དགེ་རྒྱས་རྫོང་གི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་ཐོག་ལེ་ཧྲུའུ་ལེང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་འཐུས་མིར་གསབ་འདེམས་བྱས་པ་དང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སུམ་ཅུ་སོ་གཅིག་པའི་ཐོག་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་སྙན་ཞུར་མོས་མཐུན་བྱས་ཏེ་ལེ་ཧྲུའུ་ལེང་གི་འཐུས་མིའི་ཐོབ་ཐང་གོ་ཆོད་པའི་ཁས་ལེན་བྱས་པ་རེད།
དགེ་རྒྱས་རྫོང་དང་། སྙན་རོང་རྫོང་། རི་བོ་ཆེ་རྫོང་། བྲག་ཡིབ་ཆུས། སྣང་རྫོང་། སྤུ་ཧྲེང་རྫོང་། ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཏའེ་ཅན་གོ་དང་། སྐལ་དབང་། ཡོན་ཏན་ཚེ་རིང་། ཝང་ཤན་གོ བསམ་གྲུབ། བློ་བཟང་བསྟན་དར། ཏང་ཙུང་ལན་བཅས་ཀྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་འཐུས་མིའི་གོ་གནས་དགོངས་ཞུ་དང་ལེན་བྱ་རྒྱུའི་གཏན་འབེབས་བྱས་པ་དང་འཐུས་མིའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཏའེ་ཅན་གོ་དང་། སྐལ་དབང་། ཡོན་ཏན་ཚེ་རིང་། ཝང་ཤན་གོ བསམ་གྲུབ། བློ་བཟང་བསྟན་དར། ཏང་ཙུང་ལན་བཅས་ཀྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་འཐུས་མིའི་ཐོབ་ཐང་མཚམས་འཇོག་བྱས་པ་རེད། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་འཐུས་མི་ཝང་རུའེ་ལན་བོད་རང་སྐྱོང་ལྗོངས་ནས་ལས་སྒྱུར་བྱས་སྟབས་ཝང་རུའེ་ལན་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་འཐུས་མིའི་ཐོབ་ཐང་རང་ཡལ་དུ་གྱུར་པ་རེད།
ས་གནས་རྩ་འཛུགས་བཅའ་ཁྲིམས་དང་འདེམས་བསྐོའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཏའེ་ཅན་གོའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་གོ་གནས་ཀྱང་དེ་དང་ཆབས་ཅིག་མཚམས་འཇོག་བྱས་པ་དང་། སྐལ་དབང་གི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གོ་གནས་ཀྱང་དེ་དང་ཆབས་ཅིག་མཚམས་འཇོག་བྱས་པ། ཡོན་ཏན་ཚེ་རིང་གི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་མི་རིགས་ཆོས་ལུགས་དང་ཕྱི་འབྲེལ་གྱི་ཕྱིར་སྡོད་རང་མིའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པའི་གོ་གནས་ཀྱང་དེ་དང་ཆབས་ཅིག་མཚམས་འཇོག་བྱས་པ། བསམ་གྲུབ་ཀྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གོ་གནས་ཀྱང་དེ་དང་ཆབས་ཅིག་མཚམས་འཇོག་བྱས་པ། ཝང་ཤན་གོ་དང་། བློ་བཟང་བསྟན་དར། ཏང་ཙུང་ལན་བཅས་ཀྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གོ་གནས་ཀྱང་དེ་དང་ཆབས་ཅིག་མཚམས་འཇོག་བྱས་པ་བཅས་རེད།
ད་ལྟ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པར་དངོས་ཡོད་འཐུས་མི་428ཡོད།
དམིགས་བསལ་སྤྱི་བསྒྲགས།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོཌ་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས།
2017ལོའི་ཟླ་3ཚེས་28ཉིན།