དབུ་ཤོག>སྲིད་དོན།
  • 《བོད་རང་སྐྱོང་ལྗོངས་ཀྱི་བཟོ་རྩལ་མཛེས་རྩལ་ཆེ་མོ་བའི་དཔྱད་ཞིབ་ལས་དོན་གྱི་དོ་དམ་བྱ་ཐབས》བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-04-08

    བཟོ་རྩལ་མཛེས་རྩལ་པའི་དཔུང་ཁག་སྐྱེད་སྲིང་དང་སྟོབས་ཆེར་བཏང་ནས་ཕུལ་བྱུང་བཟོ་རྩལ་ཤེས་ལྡན་པ་སྔར་བས་མང་བ་བོད་རང་སྐྱོང་ལྗོངས་ཀྱི་སྐབས་གཉིས་པའི་བཟོ་རྩལ་མཛེས་རྩལ་ཆེ་མོ་བའི་དཔྱད་ཞིབ་ནང་ཞུགས་རྒྱུར་ལྕག་སྐུལ་གཏོང་ཆེད། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་དང་རང་སྐྱོང་ལྗོངས་བཟོ་འཕྲིན་ཐིང་། མི་སྤྱི་ཐིང་། རིག་གནས་ཐིང་བཅས་ཀྱིས་ཞིབ་འཇུག་ནན་ཏན་བྱས་ནས་མཉམ་དུ《བོད་རང་སྐྱོང་ལྗོངས་ཀྱི་བཟོ་རྩལ་མཛེས་རྩལ་ཆེ་མོ་བའི་དཔྱད་འདེམས་ལས་དོན་གྱི་དོ་དམ་བྱ་ཐབས》(གཤམ་དུ《དཔྱད་ཞིབ་བྱ་ཐབས》ཞེས་པ་བསྡུ་རྒྱུ)ལ་བཟོ་བཅོས་བརྒྱབ་པས། ད་ལྟ་འབྲེལ་ཡོད་ཀྱི་དོན་གནད་ཁག་བརྡ་ཐོ་གཏོང་རྒྱུ་གཤམ་གསལ།

    གཅིག བོད་རང་སྐྱོང་ལྗོངས་ཀྱི་སྐབས་གཉིས་པའི་བཟོ་རྩལ་མཛེས་རྩལ་ཆེ་མོ་བའི་འདུན་ཞུ་ཁ་སྐོང་བྱ་རྒྱུའི་སྐོར།

    《དཔྱད་ཞིབ་བྱ་ཐབས》ཀྱི་བླང་བྱ་དང་འཚམ་པའི་བཟོ་རྩལ་མཛེས་རྩལ་པ་ཡིན་ཕྱིན་ཟླ་4ཚེས་15གོང་ས་གནས(གྲོང་ཁྱེར)ཁག་གི་དཔྱད་ཞིབ་གཞུང་དོན་ཁང་བརྒྱུད་བོད་རང་སྐྱོང་ལྗོངས་ཀྱི་སྐབས་གཉིས་པའི་བཟོ་རྩལ་མཛེས་རྩལ་ཆེ་མོ་བའི་འདུན་ཞུ་ཁ་སྐོང་བྱེད་ཆོག

    འདུན་ཞུ་བྱེད་མཁན་གྱིས《བོད་རང་སྐྱོང་ལྗོངས་ཀྱི་བཟོ་རྩལ་མཛེས་རྩལ་ཆེ་མོ་བའི་འདུན་ཞུའི་དཔྱད་ཞིབ་རེའུ་མིག》(གཤམ་དུ《དཔྱད་ཞིབ་རེའུ་མིག》ཞེས་པ་བསྡུ་རྒྱུ)ཇི་བཞིན་འབྲི་དགོས་པ་མ་ཟད། འབྲེལ་ཡོད་ཀྱི་ལས་ཀའི་གྲུབ་འབྲས་དང་། སློབ་རྒྱུས། གོ་མིང་། གཟི་བརྗིད་མཚན་སྙན་བཅས་ཀྱི་དཔང་འཛིན་པར་སློག་སོགས་ཀྱི་ཡིག་ཐོག་དཔྱད་གཞི་གྲ་སྒྲིག་དང་འབྲེལ་དེ་དག་ཤོག་གུ་ཆེ་ཆུང་A4ལྟར་དེབ(ངོ་གཅིག་འདྲ་བཅུ)ཏུ་བཟོ་དགོས་པ་དང་། བཏོན་ཟིན་པའི་དཔེ་མཚོན་གྱི་དེབ་དང་དཔྱད་རྩོམ་ཡོད་ཚེ་མཉམ་དུ་ཁྱེར་ན་འགྲིག 《དཔྱད་ཞིབ་བྱ་ཐབས》ནང་དམིགས་བསལ་དུ་གཏོང་བའི་ཆ་རྐྱེན་འཛོམས་པའི་འདུན་ཞུ་མཁན་གྱིས་ངེས་པར་བླང་བྱ་བཞིན་དམིགས་བསལ་དུ་གཏོང་བའི་དཔང་འཛིན་འདོན་དགོས་ལ་རྒྱུ་མཚན་ཡང་བརྗོད་དགོས། ཞིབ་ཕྲའི་བླང་བྱ་ཅི་ཡོད་པ་ས་ཁུལ་(གྲོང་ཁྱེར)དཔྱད་ཞིབ་གཞུང་དོན་ཁང་གིས་ཁོངས་གཏོགས་སོ་སོའི་རྩ་དོན་ལ་གཞིགས་ནས་འགྲེལ་བཤད་རྒྱག་རྒྱུ་རེད།

    གཉིས། འདུན་ཞུའི་དཔྱད་གཞི་ཆ་ཚང་བ་དགོས།

    དཔྱད་གཞི་བསྐྱལ་བའི་འདུན་ཞུ་མཁན་གྱིས་བཟོ་བཅོས་བརྒྱབ་པའི《དཔྱད་ཞིབ་བྱ་ཐབས》 ལ་གཞིགས་ནས་ལས་ཀར་ཞུགས་པའི་དུས་ཚོད་དང་། ཐེམ་ཁུངས། ལས་ཀའི་ངོ་བོ། དཔྱད་འདེམས་ནང་བསྐྱལ་བའི་བརྩམས་ཆོས་ཀྱི་ཁ་གྲངས་དང་། ཆེ་ཆུང་། བྱ་དགའ་དང་གཟི་བརྗིད་མཚན་སྙན་ཅི་ཐོབ་པ་སོགས་འབྲི་དགོས། བཟོ་བཅོས་རྒྱག་དགོས་ཚེ་ངེས་པར་ས་གནས་དཔྱད་ཞིབ་གཞུང་དོན་ཁང་གི་ཐེལ་ཙེ་གཟེད་ནས་ཁས་ལེན་ཐོབ་དགོས། དམིགས་བསལ་དུ་གཏོང་བའི་འདུན་ཞུ་མཁན་གྱིས《དཔྱད་ཞིབ་བྱ་ཐབས》ཀྱི་བླང་བྱ་ལྟར་འབྲེལ་ཡོད་དཔང་རྟགས་འདོན་དགོས། འདུན་ཞུའི་དཔྱད་ཡིག་ལ་བཟོ་བཅོས་དང་ཁ་སྐོང་བྱེད་པའི་དུས་ཚོད་ནི་ཟླ་4ཚེས་15ཉིན་བར་ཡིན།

    བརྡ་ཐོའི་ནང་དོན་དང་། བཟོ་བཅོས་བརྒྱབ་པའི་《དཔྱད་ཞིབ་བྱ་ཐབས》 གློག་རྡུལ་པར་མའི《དཔྱད་ཞིབ་རེའུ་མིག》བཅས་ཀྱི་ནང་དོན་ཞིབ་ཕྲ་བོད་རང་སྐྱོང་ལྗོངས་བཟོ་འཕྲིན་ཐིང་གི་གཙོ་ཆེའི་དྲ་ཚུགས(http: ∥www.xzgxt. gov. cn )ལ་འཁོད་ཡོད།

    བརྡ་ཐོ་འདི་ཆེད་དུ་བཏང་བ་ཡིན།

    བོད་རང་སྐྱོང་ལྗོངས་སྐབས་གཉིས་པའི་བཟོ་རིགས་མཛེས་རྩལ་ཆེ་མོ་བའི་དཔྱད་ཞིབ་ལས་དོན་གཞུང་དོན་ཁང་གིས།

    2017ལོའི་ཟླ་4ཚེས་8ཉིན།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།