དབུ་ཤོག>སྲིད་དོན།
  • ཅང་ཅེ་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆ་ཐོན་ཁུངས་ལས་དོན་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-04-12

    ཉེ་ཆར། ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆ་ཐོན་ཁུངས་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་རེད། ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་རྒྱལ་ཁབ་ས་ཆ་ཐོན་ཁུངས་ལས་དོན་ཚོགས་འདུ་དང་། ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ། གྲོང་གསེབ་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་2016ལོའི་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཀྱི་ལས་དོན་ལ་ཕྱོགས་སྡོམ་དང་2017ལོའི་ལས་འགན་བཀོད་སྒྲིག་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཅང་ཅེས་འདས་ཟིན་པའི་ལོ་གཅིག་ནང་ལྗོངས་ཡོངས་ཀྱི་རིམ་ཁག་རྒྱལ་ཁབ་ས་ཆ་ཐོན་ཁུངས་སྡེ་ཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ནས་ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། སྒྱུར་བཅོས་གསར་གཏོད་བྱེད་པ། རང་འགུལ་ངང་བྱས་རྗེས་འཇོག་པ་བཅས་བྱས་ནས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་ཏན་ཏིག་བྱེད་པ་དང་། སྲིད་ཇུས་དང་རྣམ་གྲངས་བརྩོན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། རྨོ་ཞིང་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་རྨང་གཞི་བརྟན་དུ་གཏོང་བ། གཏེར་ཁའི་ཐོན་ཁུངས་དོ་དམ་ལ་ཕན་འབྲས་ཡག་པོ་ཐོན་པ་བཅས་བྱས་ཏེ་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་ལས་དོན་ལ་ཞབས་འདེགས་ཞུ་ཆེད། དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་ཅེས་གསུངས་པ་རེད།

    ཅང་ཅེས་ལྗོངས་ཡོངས་ཀྱི་རིམ་ཁག་རྒྱལ་ཁབ་ས་ཆ་ཐོན་ཁུངས་དོ་དམ་སྡེ་ཚན་ལ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཀྱི་ལས་ཀའི་འགྱུར་ལྡོག་གསར་པ་དང་། ལས་འགན་གསར་པ། འགྲན་སློང་གསར་པ་བཅས་ཁོང་དུ་ཡང་དག་ཆུད་པ་ནས་ཐོན་ཁུངས་མཁོ་སྤྲོད་ཐད་སྔར་བས་ཚན་རིག་དང་མཐུན་ལ་ཕན་འབྲས་ཐོན་པ་བྱས་ཏེ་ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆར་སྒྱུར་བ་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། “གསུམ་འདོར་གཅིག་གཅོག་གཅིག་གསབ”ཀྱི་ལས་འགན་ཆེན་པོ་ལྔ་དོན་འཁྱོལ་བྱེད་རིང་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཀྱི་གནད་ཆེའི་རྒྱུ་རྐྱེན་མཁོ་སྤྲོད་དང་ལམ་ལུགས་མཁོ་སྤྲོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་ཡག་པོ་བྱེད་དགོས། རྒྱལ་ཁབ་ས་ཆ་ཐོན་ཁུངས་དོ་དམ་ལས་དོན་གྱི་ལས་འགན་ལྕི་ལ་རེ་བ་མཐོ་པོ་ཡོད་པས། དོན་འཁྱོལ་བྱ་རྒྱུར་སྔར་བས་དམ་འཛིན་ཡག་པོ་བྱེད་དགོས། དཔུང་ཁག་འཛུགས་སྐྱོང་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ནས་དེ་བས་དམ་པ་དོན་གཉེར་གྱི་སྤྱོད་ཚུལ་དང་དེ་བས་ནུས་ལྡན་གྱི་བྱེད་ཐབས་ཐོག་ནས་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཀྱི་ལས་དོན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཚམ་མཐུན་ཡོང་བ་བྱས་ཏེ་རང་ལྗོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།