དབུ་ཤོག>སྲིད་དོན།
  • ལོ་ལྔ་ཚན་བདུན་པའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-03-30

    2011ལོ་ནས་2015ལོ་བར་རང་ལྗོངས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལོ་ལྔ་ཚན་དྲུག་པའི་འཆར་འགོད་བདེ་བླག་ངང་ལག་བསྟར་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་། ཞི་མཐུན་དང་དུས་བདེའི་བོད་ལྗོངས་སྐྲུན་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་བྱེད་པ་བཅས་ཁྲོད་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོས་ནུས་པ་གལ་ཆེན་ཐོན་པ་དང་ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱེད་པ་དང་། ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་བདེ་བླག་ངང་ལག་བསྟར་བྱེད་པ། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ། སྤྱི་དམངས་ཡོངས་ཀྱིས་རང་འགུལ་ངང་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་བྱ་རྒྱུར་སྐུལ་འདེད་གཏོང་བ། སྤྱི་དམངས་ཀྱི་བཅའ་ཁྲིམས་བྱང་ཚད་དང་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་བ། རང་ལྗོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་པར་2016ལོ་ནས་2020ལོ་བར་རང་ལྗོངས་ཀྱི་སྤྱི་དམངས་ཡོངས་ཁྲོད་ལོ་ལྔ་ཚན་བདུན་པའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གཏོང་བའི་བྱེད་སྒོ་སྤེལ་རྒྱུ་དགོས་གལ་ཤིན་ཏུ་ཆེན་པོ་ཡོད། ལོ་ལྔ་ཚན་བདུན་པའི་ཁྲིམས་སྐྱོང་དྲིལ་བསྒྲཌ་སློབ་གསོ་གཏོང་བ་བརྒྱུད། སྤྱི་ཚོཌ་ཀྱི་ཁྲིམས་སྐྱོང་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་པ་དང་ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་ལྟར་ལས་སྒྲུབ་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་ཁྲིམས་སྐྱོང་གོང་བཀུར་གྱི་སྤྱི་ཚོགས་རྣམ་པ་ཞིག་ཆགས་ཐུབ། 《ལོ་ལྔ་ཚན་བདུན་པའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གཏོང་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད》གཞིར་བཟུང་། རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་དམིཌ་སུ་གྲོས་ཆོད་སྤེལ་རྒྱུ་གཤམ་གསལ།

    གཅིག རྩ་ཁྲིམས་སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུ་དེ་གནས་བབ་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་དགོས། སྤྱི་ཚོགས་ཡོངས་སུ་རྩ་ཁྲིམས་དྲིལ་བསྒྲགས་སློབ་གསོ་ཡོངས་ཁྱབ་ངང་སྤེལ་ནས་རྩ་ཁྲིམས་ཐོག་གཏན་འཁེལ་བྱས་པའི་རྒྱལ་ཁབ་ཀྱི་ལམ་ལུགས་དང་སྲིད་དབང་འཛུགས་ལུགས་དང་། གཞི་རྩའི་ཆབ་སྲིད་ལམ་ལུགས། གཞི་རྩའི་དཔལ་འབྱོར་ལམ་ལུགས། སྤྱི་དམངས་ཀྱི་གཞི་རྩའི་ཁེ་དབང་དང་འོས་འགན་སོགས་ཀྱི་ནང་དོན་གཙོ་གནད་ཐོག་སློབ་སྦྱོང་དང་དྲིལ་བསྒྲགས་བྱས་ཏེ་རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་གཏོང་བ་དང་རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་དགོས། རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་ལམ་ལུགས་ལག་བསྟར་བྱེད་པ་དང“12·4”རྒྱལ་ཁབ་རྩ་ཁྲིམས་ཉིན་མོའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་སྤྱི་ཚོགས་ཡོངས་སུ་རྩ་ཁྲིམས་སློབ་སྦྱོང་དྲིལ་བསྒྲགས་དང་རྩ་ཁྲིམས་ལག་བསྟར་བྱེད་པའི་རྒྱུན་རྣམ་ཆགས་རྒྱུར་སྐུལ་འདེད་གཏོང་བ་དང་། འགོ་ཁྲིད་ལས་བྱེད་པས་རྩ་ཁྲིམས་ལྟར་སྲིད་སྐྱོང་བའི་འདུ་ཤེས་ཟབ་ཏུ་གཏོང་བ། དམངས་ཡོངས་ཀྱི་རྩ་ཁྲིམས་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། རྩ་འཛུགས་དང་མི་སྒེར་གྱིས་རྩ་ཁྲིམས་རྩ་བར་འཛིན་པའི་བྱེད་སྒོའི་ཚད་གཞི་བརྩི་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས།

    གཉིས། རྒྱལ་ཁབ་ཀྱི་གཞི་རྩའི་བཅའ་ཁྲིམས་དང་རང་ལྗོངས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱེད་དགོས། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་སོགས་རྩ་ཁྲིམས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་། དམངས་ཁྲིམས། ཚོང་ཁྲིམས། སྲིད་འཛིན་བཅའ་ཁྲིམས། དཔལ་འབྱོར་བཅའ་ཁྲིམས། སྤྱི་ཚོགས་བཅའ་ཁྲིམས། ཉེས་ཁྲིམས། གཏུག་བཤེར་དང་གཏུག་བཤེར་མིན་པའི་ལས་རིམ་བཅའ་ཁྲིམས་སོགས་བཅའ་ཁྲིམས་ཁྲིམས་སྲོལ་དང་མི་རིགས་ཆོས་ལུགས་བཅའ་ཁྲིམས་ཁྲིམས་སྲོལ་དེ་བཞིན་རང་ལྗོངས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་འབྲེལ་བའི་གཞི་རྩའི་ཤེས་བྱ་སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དེ་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་གཞི་རྩའི་ལས་འགན་དུ་བརྩི་དགོས་པ་དང་ལྷག་དོན་དུ་དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུ་དེ་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས། སྒྱུར་འཕེལ་བརྟན་གསུམ་དང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་སོགས་ལ་དམིགས་ཏེ་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་གྱིས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ་དང་སྤྱི་ཚོགས་ཡོངས་སུ་རྩ་ཁྲིམས་སྤྱི་བོར་བཀུར་བ་དང་། བཅའ་ཁྲིམས་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ། བཅའ་ཁྲིམས་ལས་དབང་ཆ་གཏན་འཁེལ་བྱེད་པ། དབང་ཆ་བཅའ་ཁྲིམས་ལ་བརྟེན་ནས་སྤྱོད་པ་སོགས་གཞི་རྩའི་ཁྲིམས་སྐྱོང་འདུ་ཤེས་བཙུགས་ནས་ཁྲིམས་སྐྱོང་སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུ་དེ་རང་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་ལས་དོན་ཁག་ལ་རྒྱབ་སྐྱོར་དང་ཞབས་འདེགས་ཞུ་བའི་ཐད་དངོས་འབྲེལ་དོན་འཁྱོལ་ཐུབ་པ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་གཏོད་དགོས།

    གསུམ། དམངས་ཡོངས་ཀྱིས་ཁྲིམས་སྦྱོང་དང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། སློབ་གསོ་དང་ལེན་གྱི་ནུས་པ་ལྡན་པའི་སྤྱི་དམངས་ཐམས་ཅད་ཀྱིས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་དང་ལེན་བྱེད་དགོས། དམངས་ཡོངས་ཀྱིས་བཅའ་ཁྲིམས་ཁྱབ་གདལ་གཏོང་བ་དང་བཅའ་ཁྲིམས་སྲུང་རྒྱུ་དེ་ཁྲིམས་ལྟར་བོད་སྐྱོང་གི་དུས་ཡུན་རིང་བའི་རྨང་གཞིའི་རང་བཞིན་གྱི་ལས་དོན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱེད་དགོས། ལས་ཁུངས་དང་། གྲོང་གསེབ་། སྡེ་ཁུལ། སློབ་གྲྭ ཁེ་ལས། ཚན་པ། དགོན་སྡེ་བཅས་སུ་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི“བཅའ་ཁྲིམས་ཁྱབ་གདལ་བདུན”གྱི་བྱེད་སྒོ་གཏིང་ཟབ་སྤེལ་དགོས། རྒྱ་བོད་སྐད་ཡིག་གཉིས་ཀྱི་ཁྲིམས་སྐྱོང་སྒྲོག་འགྲེལ་ཚོགས་པ་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ་དང་བོད་ཡིག་པར་གཞིའི་ཁྲིམས་སྐྱོང་དྲིལ་བསྒྲགས་ཀློག་དེབ་དང་དཔྱད་ཡིག་རྩོམ་འབྲི་དང་། ཡིག་སྒྱུར། རྩོམ་སྒྲིག་པར་འདེབས་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་ལས་དོན་རུ་ཁག་གི་བཅའ་ཁྲིམས་ཁྱབ་གདལ་དང་དྲིལ་བསྒྲགས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཞིང་འབྲོག་མང་ཚོགས་དང་གྲྭ་བཙུན་གྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་ཡག་པོ་སྤེལ་དགོས། དགོན་སྡེའི་ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་གཡུལ་ས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་དགོན་སྡེ་དང་། གྲྭ་བཙུན། ཆོས་ལུགས་ལས་དོན་བཅས་དོ་དམ་ལ་ཁྲིམས་ལྟར་སྐུལ་འདེད་གཏོང་བ་དང་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན་ལ་སྐུལ་འདེད་གཏོང་དགོས། ཚོགས་སྤྱི་མི་འདྲ་བའི་ཁྱད་ཆོས་གཞིར་བཟུང་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བ་དང་དང་ལེན་བྱེད་སླ་བའི་བྱེད་སྟངས་ཐོག་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་བྱས་ཏེ་སྤྱི་དམངས་ཀྱིས་བཅའ་ཁྲིམས་ཧུར་ཐག་སྦྱོང་བ་དང་། རང་འགུལ་ངང་བཅའ་ཁྲིམས་སྲུང་བ། གནས་ཚུལ་ཐོན་ཚེ་ཁྲིམས་རྩོད་པ་འཚོལ་བ། གནད་དོན་བཅའ་ཁྲིམས་ཐོག་ནས་ཐག་གཅོད་བྱེད་པ་བཅས་བྱ་རྒྱུའི་ཁྲིད་སྟོན་བྱེད་པ་དང་། སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་སྐྱོང་ལག་བསྟར་ནན་པོ་བྱེད་པའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། རང་རྟོགས་རང་བཞིན་བཅས་ཆེ་རུ་གཏོང་བ། མང་ཚོགས་ཀྱི་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། ཁྲིམས་སྐྱོང་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཁྲིམས་སྐྱོང་འདུ་ཤེས་སྐྱེད་བསྲིང་བྱེད་པ། ཁྲིམས་སྐྱོང་འདུ་ཤེས་བརྟན་པོ་འཛུགས་པ་བཅས་བྱས་ཏེ་བཅའ་ཁྲིམས་ཀྱི་དབང་གྲགས་དང་ཟིལ་ཤུགགས་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས།

    བཞི། རྒྱལ་ཁབ་ཀྱི་ལས་དོན་མི་སྣས་སྣེ་ཁྲིད་དེ་ཁྲིམས་སྦྱོང་དང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། རྒྱལ་ཁབ་ཀྱི་ལས་དོན་མི་སྣ་དང་ལྷག་དོན་དུ་རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཁྲིམས་སྦྱོང་བ་དང་། མིག་དཔེ་བསྟན་ནས་ཁྲིམས་སྲུང་བ། ཁྲིམས་འཛིན་ནན་པོ་བཅས་སྤྱི་ཚོགས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་འཛུགས་པའི་འགག་རྩར་བརྩི་དགོས། རྒྱལ་ཁབ་ཀྱི་ལས་དོན་མི་སྣའི་ཁྲིམས་སྦྱོང་ཁྲིམས་སྤྱོད་དང་ཡིག་རྒྱུགས་དཔྱད་ཞིབ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་ཁྲིམས་སྐྱོང་སློབ་གསོ་དེ་ལས་བྱེད་པར་སློབ་གསོ་གཏོང་བ་དང་གསོ་སྦྱོང་བྱེད་པའི་སྤྱིའི་འཆར་འགོད་ནང་འཇུག་དགོས། ཁྲིམས་ལྟར་ལས་དོན་བསྒྲུབ་རྒྱུ་དེ་རྒྱལ་ཁབ་ཀྱི་ལས་དོན་མི་སྣའི་ཁྲིམས་སྦྱོང་ཁྲིམས་སྤྱོད་ལ་ཞིབ་བཤེར་བྱེད་པའི་ཚད་གཞི་གལ་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་དང་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་གནས་ཚུལ་དེ་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པར་དཔྱད་ཞིབ་བྱེད་པའི་ནང་དོན་གལ་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་ཕྱོགས་བསྡུས་དམིགས་ཚད་ཀྱི་དཔྱད་ཞིབ་མ་ལག་ནང་འཇུག་དགོས། ཐབས་ཇུས་གལ་ཆེན་ཁྲིམས་མཐུན་རང་བཞིན་ངང་ཞིབ་བཤེར་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྲིད་གཞུང་གི་བཅའ་ཁྲིམས་བློ་འདྲིའི་ལམ་ལུགས་ཁྱབ་གདལ་གཏོང་བ། སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་སྲིད་འཛིན་བྱ་རྒྱུར་སྐུལ་འདེད་གཏོང་བ། ཁྲིམས་འཛིན་ལས་ཁུངས་ཀྱི་གཞུང་དྲང་ཁྲིམས་འཛིན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་འགོ་ཁྲིད་ལས་བྱེད་པས་ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་བྱ་ཐབས་ཐོག་ནས་སྒྱུར་བཅོས་གཏིང་ཟབ་བྱེད་པ་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འགལ་བ་ཐག་གཅོད་བྱེད་པ། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

    ལྔ། གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོར་དམ་འཛིན་ཏན་ཏིག་བྱེད་དགོས། ཁྲིམས་སྐྱོང་སློབ་གསོ་གཏོང་རྒྱུ་དེ་རྒྱལ་དམངས་སློབ་གསོའི་མ་ལག་ནང་བཅུག་སྟེ་གཞོན་ནུ་ལོ་ཆུང་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་དང་། གཞོན་ནུ་ལོ་ཆུང་གི་བཅའ་ཁྲིམས་བྱང་ཚད་དང་ཀུན་སྤྱོད་བྱང་ཚད་སྐྱེད་བསྲིང་བྱ་རྒྱུར་གཞི་ཚུགས་པ། ཁྲིམས་སྐྱོང་ཤེས་བྱའི་སློབ་ཚན་གཉེར་བ་བཅས་བྱས་ཏེ་ཁྲིམས་སྐྱོང་སློབ་གཞིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་སློབ་གསོའི་ལག་ལེན་རྟེན་གཞི་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ནས་སྲོལ་རྒྱུན་སྨྱན་སྦྱོར་དང་། གསར་དར་སྨྱན་སྦྱོར། སློབ་ཁང་གཉིས་པ། སྤྱི་ཚོགས་ལག་ལེན་བཅས་ལ་བརྟེན་ནས་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལས་དོན་སྤེལ་ཏེ་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་དགོས། སློབ་གྲྭ་དང་། ཁྱིམ་ཚང་། སྤྱི་ཚོགས་བཅས“ཕྱོགས་གསུམ་གཞི་གཅིག”གི་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་སློབ་གསོའི་རྣམ་པ་ཟབ་ཏུ་གཏོང་དགོས།

    དྲུག སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཁྲིམས་སྐྱོང་རིག་གནས་འཛུགས་སྐྱོང་བྱ་རྒྱུ་དེ་དེང་རབས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་ནང་བཅུག་སྟེ་ཁྲིམས་སྐྱོང་གི་རྒྱུ་རྐྱེན་གཙོ་བོ་དང་མང་ཚོགས་ཀྱི་སྤྱི་པའི་རིག་གནས་འཚོ་བ་འབྲེལ་འདྲིས་ཡོང་བ་བྱས་ནས་ཁྲིམས་སྐྱོང་རིག་གནས་དེ་མི་རིགས་རིག་གནས་དང་། ས་ཁུལ་རིག་གནས། ལས་རིགས་རིག་གནས། ཁེ་ལས་རིག་གནས་བཅས་དང་མཉམ་འདྲེས་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ཁྲིམས་སྐྱོང་རིག་གནས་ཀྱི་བརྩམས་ཆོས་གསར་རྩོམ་དང་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་བཏང་ནས་མང་ཚོགས་རང་བཞིན་གྱི་ཁྲིམས་སྐྱོང་རིག་གནས་བྱེད་སྒོ་རྒྱབ་ཁྱབ་ངང་སྤེལ་ཏེ་ཁྲིམས་སྐྱོང་རིག་གནས་ཀྱི་ཁྲིད་སྟོན་དང་། བློ་འབྱེད། བག་ཆགས་བཟང་པོ་འཇགས་པ་བཅས་ཀྱི་ནུས་པ་གང་ལེགས་འདོན་སྤེལ་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”བཅས་དར་སྤེལ་ཤུགས་ཆེན་བཏང་ནས་ཁྲིམས་སྐྱོང་སློབ་གསོ་དང་ཀུན་སྤྱོད་སློབ་གསོ་ཟུང་འབྲེལ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་བཅའ་ཁྲིམས་ཀྱི་ཚད་ལྡན་ནུས་པ་དང་ཀུན་སྤྱོད་ཀྱི་བློ་འགུག་ནུས་པ་གཅིག་རམ་གཅིག་འདེགས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། སྤྱི་དམངས་དང་རྩ་འཛུགས་ཀྱི་ཁྲིམས་སྲུང་ཡིད་རྟོན་ཐོ་འགོད་བྱ་རྒྱུ་འཐུས་སྒོ་ཚང་དུ་བཏང་ནས་ཁྲིམས་སྦྱོང་ཁྲིམས་སྤྱོད་ཀྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་དྲིལ་བསྒྲགས་གཟེངས་བསྟོད་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ལ་སྐུལ་འདེད་གཏོང་ཆེད་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་སྐྲུན་དགོས།

    བདུན། རིམ་པ་མང་བ་དང་ཁྱབ་ཁོངས་མང་བར་ཁྲིམས་ལྟར་བཅོས་སྐྱོང་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་དང་ཁྲིམས་སྐྱོང་ལག་ལེན་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་བཅའ་ཁྲིམས་ཀྱི་གཏན་འབེབས་ཉིད་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྣེ་ཁྲིད་དང་འགན་ལེན་བྱེད་པའི་གཞི་རྩའི་ཚད་གཞིར་བརྩི་དགོས། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་ཁྲིད་སྟོན་དུ་བྱས་ནས་གཞི་རིམ་རྩ་འཛུགས་དང་། སྡེ་ཚན། ལས་རིགས་བཅས་ཁྲིམས་ལྟར་བཅོས་སྐྱོང་བྱེད་ཟབ་ཏུ་བཏང་སྟེ་ཁྲིམས་སྐྱོང་གྲོང་ཁྱེར་དང་། ཁྲིམས་སྐྱོང་རྫོང(ཆུས)དམངས་གཙོ་ཁྲིམས་སྐྱོང་གི་དཔེ་སྟོན་གྲོང་ཚོ(སྡེ་ཁུལ)སོགས་ཀྱི་ཁྲིམས་སྐྱོང་གཏོད་པའི་བྱེད་སྒོ་གཏིང་ཟབ་སྤེལ་དགོས། སྤྱི་ཚོགས་ཁྲིམས་སྐྱོང་ཁྲོད་ཀྱི་གྲོང་མིའི་སྤྱི་ཆིངས་དང་། གྲོང་སྲོལ་དམངས་ཆིངས། ལས་རིགས་ཀྱི་སྒྲིག་སྲོལ། རྒྱལ་ཁབ་ཀྱི་སྒྲིག་གཞིའི་སྒྲིག་ཡིག་སོགས་སྤྱི་ཚོགས་ཀྱི་ཚད་གཞི་དག་གི་དགེ་མཚན་ལྡན་པའི་ནུས་པ་བཏོན་དགོས་པ་དང་སྤྱི་ཚོགས་རྩ་འཛུགས་ཀྱིས་ཁོངས་གཏོགས་ཀྱི་ཁོངས་མིའི་བྱ་སྤྱོད་ལ་ཁྲིད་སྟོན་དང་། སྒྲིག་སྲོལ་ལ་གཅུན་འདོམས། ཁེ་དབང་ལ་སྲུང་སྐྱོང་བཅས་བྱེད་པའི་ནུས་པ་འདོན་སྤེལ་དང་། གཞི་རིམ་མང་ཚོགས་ཀྱི་རང་ངོས་གཅུན་འདོམས་དང་དོ་དམ་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ཕན་འབྲས་དངོས་ཆེ་རུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་གི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས།

    བརྒྱད། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། དེང་རབས་ཀྱི་བརྒྱུད་བསྒྲགས་ཆོས་ཉིད་ལ་སྲུང་བརྩི་ཞུས་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལས་ཀའི་འདུ་ཤེས་དང་། བྱ་ཐབས་དང་བྱེད་ཐབས། གཞི་རྟེན་གྱི་འཐབ་ས། སྒྲིག་གཞི་དང་ལམ་སྲོལ་སོགས་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ས་ཁུལ་མི་འདྲ་བ་དང་། དུས་ཚོད་མི་འདྲ་བ། ཚོགས་སྤྱི་མི་འདྲ་བ་བཅས་ཀྱི་ཁྱད་ཆོས་དགོས་མཁོར་གཞིགས་ཏེ་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོར་རིགས་དབྱེ་ནས་ལག་བསྟར་དང་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་དམིགས་སའི་རང་བཞིན་དང་དངོས་ཕན་གྱི་རང་བཞིན་ཆེ་རུ་བཏང་སྟེ་ཕྱི་ཚུལ་རིང་ལུགས་མི་ཐོན་པ་བྱེད་དགོས། བཅའ་ཁྲིམས་ཁྱབ་གདལ་གཏོང་རིང་ཚགས་པར་དུས་དེབ་དང་། རླུང་འཕྲིན། བརྙན་འཕྲིན། སྨྱན་སྦྱོར་གསར་པ་བཅས་ཀྱི་ལག་རྩལ་གསར་པའི་ནུས་པ་གང་ལེགས་འདོན་སྤེལ་བྱས་ནས་དྲ་སྦྲེལ+ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བྱ་སྤྱོད་ལ་སྐུལ་འདེད་གཏོང་དགོས། ཁྲིམས་དཔོན་དང་། ཞིབ་དཔྱོད་དཔོན། སྲིད་འཛིན་ཁྲིམས་འཛིན་མཁན། ཁྲིམས་རྩོད་པ་སོགས་ཀྱིས་གྱོད་གཞིར་གཞིགས་ནས་ཁྲིམས་དོན་འགྲེལ་བཤད་རྒྱག་པའི་ལམ་ལུགས་འཛུགས་པ་དང་དཔེ་མཚོན་གྱོད་དཔེ་སྤྱད་དེ་སྤྱི་ཚོགས་ཀྱི་གླེང་མང་བ་དང་ཟུང་འབྲེལ་བྱས་ཏེ་གསོན་ཉམས་དོད་ལ་དམར་ཁྲིད་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་སྤེལ་དགོས། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་དང་བླངས་པའི་དཔུང་ཁག་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ནས་སྒྲོག་འགྲེལ་དང་དྲིལ་བསྒྲགས་ཀྱི་ཞབས་ཞུ་སྤེལ་དགོས།

    དགུ། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་འགན་འཁྲིའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་རྒྱལ་ཁབ་ལས་ཁུངས་དང་། དྲག་ཆས་སྟོབས་ཤུགས། མི་དམངས་ཀྱི་ཚོགས་སྤྱི་ཁག ཁེ་ལས་བྱ་གཞག་རྩ་འཛུགས་ཁག དེ་བཞིན་རྩ་འཛུགས་གཞན་བཅས་ཀྱིས་ཁྲིམས་སྐྱོང་སློབ་གསོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང“སུས་གཙོ་འགན་འཁུར་ན་དེས་འགན་འཁུར་བའི”རྩ་དོན་ལ་གཞིགས་ཏེ་བཅའ་ཁྲིམས་ཁྱབ་གདལ་གྱི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱེད་དགོས། རྒྱལ་ཁབ་ལས་ཁུངས་སུ“སུས་ཁྲིམས་འཛིན་བྱས་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི”བཅའ་ཁྲིམས་ཁྱབ་གདལ་གྱི་འགན་འཁྲིའི་ལམ་ལུགས་ལག་ལེན་བསྟར་ནས་བཅའ་ཁྲིམས་ཁྱབ་གདལ་གྱི་འགན་འཁྲིའི་གསལ་ཐོའི་ལམ་ལུགས་འཛུགས་དགོས། སྨྱན་སྦྱོར་གྱི་སྤྱི་ཕན་བཅའ་ཁྲིམས་ཁྱབ་གདལ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་སྨྱན་སྦྱོར་སྣ་ཚོགས་ཀྱི་བཅའ་ཁྲིམས་ཁྱབ་གདལ་གྱི་འགན་འཁྲི་དོན་འཁྱོལ་དང་འཕྲིན་ལམ་གཙོ་བོ་དང་། པར་ངོས་གལ་ཆེན། དུས་མཚམས་གལ་ཆེན་བཅས་སུ་སྤྱི་ཕན་བཅའ་ཁྲིམས་ཁྱབ་གདལ་བཏང་སྟེ་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ཁེབས་རྒྱ་ཆེ་རུ་དང་ཤུགས་རྐྱེན་ཐེབས་ཚད་མཐོ་རུ་གཏོང་དགོས། རིམ་ཁག་མི་དམངས་སྲིད་གཞུང་གིས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་དེ་ཡུལ་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ནང་འཇུག་པ་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་ནང་འཇུག་དགོས། སྡེ་ཚན་ཁག་གིས་འཆར་གཞི་ཡོད་པ་དང་གོ་རིམ་ལྡན་པའི་ངང་སྡེ་ཚན་དེ་རང་དང་ཚན་པ་དེ་རང་དང་། དེ་བཞིན་སྤྱི་ཚོགས་ལ་ཕྱོགས་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་སྤེལ་དགོས། ཏང་ཨུད་ཀྱིས་འགོ་ཁྲིད་དང་། མི་དམངས་འཐུས་ཚོགས་ཀྱིས་ལྟ་སྐུལ། སྲིད་གཞུང་གིས་ལག་བསྟར། སྡེ་ཚན་གྱིས་རང་འགན་འཁུར་བ། སྤྱི་ཚོགས་ཡོངས་ཐུན་མོང་ཐོག་ཞུགས་པ་བཅས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལས་ཀའི་སྒྲིག་གཞི་དང་ལམ་སྲོལ་སྔར་བས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།

    བཅུ། སྒྲིག་འཛུགས་ལག་བསྟར་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་དགོས། རིམ་ཁག་མི་དམངས་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་ཁྲིམས་སྐྱོང་དྲིལ་བསྒྲགས་སྡེ་ཚན་གྱིས་ལོ་ལྔ་ཚན་བདུན་པའི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་ལས་དོན་ཧུར་ཐག་སྤེལ་ནས་གྲོས་ཆོད་དང“ལོ་ལྔ་ཚན་བདུན་པ”སྒྲིག་འཛུགས་དང་ལག་བསྟར་ཏན་ཏིག་བྱེད་དགོས། བཅའ་ཁྲིམས་ཁྱབ་གདལ་འཆར་འགོད་དང་ལས་དོན་དང་འགྲོ་གྲོན་གྱི་འགན་སྲུང་ལ་ཤུགས་སྣོན་བརྒྱབ་ནས་དུས་འབྲིང་གི་ཞིབ་བཤེར་དང་དུས་མཇུག་གི་དཔྱད་དཔོག་ལས་དོན་ཡག་པོ་བསྒྲུབས་ཁར་རིམ་པ་དེ་གའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་སྙན་སེང་ཡང་ཞུ་དགོས། རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་དང་དེ་བཞིན་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་འཛིན་དང་ཞིབ་བཤེར་ལས་ཁུངས་བེད་སྤྱོད་གང་ལེགས་ཀྱིས། ཆེད་དོན་ལས་དོན་སྙན་ཞུ་ཉན་པ་དང་གྲོས་ཞིབ་བྱེད་པ། འཐུས་མི་སྒྲིག་འཛུགས་ཀྱིས་ལྟ་ཞིབ་དང་ཆེད་དོན་བརྟག་ཞིབ་སོགས་ཀྱི་རྣམ་པར་བརྟེན་ནས་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་དང་ཁྲིམས་ལྟར་བཅོས་སྐྱོང་ལས་དོན་གྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐོག་ནས་གྲོས་ཆོད་དེ་ལག་བསྟར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།