དབུ་ཤོག>སྲིད་དོན།
  • ཁང་དམར་རྫོང་སོགས་རྫོང(ཆུས)9དབུལ་ཞྭ་ཕུད་པའི་སྐོར་གྱི་སྤྱི་བསྒྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-03-22

    ཁང་དམར་རྫོང་དང་། པ་སྣམ་རྫོང་། གྲོ་མོ་རྫོང་། སྣེ་གདོང་ཆུས། ལྷོ་བྲག་རྫོང་། ཆུ་གསུམ་རྫོང་། བྲག་ཡིབ་ཆུས། སྨན་གླིང་རྫོང་། ཁ་རུབ་ཆུས་བཅས་2016ལོར་དབུལ་ཞྭ་ཕུད་པའི་རྫོང(ཆུས)གི་དཔྱད་དཔོག་དཔྱད་ཞིབ་དང་ཞིབ་བཤེར་རྩིས་ལེན་བྱ་རྒྱུའི་སྐོར་གྱི་གཞིས་རྩེ་གྲོང་ཁྱེར་དང་། ལྷོ་ཁ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར། ཆབ་མདོ་གྲོང་ཁྱེར་བཅས་ཀྱི་དགོངས་སྐོར་དང་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་བཀོད་སྒྲིག་གཞིར་བཟུང་། 《ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི〈དབུལ་པོ་ལས་སྒྲོལ་བའི་ལམ་སྲོལ་འཛུགས་རྒྱུའི་སྐོར་གྱི་བསམ་འཆར〉》(ཐིང་ཡིག[2016]ཡིག་ཨང་16པ)དང《བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཚོ(གྲོང་ལྷན)དབུལ་པོ་ལས་སྒྲོལ་བ་དང་རྫོང(ཆུས)ཀྱི་དབུལ་ཞྭ་འབུད་རྒྱུའི་དཔྱད་ཞིབ་བྱ་ཐབས》(བོད་རང་སྐྱོང་ལྗོངས་ཏང་ཨུད་གཞུང་ལས་ཁང་གིས་སྤེལ[2016]ཡིག་ཨང་33པའི)ཡིག་ཆའི་དགོངས་དོན་གཞིར་བཟུང་། 2016ལོའི་ཟླ་11ཚེས་3ཉིན་ནས་ཟླ་12ཚེས་20ཉིན་བར་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུས་ཀྲུང་གོ་ཚན་རིག་ཁང་ས་གཤིས་ཚན་རིག་དང་ཐོན་ཁུངས་ཞིབ་འཇུག་སུའོ་ལ་ཕྱོགས་གསུམ་པའི་རང་ཚུགས་དཔྱད་དཔོག་བྱ་རྒྱུའི་མངགས་བཅོལ་བྱས་པ་དང་། 2016ལོའི་ཟླ་11ཚེས་25ཉིན་ནས་ཟླ་12ཚེས་15ཉིན་བར་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུས་དཔྱད་ཞིབ་ཚོགས་ཆུང་བདུན་སྒྲིག་འཛུགས་བྱས་ནས་དབུལ་ཞྭ་འབུད་རྒྱུའི་དཔྱད་ཞིབ་བྱས་པ། 2017ལོའི་ཟླ་2ཚེས་5ཉིན་ནས་ཟླ་3ཚེས་15ཉིན་བར་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུས་ས་ཁུལ་དང་གྲོང་ཁྱེར་དབར་ཕན་ཚུན་དཔྱད་ཞིབ་བྱེད་རེས་ཀྱི་ལས་དོན་སྤེལ་ཡོད།

    ཕྱོགས་བསྡུས་དཔྱད་དཔོག་དང་དཔྱད་ཞིབ་བྱས་པ་བརྒྱུད། 2016ལོར་ཁང་དམར་རྫོང་སོགས་རྫོང(ཆུས)9ཡི་དབུལ་སྒྲོལ་དུད་ཚང་གི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་3311ལས་བརྒལ་བའི་དབུལ་སྐྱོར་ཚད་གཞིར་སླེབས་པ་དང་། རྫོང(ཆུས)དུ་དབུལ་པོ་ཐོན་ཚད་3%མན་ཆག་པ། མང་ཚོགས་དབུལ་པོར“སེམས་ཁྲལ་བྱེད་མི་དགོས་པ་གསུམ”དང“ཡོད་པ་གསུམ”“འགན་ལེན་གསུམ”བཅས་བྱུང་བ། ཤང་གྲོང་དབུལ་པོའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་པ། འཕེལ་རྒྱས་ཀྱི་གོམས་སྟབས་མགྱོགས་སུ་ཕྱིན་པ། སྟོན་གྲངས་ཁག་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་གཏན་འབེབས་བྱས་པའི་དབུལ་ཞྭ་འབུད་རྒྱུའི་ཚད་གཞིར་སླེབས་པ། རྒྱལ་ཁབ་ཀྱིས་དབུལ་ཞྭ་འབུད་རྒྱུར་མོས་མཐུན་ཐོབ་རྒྱུའི་རེ་ཞུ་བྱས་པ་བཅས་སྤྱི་བསྒྲགས་བྱ་རྒྱུ་ཡིན། བསམ་འཆར་མི་མཐུན་པ་ཡོད་ཚེ་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་གྱི་ཉིན་7ནང་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་ལྟ་སྐུལ་མཛུབ་ཁྲིད་དཔྱད་ཞིབ་ཚོགས་ཆུང་ལ་ཐེར་འདོན་གོང་ཞུ་བྱེད་ཆོག

    ཐེར་འདོན་གོང་ཞུ་བྱ་ཡུལ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སེ་ར་ལམ་སྒོ་རྟགས་5པ།

    ཐེར་འདོན་གོང་ཞུའི་ཁ་པར། 0891—6599902 6599889(བརྙན་སྐྱེལ)

    བོད་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུས།

    2017ལོའི་ཟླ་3ཚེས་16ཉིན།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།