2015ལོ་ནས་2016ལོ་བར། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ནགས་ཚལ་སྤྱི་བདེ་ཅུས་སུ་གསང་བའི་ཐེར་འདོན་གོང་ཞུ་འབྱོར་བྱུང་། ངེད་ཅུས་ཀྱིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བྲག་ཡིབ་གྲོང་རྡལ་བཅའ་གནས་གྲོང་ཚོ་དང་བྲག་ཡིབ་གྲོང་རྡལ་ཉིང་ཁྲིའི་མེ་ཏོག་ལྡུམ་རའི་ལྟག་སྒོ་ནས་མ་བཅོས་ཤིང་རྒྱུ་བླུགས་པའི་རླངས་འཁོར་3རྩད་གཅོད་ཐུབ་ཀྱང་ས་གནས་ས་ཐོག་ནས་འཁོར་བདག་དང་ཤིང་རྒྱུའི་བདག་པོ་རྙེད་མ་བྱུང་ལ། འབྲེལ་ཡོད་དཔང་རྟགས་དང་ཁུངས་སྣེ་གང་རུང་ཤེས་རྟོགས་ཀྱང་མ་བྱུང་། དེར་བརྟེན་ངེད་ཅུས་ཀྱིས་ཁྲིམས་ལྟར་རླངས་འཁོར་འདི་དང་དེ་བཞིན་འཁོར་ཐོག་གི་ཤིང་རྒྱུ་བཀག་ཉར་བྱས་པ་མ་ཟད། ད་དུང་བྲག་ཡིབ་ཆུས་བརྙན་འཕྲིན་ལས་ཁུངས་དང་། ཤིང་རྒྱུ་རྙེད་སའི་གྲོང་ཚོའི་གཞུང་ཁང་དང་དེ་བཞིན་ཤང་སྲིད་གཞུང་དུ་རྒྱུན་ཆད་མེད་པར་སྤྱི་བསྒྲགས་སྦྱར་བ། 2016ལོའི་ཟླ་10ཚེས་21ཉིན། ཉིང་ཁྲིའི་ཚགས་པར་ཐོག་སྤྱི་བསྒྲགས་བཏང་ནས་འཁོར་བདག་དང་ཤིང་རྒྱུའི་བདག་པོ་ཟླ་དྲུག་ནང་ཚུན་དུ་བྲག་ཡིབ་ཆུས་ནགས་ལས་ཅུས་སུ་བརྟག་དཔྱད་དང་ལེན་བྱེད་པར་ཡོང་དགོས་པའི་བླང་བྱ་བཏོན་ཡོད་མོད། འོན་ཀྱང་མིག་སྔའི་བར་འཁོར་བདག་དང་ཤིང་རྒྱུའི་བདག་པོ་ངེད་ཅུས་སུ་ཡོང་མེད་པ་མ་ཟད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་གཏུག་བཤེར་བཅའ་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་བཞི་བཅུ་ཞེ་བདུན་ནང་གཏན་འབེབས་བྱས་པའི་སྤྱི་བསྒྲགས་དུས་ཚོད་ཟླ་དྲུག་ཡང་ད་ལྟ་ཐིམ་ཟིན། ངེད་ཅུས་ཀྱིས་རྩད་གཅོད་ཐུབ་པའི་བདག་མེད་རླངས་འཁོར་གསུམ་ཐོག་བླུགས་པའི་བདག་མེད་ཤིང་རྒྱུ(རླངས་འཁོར་དང་པོ་ནི་འཁོར་རྟགས་མེད་པའི་འདྲུད་འཐེན་རླངས་འཁོར་ཡིན་པ་དང་རླངས་འཁོར་ཐོག་ཤིང་རྒྱུ་བླུགས་ཡོད། རླངས་འཁོར་དེ་2016ལོའི་ཟླ་7ཚེས་6ཉིན་གྱི་ཆུ་ཚོད་15དང་སྐར་མ་30ཡི་ཐོག་བྲག་ཡིབ་གྲོང་རྡལ་བཅའ་གནས་གྲོང་ཚོའི་བཅའ་གནས་རོང་ནགས་ཁུལ་ནས་རྩད་གཅོད་ཐུབ་པ་དང་ད་ལྟ་བྲག་ཡིབ་ཆུས་ནགས་ལས་ཅུས་ཀྱི་སྒོ་རའི་ནང་བཞག་ཡོད། རླངས་འཁོར་གཉིས་པ་ནི་ཁ་མདོག་དཀར་པོའི་དབྱི་ཝེ་ཁེ་རྟགས་ཅན་གྱི་རླངས་འཁོར་ཡིན་པ་དང་འཁོར་རྟགས་ནི 藏AE4929ཡིན། བརྟག་དཔྱད་བྱས་པ་བརྒྱུད། འཁོར་རྟགས་འདྲ་བཟོ་བྱས་པ་ཤེས་རྟོགས་བྱུང་། རླངས་འཁོར་དེའི་ཐོག་ཤིང་རྒྱུ་བླུགས་ཡོད། རླངས་འཁོར་གསུམ་པ་ནི་ཅིང་པེ་རྟགས་ཅན་གྱི་རླངས་འཁོར་ཞིག་ཡིན་པ་དང་འཁོར་རྟགས་ནི་浙A3F187ཡིན། བརྟག་དཔྱད་བྱས་པ་བརྒྱུད་བེད་མེད་བཟོས་པའི་རླངས་འཁོར་ཡིན་པ་ཤེས་རྟོགས་བྱུང་བ་དང་རླངས་འཁོར་དེའི་ནང་ཤིང་རྒྱུ་བླུགས་ཡོད། རླངས་འཁོར་གཉིས་པ་དང་གསུམ་པ་ནི་2016ལོའི་ཟླ་7ཚེས་12ཉིན་གྱི་ཆུ་ཚོད་10དང་སྐར་མ་01ཐོག ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བྲག་ཡིབ་གྲོང་རྡལ་ཉིང་ཁྲིའི་མེ་ཏོག་ལྡུམ་རའི་ལྟག་སྒོ་ནས་རྩད་ཆོད་པ་དང་ད་ལྟ་བྲག་ཡིབ་ཆུས་ནགས་ལས་ཅུས་ཀྱི་སྒོ་རའི་ནང་བཞག་ཡོད)དེ་དག་ཐག་གཅོད་བྱ་རྒྱུ་གཤམ་གསལ། རླངས་འཁོར་གསུམ་པོ་དེ་དག་ཐོག་བླུགས་པའི་ཤིང་རྒྱུ་ཚང་མ་ལག་ཁྱེར་མེད་པར་སྐྱེལ་འདྲེན་བྱས་པ་ཞིག་ཡིན་པས《ནགས་ཚལ་བཅའ་འཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། བདག་མེད་ཤིང་རྒྱུར་བརྩིས་ནས་གཞུང་བཞེས་བཏང་སྟེ་རྒྱལ་མཛོད་ནང་འབུལ་རྒྱུ་དང་བདག་མེད་རླངས་འཁོར་གསུམ་པོ་བྲག་ཡིབ་ཆུས་གཞུང་ཁོངས་རྒྱུ་ནོར་ཨུ་ལྷན་ལ་རྩིས་སྤྲོད་བྱ་རྒྱུ་ཡིན།
བྲག་ཡིབ་ཆུས་ནགས་ཚལ་སྤྱི་བདེ་ཅུས།
2017ལོའི་ཟླ་4ཚེས་17ཉིན།