དབུ་ཤོག>སྲིད་དོན།
  • རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའ་ཐོབ་མཁན། (མི་7)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-05-03

    རྒྱགས་ལོད། ཕོ། བོད་རིགས། 1978ལོའི་ཟླ་8པར་སྐྱེས། ཀྲུང་གུང་ཏང་ཡོན། སློབ་ཆུང་སློབ་མའི་སློབ་རྒྱུས། ལྷོ་ཁ་གྲོང་ཁྱེར་ཟངས་རི་དར་རྒྱས་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་ཡིན། བོད་ལྗོངས་མངའ་རིས་ས་ཁུལ་དྲག་ཆས་ཉེན་རྟོག་མཐའ་སྲུང་ཉིང་ལག་རུ་ཁག་ཏུ་དམག་ཞབས་བྱེད་རིང་མང་ཚོགས་དང་འབྲེལ་འདྲིས་ཐུབ་པ་དང་མང་ཚོགས་ལ་རོགས་རམ་བྱས་པས་བྱ་དགའ་ཐེངས་མང་ཐོབ། དམག་ཞབས་ཐིམ་རྗེས་ཕྱི་ཕྱོགས་སུ་ལས་མིར་བསྐྱོད་དེ་འཕྲུལ་འཁོར་ཆེ་གྲས་བཀོལ་སྤྱོད་ལག་རྩལ་ཤེས་པ་དང་སློབ་མ་ཉར་འགོ་ཚུགས། དེ་ནས་སློབ་མ་ཁྲིད་དེ་ས་ཁུལ་ཁག་ཏུ་ལས་མིར་བསྐྱོད་ནས་རིམ་བཞིན་ཕྱུག་པོར་གྱུར། ཁོང་གིས་མི་གཞན་ཕྱུག་པོར་འགྱུར་ཆེད། 2014ལོར་ཕ་ཡུལ་དུ་ལོག་ནས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ་ལས་མེད་གཞོན་ནུ་དང་དུད་ཚང་དབུལ་པོ་མཉམ་ལས་ཁང་ནང་བསྡུས་ནས་ཁོང་ཚོར་ཕྱུག་འགྱུར་འབབ་འཕར་ཡོང་བ་བྱས་པ་དང་དུད་ཚང་དབུལ་པོ་10ལྷག་ཙམ་དབུལ་སྒྲོལ་ཐུབ། 2015ལོར་འགྲིམ་འགྲུལ་སྟབས་བདེ་མེད་པའི་གནད་དོན་ཐག་གཅོད་བྱ་ཆེད། ཁོང་གིས་སྒོར་17000ལྷག་ཙམ་བཏང་ནས་གཞུང་ལམ་ཉམས་བཟོ་བྱས།

    བློ་མཐུན་རྒྱཌ་ལོད“ཟངས་རི་རྫོང་གི་ཕུལ་བྱུང་ཕྱིར་སྐྱོད་ལས་མིར”བདམས་པ་དང་2016ལོར“བོད་ཀྱི་ལྔ་གཅིག་ངལ་རྩོལ་བྱ་དགའ”ཐོབ།

    བཀྲ་ཤིས་ནོར་ཆོས། ཕོ། བོད་རིགས། 1986ལོའི་ཟླ་8པར་སྐྱེས། ཀྲུང་གུང་ཏང་ཡོན། སློབ་འབྲིང་སློབ་མའི་སློབ་རྒྱུས། བོད་རང་སྐྱོང་ལྗོངས་གཞུང་ལམ་ཅུས་ལྷ་གོང་གནམ་ཐང་མྱུར་བགྲོད་གཞུང་ལམ་དོ་དམ་ཡན་ལག་ཅུས་གསང་མདའ་བདག་སྐྱོང་ས་ཚིགས་ཀྱི་ཀྲེན་ཀྲང་གཞོན་པ། ཁོང་གིས“བརྒྱུད་རོགས་ཁྲིད་གསུམ”གྱི་ནུས་པ་འདོན་སྤེལ་བྱས་ཏེ་རང་ཉིད་ཀྱི་ཤེས་པའི་ལག་རྩལ་རྣམས་སྒེར་སེམས་མེད་པར་ཉེ་འགྲམ་གྱི་ལས་རོགས་ཚོར་བསླབས་ཐོག་འཕྲལ་སྡོམ་ཡན་ལག་རུ་ཆུང་བཙུགས་པ་དང་། ཁོང་གིས་འཕྲལ་སྡོམ་ཡན་ལག་རུ་ཆུང་གི་སྣེ་ཁྲིད་དེ་མལ་གྲོ་གུང་དཀར་གྱི་རི་ཉིལ་བའི་འཕྲལ་སྡོམ་ཉེན་སེལ་གུད་སྐྱོབ་དང་། རྒྱལ་ལམ་318ལམ་རྒྱུད་ཀྱི་སྙེ་མོ་རྫོང་གི་འདམ་རྡོའི་ཆུ་རུད་ཀྱི་འཕྲལ་སྡོམ་ཉེན་སེལ་གུད་སྐྱོབ། “4·25”ཡོམ་འགོག་གེགས་སེལ་གྱི་ཉེན་སེལ་གུད་སྐྱོབ་སོགས་ཀྱི་ལས་དོན་ཁྲོད་ཞུགས་པ་རེད། ཁོང་གིས་སྤྱིར་བཏང་གི་ལས་གནས་ཐོག་རླབས་ཆེན་བཏོད་དེ་བོད་ཀྱི་ལམ་སྐྱོང་ལམ་སྲུང་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ཡོད་པ་རེད།

    བློ་མཐུན་བཀྲ་ཤིས་ནོར་ཆོས“ཉེན་སེལ་གུད་སྐྱོབ་ཀྱི་སྔོན་ཐོན་ལས་དོན་པར”བདམས་པ་དང་། 2016ལོར“བོད་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས”ཐོབ།

    ཀྲང་ཀང་ཉིང་། ཕོ། རྒྱ་རིགས། 1985ལོའི་ཟླ་11པར་སྐྱེས། ཀྲུང་གུང་ཏང་ཡོན། དངོས་གཞིའི་སློབ་ཆེན་སློབ་རྒྱུས། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཆོས་ལུང་དགོན་དོ་དམ་ཨུ་ལྷན་གྱི་ཁོའོ་ཡོན། ལས་དོན་ཡག་པོ་སྒྲུབ་ཆེད་བློ་མཐུན་ཁོང་གིས་རྒྱུན་དུ་ངལ་གསོའི་དུས་ཚོད་བློས་བཏང་ནས་བོད་སྐད་སློབ་སྦྱོང་ནན་ཏན་བྱེད་པ་དང་། གྲྭ་བཙུན་གྱི་གཞི་རྩའི་གནས་ཚུལ་མཐིལ་རྟོགས་གྲལ་བཤེར་ཧུར་ཐག་བྱེད་པ། གྲྭ་བཙུན་ལ་ཡིག་ཚགས་བཟོས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད། ཁོང་གིས་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུགས་ཧུར་ཐག་བྱས་ཏེ་དགོན་པའི་དཔེ་དེབ་ཁང་བཙུགས་ནས་གྲྭ་བཙུན་གྱི་ལས་ཞོར་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ཡོད། དགོན་སྡོད་ལས་བྱེད་པ་ཡིན་པའི་བློ་མཐུན་ཀྲང་ཀང་ཉིང་གིས་ཐོག་མཐའ་བར་གསུམ་དུ་ཏང་དང་སྲིད་གཞུང་གི་མངགས་བཅོལ་སེམས་ལ་བརྟན་པོར་ངེས་པ་དང་ལས་གནས་ཐོག་ངལ་བ་ཁྱད་བསད་དང་། ངལ་འཁང་གཉིས་བཟོད། དཀའ་སྤྱད་སྡུག་རུས་ཀྱིས་ལས་ཀ་བྱས་ནས་དགོན་སྡོད་ལས་བྱེད་པའི་གཟུགས་བརྙན་བཟང་པོ་བཏོད་ཡོད།

    བློ་མཐུན་ཀྲང་ཀང་ཉིང“མི་རིགས་མཐུན་སྒྲིལ་སྔོན་ཐོན་མི་སྒེར”དང“གྲོང་ཁྱེར་རིམ་པའི་ཕུལ་བྱུང་དགོན་སྡོད་ལས་བྱེད་པར”བདམས་ཡོད།

    ཝུའེ་ཕིང་། ཕོ། རྒྱ་རིགས། 1966ལོའི་ཟླ་11པར་སྐྱེས། ཀྲུང་གུང་ཏང་ཡོན། དམའ་རིམ་སློབ་འབྲིང་གི་སློབ་རྒྱུས་ལྡན། བོད་ལྗོངས་ཉིང་ཁྲི་འཁེལ་འཐག་བཟོ་གྲྭའི་སྡེ་ལས་དོ་དམ་པུའི་ཅིང་ལི་གཞོན་པ་དང་མཐོ་རིམ་གློག་ལས་བཟོ་པ་ཡིན། བློ་མཐུན་ཝུའེ་ཕིང་1981ལོར་ཉིང་ཁྲི་འཁེལ་འཐག་བཟོ་གྲྭར་འཛུལ་ཚུན་ལས་གནས་གང་དུ་ཡོད་ཀྱང་ཐོག་མཐའ་བར་གསུམ་དུ་བཟོ་ཁུལ་གྱི་ལས་བཟོ་དང་སྡོད་ཁང་གི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་རང་ཉིད་ཀྱི་འགན་འཁྲི་དང་པོ་དང་རྩ་བའི་ལས་འགན་དུ་བརྩི་གི་ཡོད། ཆུ་དང་གློག་ཆད་པ་དང་མདོང་ལམ་འགག་པ་སོགས་ཀྱི་གནས་ཚུལ་ཐོན་སྐབས་རང་ངོས་མས་ཉམས་བཟོ་བྱས་ཏེ་བཟོ་ཁུལ་གྱི་ཆུ་སྦུག་འགོག་མེད་ཤར་བགྲོད་དང་གློག་འགན་ལེན་ཐུབ་པ་བྱས་པར་བརྟེན་ཆུ་དང་གློག་སྤྱོད་མང་བའི་སྐབས་སུའང་ཆུ་དང་གློག་ཆད་པ་བྱུང་མེད། བློ་མཐུན་ཝུའེ་ཕིང་གིས་ཐོག་མཐའ་བར་གསུམ་དུ་གཞི་རིམ་དུ་ལས་ཀ་བྱས་ནས་རང་ཉིད་ཀྱི་ཧུར་ཐག་འབད་ཐག་གི་སྤྱོད་ཚུལ་བཟང་པོ་དང་བྱང་ཆུབ་པའི་ལས་སྒོའི་འཇོན་ཐང་ལ་བཟོ་གྲྭའི་ལས་བྱེད་པ་ཡོངས་ཀྱི་གདེང་འཇོག་དང་ཁས་ལེན་ཐོབ་ཡོད།

    བློ་མཐུན་ཝུའེ་ཕིང་ལ་ཉིང་ཁྲི་འཁེལ་འཐག་བཟོ་གྲྭའི“ཕུལ་བྱུང་གུང་ཁྲན་ཏང་ཡོན”དང“སྔོན་ཐོན་ལས་དོན་པའི”མཚན་སྙན་ཐེངས་མང་ཐོབ་ལ། 2015ལོར“བོད་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས”ཐོབ།

    ཀོན་ཤིན་ཧྥེ། ཕོ། རྒྱ་རིགས། 1969ལོའི་ཟླ་3པར་སྐྱེས། སློབ་ཆེན་གྱི་དངོས་གཞིའི་ཚན་ཁག་གི་སློབ་རྒྱུས་ལྡན། བོད་ལྗོངས་གཙང་ཡོན་ནས་ཆང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་དང་སྤྱི་ཁྱབ་ཅིང་ལི་གཅིག་ལྕོགས་དང་བཟའ་བཅའ་ཞིབ་དཔྱད་པ་ཡིན། བློ་མཐུན་ཀོན་ཤིན་ཧྥེས་2004ལོར་བོད་ལྗོངས་གཙང་ཡོན་ནས་ཆང་ཚད་ཡོད་ཀུང་སི་བཙུགས་པ་ནས་དེའི་སྣེ་ཁྲིད་དེ་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་ཀྱི་ཐོན་སྐྱེད་རིན་ཐང་ཁྱོན་སྒོར་དུང་ཕྱུར་10ཙམ་ཟིན་པ་དང་ཞིང་འབྲོག་པ་4000ཙམ་གྱི་སྣེ་ཁྲིད་དེ་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱས་ནས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཆིག་སྟོང་ལྷག་གི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ཡོད། ཁོང་གིས“གཙང་ཡོན”སྤུས་རྟགས་དེ་ཀྲུང་གོའི་གྲགས་ཅན་ཚོང་རྟགས་དང་། བོད་ཀྱི་གྲགས་ཅན་ཚོང་རྟགས། ལྗོངས་ཕྱི་ནང་གི་གྲགས་ཅན་སྤུས་རྟགས་བཅས་ལ་འགྱུར་བ་བྱས་ཏེ་ལོ་རེའི་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར་3ལས་བརྒལ་ཡོད། བློ་མཐུན་ཀོན་ཤིན་ཧྥེས་སྔ་རྗེས་སུ་སྤྱི་ཚོགས་སྤྱི་ཕན་སོགས་ཐད་མ་དངུལ་སྒོར་ཁྲི་500ལྷག་ཙམ་བཏང་ཡོད།

    བློ་མཐུན་ཀོན་ཤིན་ཧྥེ“རྒྱལ་ཡོངས་ཀྱི་ཤང་གྲོང་ཁེ་ལས་ཀྱི་ཚན་རྩལ་ལས་དོན་གྱི་སྔོན་ཐོན་མི་སྒེར”དང“བོད་ཀྱི་སྐབས་དང་པོའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་འཛུགས་སྐྲུན་པར”བདམས་ཡོད།

    དབྱངས་ཅན། མོ། བོད་རིགས། 1965ལོའི་ཟླ་5པར་སྐྱེས། ཀྲུང་གུང་ཏང་ཡོན། རབ་འབྱམས་པ། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་འབྲོག་ལས་ཕྱུགས་རིགས་སྨན་པ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ། ལོ་30རིང་བློ་མཐུན་དབྱངས་ཅན་གྱིས་ལུག་རྒྱུད་སྤེལ་དང་རྒྱུད་པ་ལེགས་གཏོང་སོགས་ཀྱི་ཞིབ་འཇུག་ལས་ལ་གཞོལ་བ་དང་། རང་སྐྱོང་ལྗོངས་ལུག་གི་རྒྱུད་པ་ལེགས་གཏོང་འཆར་འགོད་སོགས་རང་སྐྱོང་ལྗོངས་ལུག་གི་ཐོན་ལས་ཆེད་དོན་འཆར་འགོད་30སྔ་རྗེས་སུ་ལེགས་གྲུབ་བྱས་ཤིང་། རྒྱལ་རྩེ་སོགས་སུ་ཚན་རྩལ་དཔེ་སྟོན་རྟེན་གཞི་3བཙུགས་ནས་ལུག་རྒྱུད་བཟང་ཁྱོན་བསྡོམས་མགོ་གྲངས་10000ལྷག་ཙམ་དཔེ་སྟོན་ཁྱབ་གདལ་བཏང་ནས་དཔལ་འབྱོར་ཕན་འབྲས་ཁྱོན་བསྡོམས་སྒོར་ཁྲི་15040བཏོད་ཡོད།

    བློ་མཐུན་དབྱངས་ཅན“རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྒེར”ལ་བདམས་པ་དང་2016ལོར“བོད་ཀྱི་ལྔ་གཅིག་ངལ་རྩོལ་བྱ་དགའ”ཐོབ།

    དབང་ཕྱུག ཕོ། བོད་རིགས། 1988ལོའི་ཟླ་10པར་སྐྱེས། ཀྲུང་གུང་ཏང་ཡོན། སློབ་ཆེན་དངོས་གཞིའི་ཚན་ཁག་གི་སློབ་རྒྱུས་ལྡན། ཀྲུང་གུང་འབྲོང་པ་རྫོང་ནག་ཆུ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡིན། བློ་མཐུན་དབང་ཕྱུག་ལས་ཀར་ཞུགས་ཚུན་གཞི་རིམ་དུ་གཞི་ཚུགས་ནས་གཞི་རིམ་གྱི་བྱ་གཞག་དང་། གྲོང་སྡོད་ལས་དོན། འབྲོག་པ་མང་ཚོགས་བཅས་ལ་དགའ་ཞེན་ཚད་མེད་བྱེད་པ་མ་ཟད་དཀའ་སྤྱད་སྙིང་རུས་དང་། སྒེར་སེམས་མེད་པར་ལས་དོན་སྒྲུབ་ཀྱི་ཡོད་ལ། གཞི་རིམ་ཏང་འཛུགས་སྐྱོང་དང་། བརྟན་ལྷིང་སྲུང་སྐྱོང་། དམངས་འཚོ་ལེགས་བཅོས་སོགས་ཀྱི་ལས་དོན་ལ་ཧུར་ཐག་ཞུགས་ཀྱི་ཡོད།

    བློ་མཐུན་དབང་ཕྱུག“ཕུལ་བྱུང་གུང་ཁྲན་ཏང་ཡོན”དང་། “ཕུལ་བྱུང་གཞུང་ཞབས་པ” “རང་སྐྱོང་ལྗོངས་རིམ་པའི་ཕུལ་བྱུང་གྲོང་སྡོད་ལས་དོན་རུ་མི”བཅས་ལ་བདམས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།