དབུ་ཤོག>སྲིད་དོན།
  • 2017ལོའི་བོད་ཀྱི་ལྔ་གཅིག་ངལ་རྩོལ་གྱི་གཟེངས་རྟགས་ཐོབ་མཁན། (མི་34)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-05-03

    ནོར་བུ་ཚེ་རིང་། ཕོ། བོད་རིགས། 1982ལོའི་ཟླ་3པར་སྐྱེས། དམའ་རིམ་སློབ་འབྲིང་གི་སློབ་རྒྱུས། བོད་ལྗོངས་ཤིན་ཧུའུ་གཏེར་ལས་ཚད་ཡོད་ཀུང་སིའི་ཁ་ལོ་བ་ཡིན། བློ་མཐུན་དེས་དཀའ་ཚེགས་ཆེ་བ་དང་གནམ་གཤིས་ངན་པའི་ས་མཐོའི་གཏེར་ཁུལ་དུ་ལོ་མང་ལས་ལ་གཞོལ་ཏེ་རང་ཉིད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་པ་དང་ཀུང་སི་དང་གཏེར་ཁུལ་མང་ཚོགས་ཀྱི་སྦྲེལ་ཟམ་ལྟ་བུ་བྱས་ནས་དགོས་མེད་ཀྱི་འགལ་བ་སེལ་བ་དང་གཏེར་ཁུལ་གྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱས་པས་ས་གནས་འདི་གའི་མང་ཚོགས་ཀྱི་བརྩི་འཇོག་དང་ཀུང་སིའི་ཁས་ལེན་ཐོབ། 2015ལོར་ཁོང་གིས་གཏེར་རྡོ་ལོག་ཚོང་རྒྱག་རྒྱུ་དང་ལེན་མི་བྱེད་པ་དང་ལོག་ཚོང་བྱེད་སྤྱོད་གཏན་འགོག་བྱས་ནས་ཀུང་སིར་སྒོར་ཁྲི་3000ལྷག་ཙམ་གྱི་གྱོང་གུན་མི་ཕོག་པ་བྱས་ཡོད། ཁོང་གིས་ལོ་བཅུ་གཉིས་རིང་དོ་དོ་ཏན་ཏན་ངང་ལས་ཀ་བྱས་ནས་ཁེ་ལས་ཀྱི་འཕེལ་རྒྱས་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

    བློ་མཐུན་ནོར་བུ་ཚེ་རིང་ཀུང་སིའི“སྔོན་ཐོན་ལས་དོན་པ”དང“ངལ་རྩོལ་འཇོན་ཐང་ཅན”ལ་བདམས་ཡོད།

    བཟང་མོ། མོ། བོད་རིཌ། 1962ལོའི་ཟླ་7པར་སྐྱེས། སློབ་ཆུང་གི་སློབ་རྒྱུས། བོད་ལྗོངས་ལྷ་སྤྲེལ་སྨན་ལས་ཚད་ཡོད་འགན་འཁྲི་ཀུང་སིའི་སྨན་རྫས་རྒྱུ་ཆ་མཛོད་ཀྱི་སྨན་རྒྱུ་འདེམས་མཁན་ཡིན། སྨན་རྒྱུར་བཞའ་ཚན་འགོག་པའི་ལས་གནས་ཐོག་དབོར་འདྲེན་གྱི་ལས་འགན་ལྕི་ཡང་ཁོང་གིས་བླང་བྱ་གཞིར་བཟུང་། ཉིན་ལྟར་སྨན་རྒྱུ་གྲི་སྐམ་དང་ཉི་སྐམ་བཏང་ནས་སྨན་རྒྱུ་ལས་སྣོན་གྱི་དགོས་མཁོ་སྐོང་ཐུབ་པ་བྱེད་ཀྱི་ཡོད། སྨན་རྫས་ཐུམ་རྒྱག་གི་ལས་གནས་ཐོག་སྨན་རྫས་རྒྱང་རིང་ནས་དབོར་བའི་དགོས་མཁོ་སྐོང་ཆེད། ཁོང་གིས་སྨན་རྫས་ཐུམ་རྒྱག་ཚོད་ལྟ་ཐེངས་བཅུ་ལྷག་ཙམ་བྱས་ཏེ་མཐར་ཚད་ལོན་སྨན་རྫས་ཐུམ་རྒྱག་བྱེད་སྟངས་གཏན་འཁེལ་བྱས་ཡོད། མཛོད་ཁང་དོ་དམ་པའི་ལས་གནས་ཐོག་ཁོང་གིས་སྨན་རྫས་དུས་ཐོག་ཏུ་སྤྲོད་པ་དང་བེད་མེད་སྨན་རྫས་ཐག་གཅོད་ལས་ཀ་ཧུར་ཐག་བྱས་ཏེ་སྨན་རྫས་ཉུང་དྲགས་པ་དང་སྨན་རྫས་ནོར་ནས་སྤྲད་པའི་གནས་ཚུལ་རྩ་བ་ནས་ཐོན་མྱོང་མེད། སྨན་རྒྱུ་འདེམས་པའི་ལས་གནས་ཐོག་ཁོང་གིས་སྨན་རྒྱུ་300ལྷག་ཙམ་བློ་ལ་བརྟན་པོར་ངེས་ནས་སྨན་རྒྱུ་འདེམས་པའི་ལས་ཕྱོད་ཆེ་རུ་བཏང་ཡོད།

    བློ་མཐུན་བཟང་མོ་ཀུང་སིའི“ཕུལ་བྱུང་ལས་བཟོར”ཐེངས་མང་བདམས་པ་དང་2016ལོར“གཞིས་རྩེ་གྲོང་ཁྱེར་གྱི་ངལ་རྩོལ་དཔེ་བཟང”བདམས་ཡོད།

    བསོད་ནམས་དོན་གྲུབ། ཕོ། བོད་རིགས། 1973ལོའི་ཟླ་6པར་སྐྱེས། ཀྲུང་གུང་ཏང་ཡོན། དམའ་རིམ་སློབ་འབྲིང་གི་སློབ་རྒྱུས། ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་གོང་སྟོང་གྲོང་ཚོའི་ཞིང་པའི་ཨར་ལས་རུ་ཁག་གི་རུ་དཔོན་ཡིན། བློ་མཐུན་བསོད་ནམས་དོན་གྲུབ་ཀྱིས་རང་འགུལ་ངང་དཔལ་འབྱོར་གྱི་ཡོང་ཁུངས་མེད་པའི་དཀའ་ངལ་ཡོད་པའི་མང་ཚོགས་ཨར་ལས་རུ་ཁག་ཏུ་བཅུག་ཅིང་། ཁ་ལོ་བའི་ལག་རྩལ་སྦྱོང་དུ་བཅུག་པ་དང་སློབ་ཡོན་ཚང་མ་ཁོང་གིས་སྤྲད་དེ་མིག་སྔའི་བར་ཁོང་གིས་དུད་ཚང་དབུལ་པོ་སོགས་ལ་དངུལ་དང་དངོས་པོ་སྒོར་ཁྲི་81ལྷག་ཙམ་ཞལ་འདེབས་བརྒྱབ་ཡོད། བློ་མཐུན་བསོད་ནམས་དོན་གྲུབ་ཀྱི་སྣེ་ཁྲིད་འོག་ཨར་ལས་རུ་ཁག་གི་མ་རྩ་སྒོར་ཁྲི་66ནས་སྒོར་ཁྲི་300ལྷག་ཙམ་བར་མང་དུ་ཕྱིན་པ་དང་། ཞིང་འབྲོག་པ་130ལྷག་ཙམ་གྱི་ལས་ཞུགས་ཐག་གཅོད་བྱས་པ། ཞིང་འབྲོག་མང་ཚོགས་200ལྷག་ཙམ་གྱི་ཡོང་འབབ་འཕར་སྣོན་བྱུང་ཡོད།

    བློ་མཐུན་བསོད་ནམས་དོན་གྲུབ་ལྷོ་ཁ་ས་ཁུལ་གྱི་སྐབས་དང་པོའི“ཕུལ་བྱུང་ཞིང་འབྲོག་པ་གཞོན་སྐྱེས་བཅུ”དང་། “ལྷོ་ཁ་ས་ཁུལ་གྱི་སྐབས་དང་པོའི་ཕུལ་བྱུང་ཤེས་ལྡན་མི་སྣ”“ཕུལ་བྱུང་གུང་ཁྲན་ཏང་ཡོན”བཅས་ལ་བདམས་ཡོད།

    བུ་ལོ། ཕོ། བོད་རིགས། 1970ལོའི་ཟླ་6པར་སྐྱེས། ཀྲུང་གུང་ཏང་ཡོན། ཆེད་ཚན་སློབ་གྲྭ་ཆེན་མོའི་སློབ་རྒྱུས། ད་ལྟ་ཉིང་ཁྲི་གྲོང་ཁྱེར་སློབ་ཆུང་གཉིས་པའི་སློབ་སྤྱི་གཞོན་པའི་འགན་འཁུར་བ་དང་སློབ་ཆུང་གི་མཐོ་རིམ་དགེ་རྒན་ཡིན། སློབ་གྲྭ་ཡོངས་ཀྱི་སློབ་ཁྲིད་སྤུས་ཚད་ལེགས་སུ་གཏོང་ཆེད། ཁོང་གིས་སློབ་ཁྲིད་བགྲོ་གླེང་སློབ་ཚན་དང་། སློབ་ཁྲིད་ཉན་པ་སོགས་ཀྱི་བྱེད་སྒོ་ཐེངས་མང་སྒྲིག་འཛུགས་བྱས་ནས་སློབ་ཁྲིད་ཁྲོད་གནས་པའི་གནད་དོན་བཙལ་བ་དང་སློབ་ཁྲིད་བྱེད་སྟངས་དུས་ཐོག་ཏུ་ལེགས་སུ་བཏང་སྟེ་སློབ་ཁྲིད་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད། ཁོང་གིས་སྣོད་བསྟུན་སློབ་ཁྲིད་ལ་སྣང་ཆེན་བྱེད་པ་དང་སློབ་མའི་སྦྱངས་འབྲས་མི་འདྲ་བར་གཞིགས་ཏེ་སློབ་ཁྲིད་ཇུས་གཞི་བཟོས་པ་དང་ཁོང་གིས་ད་དུང་སློབ་དཔྱོད་ཚོགས་ཆུང་ལ་ཟུར་ཁྲིད་སོགས་བྱ་རྒྱུའི་ཁྲིད་སྟོན་ཧུར་ཐག་བྱས་ཏེ་སློབ་མའི་སྦྱངས་འབྲས་ལེགས་སུ་གཏོང་ཐབས་བྱས་ཡོད།

    བློ་མཐུན་བུ་ལོ“སྔོན་ཐོན་སློབ་གསོའི་ལས་དོན་པ”དང“ཕུལ་བྱུང་སློབ་སྤྱིར”བདམས་ཡོད།

    ཚུལ་ཁྲིམས་མཐར་ཕྱིན། ཕོ། བོད་རིགས། 1983ལོའི་ཟླ་2པར་སྐྱེས། ཀྲུང་གུང་ཏང་ཡོན། ཆེད་ཚན་སློབ་རྒྱུས། བོད་ལྗོངས་གཡུ་ལུང་ཟངས་གཏེར་ལས་རིགས་མ་རྐང་ཚད་ཡོད་ཀུང་སིའི་ཚུའེ་ཏེན་འཁོར་ཁང་གི་ཀྲུའུ་རེན། 2015ལོར་ཀུང་སིའི་བརླན་ཐབས་མ་ལག་ཏུ་ཚོད་ལྟའི་ཐོན་སྐྱེད་བྱེད་རིང་བློ་མཐུན་དེས་ཆུ་ཚོད་24བསྟུད་མར་ལས་ཡུལ་དངོས་བསྲུངས་ནས་གནད་དོན་དབྱེ་ཞིབ་ནན་ཏན་བྱས་ཏེ་རྒྱུ་རྐྱེན་བཙལ་ནས་ཐོན་སྐྱེད་སྒྲུབ་རིམ་རྒྱུན་གཏན་ངང་འཁོར་སྐྱོད་ཐུབ་པ་བྱས་པ་རེད།

    བློ་མཐུན་ཚུལ་ཁྲིམས་མཐར་ཕྱིན“ནུབ་རྒྱུད་གཏེར་རིགས་ཚོགས་པ་ཚད་ཡོད་ཀུང་སིའི་ཕུལ་བྱུང་ལས་བྱེད་པ”དང་ཀུང་སིའི“ངལ་རྩོལ་དཔེ་བཟང”ལ་ཐེངས་མང་འདེམས་མྱོང་ཡོད།

    ལི་ཡུང་ཅང་། ཕོ། རྒྱ་རིགས། 1975ལོའི་ཟླ་2པར་སྐྱེས། ཆེད་ཚན་སློབ་རྒྱུས། ལྷ་རི་རྫོང་གློག་འདོན་ཚད་ཡོད་ཀུང་སིའི་གློག་ཁང་འཁོར་སྐྱོད་ཞིབ་བཤེར་པུའི་རིམ་པ་གཉིས་པའི་གློག་འདོན་ས་ཚིགས་ཀྱི་ཀྲེན་ཀྲང་། ལི་ཡུང་ཅང་གིས་གློག་ལས་ཤེས་བྱ་ཧུར་ཐག་སྦྱངས་ནས་རང་འགུལ་ངང་ལག་རྩལ་ཉམས་གསོའི་འགན་ཁུར་བ། ལས་མི་གསར་པས་སྒྲིག་ཆས་ལ་རྒྱུས་མངའ་གང་མགྱོགས་ཡོང་བ་དང་རྩལ་ནུས་ཀྱི་ཆུ་ཚད་མཐོ་རུ་གཏོང་ཆེད། ཁོང་གིས་ལས་མི་གསར་པར་གློག་ལས་ཤེས་བྱ་སློབ་ཁྲིད་བྱས་པ་མ་ཟད། ཁོང་གི་འབད་བརྩོན་ལྷོད་མེད་འོག་གློག་འདོན་ས་ཚིགས་འདི་ཉིད་ཕྱོགས་ཡོངས་ཚད་ལྡན་ཅན་གྱི་ཚད་ལོན་ཞིབ་བཤེར་རྩིས་ལེན་ཐུབ་ཡོད།

    བློ་མཐུན་ལི་ཡུང་ཅང་ཀུང་སིའི“ངལ་རྩོལ་དཔེ་བཟང”དང“ཕུལ་བྱུང་ལས་བྱེད་པ”ལ་འདེམས་མྱོང་ཡོད།

    ཁྲེན་ཅེ། ཕོ། རྒྱ་རིགས། 1978ལོའི་ཟླ་10པར་སྐྱེས། མཐོ་འབྲིང་སློབ་རྒྱུས། བོད་ལྗོངས་གཞིས་རྩེ་མཐོ་གསར་གངས་ལྷ་ཨར་འདམ་ཚད་ཡོད་ཀུང་སིའི་སྤུས་ཚད་ཚོད་འཛིན་པུའི་པུའུ་ཀྲང། ཁོང་གིས་སྤུས་ཚད་ནི་ཐམས་ཅད་ལས་ལྷག་པར་བརྩིས་ཏེ་རང་འགུལ་ངང་ཨར་འདམ་རྒྱུ་ཆ་འཚོལ་བ་དང་། ཚོད་ལྟ། ཚོད་ལྟའི་ཐོན་སྐྱེད་བཅས་ནས་ཐོན་སྐྱེད་དངོས་སུ་བྱེད་པའི་རྒྱུད་རིམ་གྱི་སྤུས་ཚད་དོ་དམ་གྱི་འགན་ཁུར་ནས་ཨར་འདམ་གྱི་སྤུས་ཚད་འགན་ལེན་བྱས་པ་མ་ཟད། ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་བྱུང་ནས་མ་གནས་གྲོན་ཆུང་བྱས་པ་རེད།

    བློ་མཐུན་ཁྲེན་ཅེ་ཧྭ་ཤིན་ཨར་འདམ(བོད་ལྗོངས)ཚད་ཡོད་ཀུང་སིའི“སྔོན་ཐོན་མི་སྒེར”དང་ཧྭ་ཤིན་ཨར་འདམ་མ་རྐང་ཚད་ཡོད་ཀུང་སིའི་ནུབ་རྒྱུད་ཁུལ་གྱི“ངལ་རྩོལ་དཔེ་བཟང་བར”འདེམས་མྱོང་ཡོད།

    ཆན་པིང་ཡུས། ཕོ། རྒྱ་རིགས། 1983ལོའི་ཟླ་10པར་སྐྱེས། ཀྲུང་གུང་ཏང་ཡོན། སློབ་ཆེན་དངོས་གཞིའི་ཚན་ཁག་གི་སློབ་རྒྱུས། ད་ལྟ་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གཞུང་ལས་ཁང་གི་ཀྲུའུ་རེན་ཁོའོ་ཡོན་ཡིན། གྲོང་སྡོད་བྱེད་རིང་། ལས་དོན་ཡག་པོ་སྒྲུབ་ཆེད་ཁོང་གིས་ས་ཆ་དེ་གའི་གྲོང་མི་དང་མཉམ་ཟ་མཉམ་སྡོད་བྱས་ཏེ་གྲོང་མིར་ཆུ་འཐག་ཉམས་བཟོ་བྱེད་རོགས་དང་། གྲོང་ཚོའི་འཐུང་ཆུ་དཀོན་པ་དང་འགྲོ་སྐྱོད་སྟབས་བདེ་མེད་པ་སོགས་ཀྱི་དཀའ་ངལ་བསལ་བ་མ་ཟད། ཆ་སྒྲིག་དུད་ཚང་དབུལ་པོར་རོགས་སྐྱོར་ཐེངས་མང་བྱས་ཏེ་ཁྱིམ་ཚང་དེའི་འཚོ་བའི་དཀའ་ངལ་བསལ་བ་རེད།

    བློ་མཐུན་ཆན་པིང་ཡུས“རང་སྐྱོང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་སྔོན་ཐོན་མི་སྒེར”དང“ཕུལ་བྱུང་གཞུང་ལས་པར”འདེམས་མྱོང་ཡོད།

    ཚེ་དཔག ཕོ། བོད་རིགས། 1955ལོའི་ཟླ་3པར་སྐྱེས། ཀྲུང་གུང་ཏང་ཡོན། དམའ་རིམ་སློབ་འབྲིང་གི་སློབ་རྒྱུས། སྨད་པ་ཤང་གྲོང་ཚོ་5པར་བཅའ་སྡོད་ཤན་རྩ་རྫོང་སྨད་པ་ཤང་མི་དམངས་སྲིད་གཞུང་གི་ལས་དོན་རུ་ཁག་གི་རུ་མི། བློ་མཐུན་ཚེ་དཔག་གིས་དུད་ཚང་དབུལ་པོ་35ཡི་སྣེ་འཁྲིད་དེ་དབུལ་སྐྱོར་རོགས་རེས་རྩ་འཛུགས་བཙུགས་པ་དང་། ངལ་ནུས་ཕྱིར་གཏོང་བྱ་རྒྱུ་སྒྲིག་འཛུགས། མ་དངུལ་གྲབས་གསོག་གིས་དབུལ་སྐྱོར་རོགས་རེས་རྩ་འཛུགས་ལ་འདྲུད་འཐེན་འཕྲུལ་འཁོར་ཉོས་པ། 《དབུལ་སྒྲོལ་འགག་སྒྲོལ་ལས་ཀའི་ཇུས་གཞི》བཟོས་པ། གྲོང་ཚོའི་ཀྲི་པུའི་ལྟ་སྐུལ་དོ་དམ་བྱ་རྒྱུ་ལག་བསྟར་བྱས་པ། རོགས་རེས་རྩ་འཛུགས་མཉམ་སྡེབ་ཐོག་གཉེར་སྐྱོང་བྱས་པ། དུད་ཚང་དབུལ་པོ་ཁག་བགོས་ཀྱིས་ཁེ་ཕན་ཐོབ་པའི་དོ་དམ་བྱེད་སྟངས་ལ་བརྟེན་ནས་གྲོང་མིའི་འབབ་འཕར་ཧུར་བརྩོན་རང་བཞིན་ཆེ་རུ་བཏང་ཡོད། མིག་སྔར་དབུལ་སྐྱོར་རྩ་འཛུགས་དེར་གཏན་འཇགས་རྒྱུ་ནོར་སྒོར་ཁྲི་50ལྷག་ཙམ་ཡོད་པ་དང་ལོ་ལྟར་བགོ་འགྲེམས་སྒོར་15000 སྤྲོད་ཀྱི་ཡོད།

    བློ་མཐུན་ཚེ་དཔག་རང་སྐྱོང་ལྗོངས་དང་ནག་ཆུ་ས་ཁུལ་གྱི“ཕུལ་བྱུང་གུང་ཁྲན་ཏང་ཡོན”ལ་འདེམས་མྱོང་བ་དང་། ཀྲུང་གོ་དབུལ་སེལ་བྱ་དགའ་རྩ་འཛུགས་ཨུ་ལྷན་གྱིས“ཀྲུང་གོའི་དབུལ་སེལ་བྱ་དགའི་མི་སེམས་འགུལ་བའི་བྱ་དགའ”སྤྲད་པ། ཀྲུང་གོ་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས“དབུལ་སྐྱོར་ཕོ་ཉའི” མཚན་སྙན་གནང་ཡོད།

    བསྟན་བཟང་། ཕོ། བོད་རིགས། 1961ལོའི་ཟླ་6པར་སྐྱེས། ཀྲུང་གུང་ཏང་ཡོན། དམའ་རིམ་སློབ་འབྲིང་གི་སློབ་རྒྱུས། བོད་ལྗོངས་མཚོ་ཆེན་རྫོང་ཞིང་འབྲོག་ཅུས་ཀྱི་བཟོ་པ། ཁོང་གིས2008ལོར་སྟོབས་ཆེན་གྲོང་ཚོའི་ཧྲུའུ་ཅིའི་ལས་རོགས་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་གཅིག་ལྕོགས་བྱས་པ་ནས་ད་བར་རིམ་རྩིས་བྱས་ན་མང་ཚོགས་ལ་དཀའ་གནད་23བསལ་བ་དང་། འགལ་བ་དང་རྩོད་གཞི་78བར་འདུམ་བྱས་པ། དམིགས་བསལ་དཀའ་ངལ་ཡོད་པའི་དུད་ཚང་3དང་ཆ་སྒྲིག་རོགས་སྐྱོར་བྱས་ནས་དབུལ་སྒྲོལ་དཀའ་སེལ་བྱེད་རོགས་བྱས་པ། རང་གི་དངུལ་ཁུག་ནས་དངུལ་སྒོར་ཁྲི་6ལྷག་ཙམ་བཏང་སྟེ་དམིགས་བསལ་དཀའ་ངལ་ཡོད་པའི་དུད་ཚང་8ལ་ར་ལུག་152ཉོས་ནས་སྤྲད་པ། བཅའ་སྡོད་གྲོང་ཚོར་སྨི་ངོས་གྲུ་250ཡོད་པའི་དྲོད་ཁང་ཞིག་སྐྲུན་རོགས་བྱས་ནས་ཚལ་དཀོན་པའི་མང་ཚོགས་ཀྱི་དཀའ་ངལ་བསལ་བ་རེད། གཞན་ཡང་ཁོང་གིས་འབྲོག་པའི་སྣེ་ཁྲིད་དེ་རྩྭ་མུའུ་500བཏབ་ནས་ས་གནས་དེ་གའི་དགུན་དཔྱིད་གཉིས་ཀྱི་གེགས་འགོག་གེགས་སེལ་གྱི་གཟན་རྩྭའི་གནད་དོན་ཐག་གཅོད་བྱས་ཡོད།

    བློ་མཐུན་བསྟན་བཟང“རྫོང་རིམ་པའི་སྔོན་ཐོན་གྲོང་སྡོད་ལས་དོན་རུ་མིའི”མཚན་སྙན་ཐོབ་མྱོང་བ་དང་2015ལོར“མངའ་རིས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས”ཐོབ་ཡོད།

    ཁྲེན་ཡུན་ཚའེ། ཕོ། རྒྱ་རིགས། 1951ལོའི་ཟླ་11པར་སྐྱེས། ཀྲུང་གུང་ཏང་ཡོན། མཐོ་རིམ་སློབ་འབྲིང་གི་སློབ་རྒྱུས། བོད་ལྗོངས་ལི་ཐའེ་ཁེ་ལས་ཚད་ཡོད་ཀུང་སིའི་ལག་རྩལ་པ་དང་མཐོ་རིམ་བཟོ་བཀོད་པ་ཡིན། ལས་དོན་སྒྲུབ་སྐབས་ཁོང་གིས“ཞབས་ཞུ་གོང་དུ་བཀུར་བ་དང་སྤུས་ཚད་ཨང་དང་པོ་ཡིན་པའི”དམིགས་ཡུལ་རྟག་ཏུ་བློ་ལ་བརྟན་པོར་བཅངས་ཏེ་ལས་གྲྭའི་སྤུས་ཚད་དང་བདེ་འཇགས་ཐོན་སྐྱེད་ལ་ཚད་མཐོའི་སྣང་ཆེན་བྱེད་པ་དང་། ལས་གྲྭའི་དོ་དམ་མ་ལག་དང་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། དོ་དམ་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་ཕུགས་ཕན་ལམ་སྲོལ་དང་ལས་དོན་པ་ཡོངས་ཀྱི་བདེ་འཇགས་དོ་དམ་མ་ལག་བཙུགས་པ། བདེ་འཇགས་སྤུས་ཚད་དོ་དམ་གྱི་སྒྲིག་སྲོལ་ལམ་ལུགས་ཁག་ལག་བསྟར་ནན་པོ་བྱེད་པ། ཨར་སྐྲུན་གྱི་བརྒྱུད་རིམ་ལ་ལྟ་སྐུལ་ནན་པོ་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་སྒྲིག་ཆས་ལེགས་སུ་བཏང་སྟེ་ལས་གྲྭའི་བདེ་འཇགས་ཐད་ལས་འཛོལ་མི་ཐོན་པའི་འགན་ལེན་དང་ཨར་སྐྲུན་གྱི་ལས་དོན་ཁག་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་སྤེལ་རྒྱུའི་འགན་ལེན་བྱས་ཏེ་དུས་བཀག་ལྟར་ལས་མཇུག་འགྲིལ་ནས་སྤྱོད་འགོ་ཚུགས་པ་རེད།

    བློ་མཐུན་ཁྲེན་ཡུན་ཚའེ“ཕུལ་བྱུང་གི་ཨར་སྐྲུན་དོ་དམ་མི་སྣར”འདེམས་མྱོང་ཡོད།

    ཨོ་བུ་ཆུང་། ཕོ། བོད་རིགས། 1979ལོའི་ཟླ་5པར་སྐྱེས། ཀྲུང་གུང་ཏང་ཡོན། སློབ་ཆེན་དངོས་གཞིའི་ཚན་ཁག་གི་སློབ་རྒྱུས། བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་སྤྱི་ཚོགས་འགན་སྲུང་མ་དངུལ་ལྟེ་གནས་ཀྱི་ཀྲུའུ་རེན་ཁོའོ་ཡོན་ཡིན། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་གཞི་རིམ་དུ་གཞི་ཚུགས་ནས་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱས་པ་དང་། བྲག་གཡབ་རྫོང་རྒྱུ་གཤོས་གྲོང་ཚོར་ཧྲུའུ་ཅི་ཨང་དང་པོའི་འགན་འཁུར་རིང་ས་ཆ་དེ་གའི་ཆུ་བེད་ཆུ་འདྲེན་གྱི་སྒྲིག་ཆས་ཉམས་བཟོ་བྱེད་རོགས་བྱས་པ་དང་། ཁོང་གིས་རྣམ་གྲངས་མ་དངུལ་སྒོར་ཁྲི་120རེ་ཞུ་བྱས་ནས་ཆུ་འདྲེན་དཀའ་བའི་དཀའ་ངལ་བསལ་བ་རེད། འབྲི་རུ་རྫོང་བྲག་ལྷས་གྲོང་ཚོའི་མང་ཚོགས་ལ་འབབ་འཕར་ཆེད། ཁོང་གིས་མང་ཚོགས་སྒྲིག་འཛུགས་བྱས་ཏེ་ལྷ་སར་ཚགས་ཤ་སྤུས་ལེགས་ཕྱིར་ཚོང་བྱས་པར་ཡོང་འབབ་སྒོར་ཁྲི་9ཙམ་བྱུང་ཡོད།

    བློ་མཐུན་ཨོ་བུ་ཆུང“རང་སྐྱོང་ལྗོངས་ཀྱི་སྔོན་ཐོན་གྲོང་སྡོད་ལས་དོན་རུ་མི”དང“རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་གྲོང་ཚོའི(སྡེ་ཁུལ)ཏང་ཀྲི་པུའི་ཧྲུའུ་ཅི་དང་པོར”འདེམས་མྱོང་ཡོད།

    ཏེང་ཅིན། ཕོ། རྒྱ་རིགས། 1978ལོའི་ཟླ་8པར་སྐྱེས། ཀྲུང་གུང་ཏང་ཡོན། སློབ་ཆེན་དངོས་གཞིའི་ཚན་ཁག་གི་སློབ་རྒྱུས། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བོད་རང་སྐྱོང་ལྗོངས་ཨུ་ལྷན་གཞུང་དོན་ཐིང་ཞིབ་འཇུག་ཁང་གི་ཀྲུའུ་རེན། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ་རང་འགུལ་ངང་ནག་ཆུ་རྫོང་ཡོས་ཆགས་ཤང་གྲོང་ཚོ་ལྔ་པར་གྲོང་སྡོད་བྱ་རྒྱུའི་སྙན་ཞུ་ཕུལ་བ་དང་། ཁོང་གིས་བཅའ་སྡོད་གྲོང་ཚོར་གཞོགས་འདེགས་ཀྱིས《བརྟན་ལྷིང་སྲུང་སྐྱོང་ལག་བསྟར་ཇུས་གཞི》དང《འཕྲལ་སྡོམ་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་སྔོན་ཇུས》འཐུས་སྒོ་ཚང་དུ་བཏང་བ་དང་། མང་ཚོགས་ཀྱིས་བཏོན་པའི་དཀའ་ངལ་དང་གནད་དོན་ལ་དམིགས་ཏེ་གྲོང་ཚོ“ཨུ་ལྷན་གཉིས”ལ་གཞོགས་འདེགས་ཀྱིས་གྲོང་ཚོ་ལྔ་པའི་འཕེལ་རྒྱས་འཆར་འགོད་ལ་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་བ། གྲོང་ཚོ་ཨུ་ལྷན་བསྐྱར་སྐྲུན་དང་སྒུལ་བདེའི་སྦྲེལ་ཚུགས་གསར་སྐྲུན་རྣམ་གྲངས་བརྩོན་ལེན་བཅས་བྱས་པ་མ་ཟད། ད་དུང་རང་གིས་འགྲོ་གྲོན་བཏང་ནས་དུད་ཚང་དབུལ་པོར་རོགས་སྐྱོར་འཚམས་འདྲི་ཡང་བྱས།

    བློ་མཐུན་ཏེང་ཅིན“ཕུལ་བྱུང་གུང་ཁྲན་ཏང་ཡོན”དང“ཕུལ་བྱུང་གཞུང་ལས་པར”འདེམས་མྱོང་ཡོད།

    ཉི་མ་སྒྲོལ་མ། མོ། བོད་རིགས། 1983ལོའི་ཟླ་8པར་སྐྱེས། ཀྲུང་གུང་ཏང་ཡོན། སློབ་ཆེན་དངོས་གཞིའི་ཚན་ཁག་གི་སློབ་རྒྱུས། གྲ་ནང་རྫོང་གྲ་ཐང་གྲོང་རྡལ་གྲ་ཐང་དགོན་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། ཁོང་གིས་དགོན་སྡོད་བྱས་ཚུན། ལས་གནས་བརྟན་སྲུང་གིས་ཏང་གི་ཆོས་ལུགས་སྲིད་ཇུས་དང་རྒྱལ་ཁབ་ཀྱིས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་ཁྲིམས་ལུགས་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། རང་འགུལ་ངང་དགོན་པ་དང་གྲྭ་བཙུན་ལ་བྱ་བ་དངོས་དང་བྱ་བ་བཟང་པོ་ཧུར་ཐག་བསྒྲུབས་པ། ཁོངས་གཏོགས་ཁུལ་གྱི་དགོན་པའི་གྲྭ་བཙུན་ཚང་མ་དང་གྲོགས་པོ་སྒྲིག་པ་མ་ཟད། རང་གིས་འགྲོ་གྲོན་བཏང་སྟེ་འཚམས་འདྲིའི་དངོས་ཟོག་ཉོས་ནས་གྲྭ་བཙུན་ལ་འཚམས་འདྲི་བྱས་ཏེ། དགོན་པའི་གྲྭ་བཙུན་གྱིས་རྒྱལ་གཅེས་ཁྲིམས་སྲུང་གི་གྲྭ་བཙུན་བཟང་པོ་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་དང་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་སྤེལ་གཏོང་ཕྱིར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

    བློ་མཐུན་ཉི་མ་སྒྲོལ་མ“རང་སྐྱོང་ལྗོངས་རིམ་པའི་ཕུལ་བྱུང་དགོན་སྡོད་ལས་བྱེད་པ”དང“ཕུལ་བྱུང་གཞུང་ལས་པར”འདེམས་མྱོང་ཡོད།

    བཀྲ་ཤིས། ཕོ། བོད་རིགས། 1979ལོའི་ཟླ་1པོར་སྐྱེས། ཀྲུང་གུང་ཏང་ཡོན། སློབ་ཆེན་དངོས་གཞིའི་ཚན་ཁག་གི་སློབ་རྒྱུས། སྒེར་རྩེ་རྫོང་སྒེར་རྩེ་གྲོང་རྡལ་བྲག་གྱམ་དགོན་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། ཁོང་གིས་མང་ཚོགས་ཁྲོད་དང་གཞི་རིམ་དུ་ཟབ་སྐྱོད་ཀྱིས་གཞི་རྩའི་གནས་ཚུལ་འབོར་ཆེན་ཁོང་དུ་ཆུད་པ་བྱས་ཏེ་རང་འགུལ་ངང་སྡེ་ཚན་ཁག་དང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་ཤེས་པའི་གནད་དོན་ལ་དུས་ཐོག་ཏུ་ཞིབ་འཇུག་དང་དུས་ཐོག་ཏུ་ཐེ་ཇུས་ཀྱིས་དགོན་པ་དང་ས་གནས་ཀྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་ནུས་ལྡན་བྱས་ཡོད། དགོནསྡོད་བྱེད་རིང་། བློ་མཐུན་བཀྲ་ཤིས་ཀྱིས་གྲྭ་བཙུན་གྱི་རིག་གནས་བྱང་ཚད་མཐོ་རུ་གཏོང་ཕྱིར་ལས་དོན་འབོར་ཆེན་བསྒྲུབས་པ་དང་རིག་གནས་ཁྱབ་གདལ་བྱེད་སྒོ་སྤེལ་ནས་ཡིག་རྨོངས་སེལ་བ་རེད།

    བློ་མཐུན་བཀྲ་ཤིས“ལྗོངས་ཡོངས་ཀྱི་ཕུལ་བྱུང་གུང་གཞོན་སྡེ་ཚོགས་ལས་བྱེད་པ”དང་། “རང་སྐྱོང་ལྗོངས་ཆོས་ལུགས་ལས་དོན་གྱི་ཕུལ་བྱུང་ལས་བྱེད་པ” “རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་དགོན་སྡོད་ལས་བྱེད་པ” “ཕུལ་བྱུང་གུང་ཁྲན་ཏང་ཡོན”བཅས་ལ་འདེམས་མྱོང་ཡོད།

    ཧོའུ་ཤིན་ལིན། མོ། རྒྱ་རིགས། 1972ལོའི་ཟླ་9པར་སྐྱེས། ཀྲུང་གུང་ཏང་ཡོན། མཆོག་རམས་པ། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་བྱིས་པའི་ཚན་ཁག་གི་ཀྲུའུ་རེན་དང་ཀྲུའུ་རེན་སྨན་པ་དཀའ་བཅུ་པ་ཡིན། ཁོང་གིས་ལྷན་སྐྱེས་རང་བཞིན་གྱི་མིད་པ་འགག་པ་དང་། མིད་པའི་གློ་ཡུ་ཡ་མ་གཟུགས་ཡོ་བསྲང་གཤགས་བཅོས་ཐོག་མ་བྱས་པ་དང་། ཁོང་གི་མཛུབ་ཁྲིད་འོག་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་བྱིས་པའི་ཚན་ཁག་གི་སྨན་པས་ཕྲུ་གུ་དམར་འབྱར་གྱི་གཡོ་རྒྱ་སྡེབ་སྒྲིག་གི་ཀླད་དཔྱད་གློག་རིག་སོགས་ཀྱི་ལག་རྩལ་ཁོང་དུ་ཆུད་པ་དང་འབྲེལ། ཕྲུ་གུ་དམར་འབྱར་གྱི་དབང་རྩ་འཚར་སྐྱེས་སྐབས་སུ་སྐབས་བསྟུན་སྐད་ཆ་དྲིས་ནས་བོད་ཀྱི་སྨན་བཅོས་བྱ་གཞག་འཕེལ་རྒྱས་ཆེད་ལེགས་སྐྱེས་ཕུལ་ཡོད།

    བློ་མཐུན་ཧོའུ་ཤིན་ལིན“པེ་ཅིང་སློབ་ཆེན་གྱི་སློབ་ཁྲིད་ཀྱི་མངོན་གསལ་དོད་པའི་ལེགས་སྐྱེས་བྱ་དགའ”དང“རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱི་སྔོན་ཐོན་དཔེ་མཚོན” “པེ་ཅིང་སློབ་ཆེན་གྱི་སྨན་ཁང་དང་པོའི་སྔོན་ཐོན་མི་སྒེར”བཅས་ཀྱི་བྱ་དགའ་ཐོབ་མྱོང་ཡོད།

    སྐལ་བཟང་ནོར་བུ། ཕོ། བོད་རིགས། 1976ལོའི་ཟླ་3པར་སྐྱེས། ཀྲུང་གུང་ཏང་ཡོན། ཆེད་ཚན་སློབ་རྒྱུས། བོད་ལྗོངས་མཁའ་ལམ་མ་རྐང་ཚད་ཡོད་ཀུང་སིའི་རྣམ་གྲངས་སྒྱུར་བཅོས་པུའི་ཅིང་ལི་དང་བཟོ་བཀོད་པ་ཡིན། བློ་མཐུན་སྐལ་བཟང་ནོར་བུས་རྟག་ཏུ་ས་བབ་སྨི་4500ཡན་གྱི་མཐོ་གྲང་ས་ཁུལ་དུ་འབད་འཐབ་བྱས་ཏེ་དཀའ་ཚེགས་ཆེ་བའི་ཨར་ལས་ཁོར་ཡུག་ཁྱད་བསད་ཀྱིས་ཉིན་ལྟར་ལས་ཀར་འབྱོར་སྔ་ཤོས་དང་ལོག་ཕྱི་ཤོས་ཡིན་པ་དང་། “གཏོར་བཤིག་མི་གཏོང་བ་ནི་སྲུང་སྐྱོང་ཆེ་ཤོས་ཡིན་པའི”ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང“ཁོར་ཡུག་སྲུང་སྐྱོང་གི་ལམ་བུ་དང་། ཕྱུག་འགྱུར་ལམ། ཡུལ་སྐོར་ལམ་བཅས་སྐྲུན་པའི”ས་གནས་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ་ལམ་རྒྱུད་ཀྱི་ཞིང་འབྲོག་པ་ཨར་སྐྲུན་ནང་ཞུགས་སུ་བཅུག་ནས་འབབ་འཕར་ཕྱུག་འགྱུར་བྱུང་བས་སྤྱི་ཚོགས་ཀྱི་བསྔགས་བརྗོད་བཟང་པོ་ཐོབ་ཡོད།

    བློ་མཐུན་སྐལ་བཟང་ནོར་བུ“ཁོར་ཡུག་སྲུང་སྐྱོང་གི་སྔོན་ཐོན་མི་སྒེར”དང“ཕུལ་བྱུང་ཏང་དོན་ལས་དོན་པའི”མཚན་སྙན་ཐོབ་མྱོང་ཡོད་པ་དང་། “ཀུང་སིའི་སྔོན་ཐོན་མི་སྒེར”ལ་ཐེངས་མང་འདེམས་མྱོང་ཡོད།

    ལྷག་པ་ནོར་རྒྱས། ཕོ། བོད་རིགས། 1971ལོའི་ཟླ་1པོར་སྐྱེས། ཀྲུང་གུང་ཏང་ཡོན། སློབ་ཆེན་དངོས་གཞིའི་ཚན་ཁག་གི་སློབ་རྒྱུས། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་ལས་ཐིང་ཡིག་སྒྱུར་ཁང་གི་ཀྲུའུ་རེན་ཡིན། ཁོང་གིས་འབྲི་རུ་རྫོང་གཡང་ཤོད་ཤང་ཡ་གོང་གྲོང་ཚོའི་ལས་དོན་རུ་ཁག་གི་རུ་དཔོན་གྱི་འགན་འཁུར་རིང་རང་བྱུང་གྲོང་ཚོ་ཁག་ལ་བསྐྱོད་དེ་མཐིལ་རྟོགས་བརྟག་དཔྱད་ཀྱི་ལས་དོན་སྤེལ་ནས་མང་ཚོགས་ལ་ཏང་གི་དྲིན་ཚོར་སློབ་གསོ་བཏང་ཡོད། ཁོང་གིས་སྒུལ་བདེ་ཀུང་སིར་གཞོགས་འདེགས་བྱས་ཏེ་ས་གནས་ས་ཐོག་གི་རྩད་ཞིབ་ལས་དོན་སྤེལ་ནས་རང་སྐྱོང་ལྗོངས་དང་ས་ཁུལ་གྱི་སྒུལ་བདེ་ཀུང་སི་དང་སྦྲེལ་མཐུད་ཧུར་ཐག་བྱས་ཏེ་སྦྲེལ་ཚུགས་འཛུགས་པའི་རྣམ་གྲངས་དེ་2017ལོའི་འཆར་འགོད་ནང་བཅུག་ནས་རང་བྱུང་གྲོང་ཚོའི་འཕྲིན་གཏོང་ཤར་གཏོང་མི་ཐུབ་པའི་གནད་དོན་ཐག་གཅོད་བྱས་ཡོད།

    བློ་མཐུན་ལྷག་པ་ནོར་རྒྱས“རང་སྐྱོང་ལྗོངས་བོད་ཡིག་སྤྱི་ཚོགས་སྤྱོད་ཡིག་གི་སྔོན་ཐོན་མི་སྒེར”ལ་འདེམས་མྱོང་ཡོད།

    ལུང་རིགས་རྒྱ་མཚོ། ཕོ། བོད་རིགས། 1966ལོའི་ཟླ་7པར་སྐྱེས། སློབ་ཆེན་དངོས་གཞིའི་ཚན་ཁག་གི་སློབ་རྒྱུས། བོད་ལྗོངས་གཡུ་དགེ་ཚང་བཟོ་ཚོང་ཚད་ཡོད་ཀུང་སིའི་གཉེར་ཚོང་པུའི་ཅིང་ལི། ཁོང་གིས་གཉེར་ཚོང་པུའི་ཅིང་ལིའི་འགན་ཁུར་བ་ནས་བཟུང་། ཐོན་ཟོག་སྤུས་རྟགས་ཀྱི་འབྲེལ་ཡོད་ཤེས་བྱའི་བདག་དབང་སྲུང་སྐྱོང་དང་། རང་སྐྱོང་ལྗོངས་ཀྱི་གྲགས་ཅན་ཚོང་རྟགས། ཀྲུང་གོའི་གྲགས་ཅན་ཚོང་རྟགས་སོགས་ཀྱི་འདུན་ཞུའི་ལས་དོན་སྒྲུབ་པ་དང་། ཀུང་སི་དེས་རྒྱལ་ཡོངས་སུ་ཐོན་ཟོག་ཆེད་ཚོང་ཁང་30ལྷག་ཙམ་བཙུགས་པ་མ་ཟད“བོད་རང་སྐྱོང་ལྗོངས་ཀྱི་གྲགས་ཅན་ཚོང་རྟགས”དང“ཀྲུང་གོའི་གྲགས་ཅན་ཚོང་རྟགས” “ཐོན་ཟོག་གི་ཕྱིའི་རྣམ་པའི་ཁེ་བེད་བདག་ཐོབ”རག་པ་དང་། “རྒྱལ་ཡོངས་ཀྱི་ཤེས་དཔལ་ཚན་པ”དང“རང་སྐྱོང་ལྗོངས་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི” “མི་རིགས་ཁྱད་ལྡན་ལག་ཤེས་བཟོ་རྩལ་གྱི་སྔོན་ཐོན་ཁེ་ལས”སོགས་ཀྱི་མཚན་སྙན་ཐོབ་པ་དང་། ཀུང་སིའི་ལོའི་ཕྱིར་ཚོང་མ་དངུལ་2012ལོའི་ཁྲི་2300ལྷག་ཙམ་ནས་ད་ཆའི་སྒོར་ཁྲི་4800བར་འཕར་ཡོད་པ་རེད།

    བློ་མཐུན་ལུང་རིགས་རྒྱ་མཚོ་ཀུང་སིའི“ཕུལ་བྱུང་ལས་བཟོ”དང“སྔོན་ཐོན་མི་སྒེར”ལ་འདེམས་མྱོང་ཡོད།

    ཀྲང་ཝུའེ་ཏུང་། ཕོ། རྒྱ་རིགས། 1972ལོའི་ཟླ་7པར་སྐྱེས། ཀྲུང་གུང་ཏང་ཡོན། འབྲིང་རིམ་ཆེད་ལས་ཀྱི་སློབ་རྒྱུས་། མཚོ་བོད་ལྕགས་ལམ་ཀུང་སི་ལྷ་ས་འཁོར་དོན་དུམ་བུའི་ལྷ་སའི་བབས་ཚུགས་ནུབ་མའི་ཀྲན་ཀྲང་གཞོན་པ། གཞིས་རྩེར“4·25”ས་ཡོམ་བརྒྱབ་རྗེས་གེགས་སྐྱོབ་དངོས་པོ་ལྷ་སའི་བབས་ཚུགས་ནུབ་མའི་མཛོད་ཁང་དུ་གཅིག་སྡུད་འབྱོར་རྗེས་ཁོང་གིས“ཏང་ཡོན་གྱི་འཕྲལ་སྒྲུབ་རུ་ཁག”སྒྲིག་འཛུགས་བྱས་ནས་གེགས་སྐྱོབ་དངོས་པོ“འབྱོར་འཕྲལ་བླུགས་པ་དང་སྐྱེལ་འཕྲལ་ཕབ་ནས”ཁྱོན་མེ་འཁོར་651ནང་གེགས་སེལ་དངོས་པོ་ཏུན་ཁྲི་3ཙམ་འབེབས་འཇུག་བྱས་པས་གེགས་སེལ་དངོས་པོ་དུས་ཐོག་ཏུ་གེགས་ཁུལ་དུ་དབོར་ཡོད།

    བློ་མཐུན‍་ཀྲང་ཝུའེ་ཏུང་མཚོ་བོད་ལྕགས་ལམ་གྱི“སྔོན་ཐོན་ལས་དོན་པ”དང་ལྷ་སའི་བབས་ཚུགས་ཀྱི“བདེ་འཇགས་ཐོན་སྐྱེད་ཀྱི་སྔོན་ཐོན་མི་སྒེར” “ཕུལ་བྱུང་གི་གུང་ཁྲན་ཏང་ཡོན”བཅས་ལ་འདེམས་མྱོང་ཡོད།

    (མུ་མཐུད་འགོད་རྒྱུ)

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།