གོ་གནས་ཕྱིར་འཐེན།
ལུའེ་ཧྲུའུ་ལེང་གི་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གོ་གནས་དང་། བཀྲ་ཤིས་ཀྱི་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ནག་ཆུ་ཡན་ལག་ཁང་གི་ཞིབ་དཔྱོད་དཔོན་གཞོན་པའི་གོ་གནས། ཕུང་ཆོན་དབྱི་ཡི་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ནག་ཆུ་ཡན་ལག་ཁང་གི་ཞིབ་དཔྱོད་དཔོན་གཞོན་པ་དང་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གོ་གནས། མཚམས་གཅོད་སྒྲོལ་མའི་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་མངའ་རིས་ཡན་ལག་ཁང་གི་ཞིབ་དཔྱོད་པའི་གོ་གནས། ཡུང་ཧྭ་ཡི་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་མངའ་རིས་ཡན་ལག་ཁང་གི་ཞིབ་དཔྱོད་པའི་གོ་གནས་བཅས་ཕྱིར་འཐེན་བྱ་རྒྱུ།
གོ་གནས་བསྐོ་གཞག
སྐལ་བཟང་གཡུ་སྒྲོན་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་མངའ་རིས་ཡན་ལག་ཁང་གི་ཞིབ་དཔྱོད་པ་དང་། ཟླ་བ་དངོས་གྲུབ་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་མངའ་རིས་ཡན་ལག་ཁང་གི་ཞིབ་དཔྱོད་པ། ཟླ་བ་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་མངའ་རིས་ཡན་ལག་ཁང་གི་ཞིབ་དཔྱོད་པ་བཅས་ལ་བསྐོ་གཞག་བྱ་རྒྱུ།