡོན། སློབ་ཆེན་དངོས་གཞིའི་ཚན་ཁག་གི་སློབ་རྒྱུས། ད་ལྟ་ལྷ་ས་གྲོང་ཁྱེར་གནམ་གཤིས་ཅུས་རླུང་ཁམས་ཆེན་པོ་འཚོལ་ཞིབ་ལྟེ་གནས་ཀྱི་ལྟ་ཞིབ་ཚད་ལེན་པ་དང་ལག་རྩལ་ཆེ་མོ་བའི་ལས་རོགས་ཡིན། 2014ལོར་ཁོང་ནག་ཆུ་སོགས་མཚོ་བོད་ས་མཐོའི་སྙོམས་རྒྱུག་བང་རིམ་དང་གཏད་རྒྱུག་བང་རིམ་བརྗེ་བའི་ལྟ་ཞིབ་ཚད་ལེན་བྱ་ཡུལ་དུ་མཁའ་སྐྱོད་གནམ་གཤིས་ཕྱོགས་བསྡུས་ཚོད་ལྟའི་ལས་དོན་ལ་ཞུགས་ནས་མཁའ་སྐྱོད་གནམ་གཤིས་ཀྱི་གྲངས་གཞི་འཚོལ་བསྡུ་བྱས་ཏེ་བར་མཐོངས་ལྟ་ཞིབ་ཚད་ལེན་ལྒང་བུ་དང་པོ་དེ་གྲུབ་འབྲས་ཐོབ་པའི་ངང་འཕངས་པ་རེད། 2015ལོར“ལྷ་ས་སྐྱིད་ཆུ་མཚེའུ་རུ་སྒྱུར་བའི”གནམ་གཤིས་ལྟ་ཞིབ་ཚད་ལེན་ལས་སྒོའི་ཁྲོད་ཁོང་གིས་བསྟུད་མར་ལས་དུས་འཕར་མ་བྱས་ནས་ལས་རོགས་དང་མཉམ་དུ་འབྲེལ་ཡོད་ལྟ་ཞིབ་ཚད་ལེན་གྲངས་གཞི་ལེགས་སྒྲིག་བྱས་ཏེ་ལྷ་ས་སྐྱིད་ཆུ“གཙང་པོ་ནས་མཚེའུ་རུ་སྒྱུར་བའི”ལས་གྲྭའི་གནམ་གཤིས་དང་ཁོར་ཡུག་འགྱུར་ལྡོག་གི་ཤུགས་རྐྱེན་ཐེབས་ཚད་དཔྱད་དཔོག་ལ་ཚན་རིག་གི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

    བློ་མཐུན་ཀྲའོ་ཅིང་ལ་རང་སྐྱོང་ལྗོངས་གནམ་གཤིས་ལས་རིགས་ཀྱི་སྐབས་གཉིས་པའི་རྫོང་རིམ་པའི་ཕྱོགས་བསྡུས་གནམ་གཤིས་ལས་སྒོའི་རྩལ་ནུས་འགྲན་བསྡུར་ཁྲོད“མི་སྒེར་གྱི་ཀུན་ནུས་བྱ་དགའ་རིམ་པ་དང་པོ”ཐོབ་པ་དང“རང་སྐྱོང་ལྗོངས་གནམ་གཤིས་ལས་རིགས་རྩལ་ནུས་འཇོན་ཐང་ཅན”ལ་འདེམས་མྱོང་ཡོད།

    ཚེ་རིང་ཕུན་ཚོགས། ཕོ། བོད་རིགས། 1965ལོའི་ཟླ་9པར་སྐྱེས། ཀྲུང་གུང་ཏང་ཡོན། སློབ་ཆེན་དངོས་གཞིའི་ཚན་ཁག་གི་སློབ་རྒྱུས། ད་ལྟ་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་མི་རིགས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་དང་ཞིབ་འཇུག་པ་ཡིན། ཁོང་ཚན་རིག་ཞིབ་འཇུག་ལས་གནས་སུ་ཞུགས་ནས་ལོ་30ཡི་རིང་ཚན་རིག་ཞིབ་འཇུག་གི་ལས་སྒོའི་ཆུ་ཚད་མཐོ་བ་དང་རིག་གཞུང་གི་རིན་ཐང་ཅུང་ཆེན་པོ་ལྡན་པའི《བོད་ཀྱི་དམངས་སྲོལ་གྱི་བླང་དོར་གསལ་བའི་སྒྲོན་མེ》དང《བོད་ཀྱི་གཉེན་སྲོལ་རགས་བསྡུས》སོགས་ཆེད་རྩོམ་10ལྷག་ཙམ་བཏོན་ཡོད། དཔྱད་གཞི་མང་པོ་ཞིག་ལ་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཕུལ་བྱུང་ཚན་ཞིབ་གྲུབ་འབྲས་བྱ་དགའ་ཐོབ་ཡོད། 2012ལོར་ཁོང་རང་སྐྱོང་ལྗོངས་ཀྱི“ལྔ་བྱས་པ་གཅིག”གི་ཤེས་ལྡན་མི་སྣར་བདམས་པ་དང་། 2013ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ལོངས་སྤྱོད་ཐུབ་པ། 2015ལོར་རྒྱལ་ཁབ་རིམ་པའི་རིག་གནས་མཁས་ཅན་དང“བཞི་བྱས་པ་གཅིག”གི་ཤེས་ལྡན་མི་སྣར་བདམས་པ། 2016ལོར་རྒྱལ་ཁབ་ཀྱི“མི་ཁྲིའི་འཆར་གཞིའི”མཚན་ཉིད་རིག་པ་སྤྱི་ཚོགས་ཚན་རིག་གི་སྣེ་ཁྲིད་ཤེས་ལྡན་མི་སྣར་བདམས་ཡོད།

    བློ་མཐུན་ཚེ་རིང་ཕུན་ཚོགས“ཕུལ་བྱུང་གུང་ཁྲན་ཏང་ཡོན”དང“རང་སྐྱོང་ལྗོངས་མི་རིགས་ཁག་གི་གཞོན་ནུ་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་མི་སྒེར”ལ་འདེམས་མྱོང་ཡོད།

    ལིའུ་ཞའོ་མིང་། ཕོ། རྒྱ་རིགས། 1961ལོའི་ཟླ་3པར་སྐྱེས། ཀྲུང་གུང་ཏང་ཡོན། བཟོ་ཚོང་དོ་དམ་གྱི་རབ་འབྱམས་པ། མཐོ་རིམ་ལག་རྩལ་ཆེ་མོ་བ། ད་ལྟ་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཏང་ཙུའི་ཧྲུའུ་ཅི་ཡིན། ཁོང་གི་སྣེ་ཁྲིད་འོག་2015ལོར་མཚོ་བོད་ས་མཐོའི་ཐད་རྒྱུག་གློག་རྒྱུན་གྱི་གློག་ཤུགས་ཕྱིར་གཏོང་མངོན་འགྱུར་བྱུང་བ་དང“ལོ་ལྔ་ཚན་བཅུ་གཉིས་པའི”རིང་རིམ་རྩིས་བརྒྱབ་ན། གློག་དྲར་མ་འཇོག་སྒོར་དུང་ཕྱུར་338.16ལེགས་སྒྲུབ་བྱས་པ་དང་། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས་39.21%འཕར་བ། གློག་དྲ་གཙོ་བོ་ཁྱབ་ཚད་རྫོང་32ནས་རྫོང་59བར་མང་དུ་ཕྱིན་པ། གློག་སྤྱོད་དུད་ཚང་ཁྲི་31.3དང་མི་ཁྲི་132.7མང་དུ་ཕྱིན་པ། རྒྱལ་ཁབ་གློག་དྲ་གཉེར་སྐྱོང་ཁུལ་ནང་ཁོངས་ཀྱི་དུད་ཚང་ཚང་མར་གློག་ཁྲིད་པ། གློག་ཕྱིར་ཚོང་བྱེད་ཚད་ཆུ་ཚོད་ཆན་ཝཱ་དུང་ཕྱུར་17ནས་ཆུ་ཚོད་ཆན་ཝ་དུང་ཕྱུར་41.88བར་མང་དུ་ཕྱིན་པ་དེ་2016ལོའི་དུས་མཚུངས་ལས་21.78%འཕར་བ་དང་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

    བློ་མཐུན་ལིའུ་ཞའོ་མིང“རྒྱལ་ཁབ་གློག་དྲ་ཀུང་སིས་བོད་ཀྱི་ཤེས་ལྡན་མི་སྣར་རོགས་སྐྱོར་བྱེད་པའི་སྔོན་ཐོན་ལས་དོན་པར”འདེམས་མྱོང་ཡོད་ལ། “ཕུལ་བྱུང་གུང་ཁྲན་ཏང་ཡོན”ལ་ཐེངས་མང་འདེམས་མྱོང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།