དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-03-12

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་ཏང་གི་འགོ་ཁྲིད་མི་དམངས་འཐུས་ཚོགས་ལས་དོན་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་རྒྱུ་མཐའ་འཁྱོངས་བྱས་ནས“གཙོ་གནད་ལས་དོན་ཁག་ལྔ”ཡག་པོ་སྒྲུབ་སྟེ་ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་འདས་ཟིན་པའི་ལོ་གཅིག་རིང་གི་ལས་དོན་དོན་དངོས་དང་མཐུན་པའི་ངང་ཕྱོགས་སྡོམ་དང་འདི་ལོའི་ལས་དོན་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་གནང་ནས་དུས་བབ་སྟངས་འཛིན་ཡང་དག་དང་། སྤྱིའི་བླང་བྱ་གསར་པ།ལས་ཀའི་བྱེད་ཐབས་ཏན་ཏིག་བཅས་ཡོད་པས་དངོས་ཐོག་བདེན་འཚོལ་དང་། མི་སེམས་ལ་སྐུལ་མ་གཏོང་བ། མང་ཚོགས་དང་འབྲེལ་འདྲིས་ཐུབ་པ། ངར་ཤུགས་འཕེལ་བ། ཡིད་ཆེས་འཕེལ་བ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་རེད། ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་གནང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ནང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་འཆར་འགོད་དང་སྐུལ་མ་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བའི་མཐོ་ཚད་ཐོག་ནས་ཁྲིམས་འཛུགས་ལ་སྐུལ་འདེད་དང་། འཐབ་ཇུས་གལ་ཆེན་བཀོད་པ། སྒྱུར་བཅོས་འགན་ལེན། ལྟ་སྐུལ་ལ་ཤུགས་སྣོན། འཐུས་མིའི་ལས་དོན། ཕྱི་ཕྱོགས་སུ་སྤེལ་རེས། རང་ངོས་འཛུགས་སྐྲུན་སོགས་ཕྱོགས་བདུན་ཐད་ཀྱི་ལས་དོན་སྒྲུབ་ནས་འདས་ཟིན་པའི་ལོ་གཅིག་རིང་གི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁག་གི་འཕེལ་རིམ་གསར་པ་དང་ཕན་འབྲས་གསར་པར་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་སྦྲགས་ཕྱོགས་ལྔ་ཡི་ཐད་ནས་ཚན་རིག་དང་མཐུན་ལ་དམ་པ་དོན་གཉེར་གྱི་སྒོ་ནས་འདི་ལོའི་ལས་འགན་གཙོ་བོ་བཀོད་སྒྲིག་གནང་ཡོད། སྙན་སྒྲོན་ཧྲིལ་པོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ཁྱབ་པ་དང་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་ཀྱི་རང་ཐག་རང་གཅོད། ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་ནུས་ལྡན་གང་ལེགས་མངོན་པ། སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་། དུས་བསྟུན་འཕེལ་རྒྱས་ཀྱི་དུས་རབས་ཀྱི་ཁྱད་ཆོས། དཔའ་ངར་ཆེར་སྐྱེད་དང་འགན་འཁྲི་འཁུར་ཕོད་པའི་ལས་སྒྲུབ་ཀྱི་ཀུན་སྤྱོད་བཅས་ཕྱོགས་ཡོངས་ནས་མངོན་པ་དང་ཆབ་སྲིད་ཀྱི་རང་བཞིན་དང་། བཅའ་ཁྲིམས་ཀྱི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན། བཀོལ་སྤྱོད་ཆོག་པའི་རང་བཞིན་བཅས་ཤུགས་ཆེན་ལྡན་པས་དངོས་ཐོག་བདེན་འཚོལ་དང་། གསར་གཏོད་འཕེལ་རྒྱས། དམངས་འཚོ་མངོན་པ། ཁྲིམས་སྐྱོང་ལ་སྐུལ་གཏོང་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་རེད་ཅེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་གོམ་སྟབས་རྗེས་མར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གྱི་བཀོད་སྒྲིག་བླང་བྱ་སློབ་སྦྱོང་དང་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ཏེ་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱེད་དགོས་པ་སྟེ། གཅིག་ནས“སྲོག་ཤིང་གཅིག”ལ་ལྷག་བསམ་རྣམ་དག་གིས་ཏང་གི་འགོ་ཁྲིད་མི་དམངས་འཐུས་ཚོགས་ལས་དོན་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱེད་པ་དང“འདུ་ཤེས་བཞི”དང་ལྷག་དོན་དུ་སྲོག་ཤིང་གི་འདུ་ཤེས་དང་མིག་ལྟོས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་དེ་བས་བློ་བརྟན་འགྱུར་མེད་དང་རང་རྟོགས་ངང་བློ་མཐུན་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་དང་ལྷག་དོན་དུ་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་གྱིས་ཀླད་པར་དྲག་ཆས་སྤྲོད་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མི་དམངས་འཐུས་ཚོགས་ལས་ཀའི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱེད་དགོས་པ་དང་གཉིས་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ་ཁྲིམས་གཏན་འཁེལ་བའི་འགན་ནུས་ཁག་ལག་བསྟར་ཡག་པོ་བྱེད་དགོས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གྱི་དགོངས་དོན་གཙོ་བོ་སློབ་སྦྱོང་གཏིང་ཟབ་དང་ཁོང་དུ་གཏིང་ཟབ་ཆུད་པ་བྱེད་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་འགན་ནུས་ལག་བསྟར་བྱེད་པའི་ཁྲོད་གསོག་འཇོག་བྱས་པའི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་ཡག་པོ་སྤྱོད་པ་དང་གསོན་ཉམས་དོད་པོས་སྤྱོད་པ། “གཙོ་གནད་ལས་དོན་ཁག་ལྔ”ནུས་ཤུགས་ཡོད་རྒུ་དང་གོ་རིམ་ལྡན་པའི་ངང་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། ཁྲིམས་འཛུགས་ལས་དོན་ཐད་ཁྲིམས་འཛུགས་སྤུས་ཚད་མཐོ་རུ་གཏོང་བའི་ལྟེ་བ་མཐའ་འཁྱོངས་དང་ལས་དོན་སྤེལ་ཐབས་གསར་གཏོད་ཀྱིས་ལོ་འཁོར་གྱི་ཁྲིམས་འཛུགས་འཆར་གཞི་ཕུན་སུམ་ཚོགས་པོའི་སྒོ་ནས་ལེགས་གྲུབ་ཐུབ་པ་བྱེད་པ་དང་སྐབས་འདིའི་ཁྲིམས་འཛུགས་འཆར་འགོད་ཀྱི་མཇུག་བདེ་བླག་ངང་བསྡུས་ནས་སྐབས་རྗེས་མའི་ལོ་ལྔ་ཡི་ཁྲིམས་འཛུགས་ལས་དོན་སྔོན་ལ་འཆར་འགོད་བྱེད་དགོས། ལས་དོན་ལ་ལྟ་སྐུལ་བྱེད་པའི་ཐད་ཡང་དག་པའི་ལྟ་སྐུལ་དང་ནུས་ལྡན་གྱི་ལྟ་སྐུལ་ལག་བསྟར་བྱ་རྒྱུ་དེ་ལྟ་སྐུལ་གྱི་ལས་དོན་ཡག་པོ་སྒྲུབ་པའི་གཞི་རྩའི་རྩ་དོན་ལ་བརྩིས་ནས་ཁྲིམས་ལྟར་འགན་དབང་སྤྱོད་རྒྱུ་མཐའ་འཁྱོངས་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། ལྟ་སྐུལ་དང་རྒྱབ་སྐྱོར་ཕན་ཚུན་གཅིག་གྱུར་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་འཕེལ་རྒྱས་དང་། བརྟན་ལྷིང་། དམངས་འཚོ། སྣོད་བཅུད་བཅས་ཀྱི་གཙོ་གནད་མངོན་གསལ་དོད་པོས་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་གྱི་དམིགས་སའི་རང་བཞིན་དང་ཕན་འབྲས་རང་བཞིན་སྔར་བས་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།