དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོཌ་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-02-17

    འཐུས་མི་རྣམ་པ།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་བཀའ་མངགས་ལྟར་ད་ལྟ་ངས་ཚོགས་ཆེན་ལ་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་གནང་།

    2016ལོའི་ལས་དོན་གཙོ་བོ།

    འདས་ཟིན་པའི་ལོ་གཅིག་རིང་། ལྗོངས་ཏང་ཨུད་ཀྱི་ཡང་དག་པའི་དབུ་ཁྲིད་འོག རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ། དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་འཛིན་སྐྱོང་གི་བསམ་གཞི་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ། ལྷག་པར་དུ་མཐའ་སྐྱོང་བོད་བརྟན་གྱི་གལ་ཆེའི་འཐབ་ཇུས་དགོངས་པ་བཅས་ཀྱིས་ཁྲིད་སྟོན་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་ཀྱིས་ཚོགས་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་རྒྱུ་དེ་འགན་སྒྲུབ་ཀྱི་གཙོ་དོན་དུ་བྱེད་པ་དང་། བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་དེ་འགན་སྒྲུབ་ཀྱི་དམིགས་ཚད་དུ་བཟུང་སྟེ། ཁྲིམས་བཞིན་འགན་དབང་སྤྱོད་པ་དང་ལས་དོན་ཧུར་ཐག་སྤེལ་བའི་བྱ་སྤྱོད་ངོ་མའི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་མཐའ་གཅིག་ཏུ་བརྩི་བཀུར་ཞུ་བ་དང་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱས་ཡོད། ལོ་གཅིག་རིང་། རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཁྱོན་ཐེངས་7འཚོགས་པ་དང་། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཆར་ཟིན་ཁག་12ལ་གྲོས་ཞིབ་བྱས་ནས་ཁག་8ལ་གྲོས་འཆམ་བྱས་པ། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་གྲོས་ཞིབ་བྱེད་རོགས་ཞུས་པའི་ཁྲིམས་སྲོལ་གྲོས་གཞི་1གཏན་འཁེལ་བྱས་པ། ཆུད་བཙུགས་པའི་གྲོང་ཁྱེར་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་3ལ་ཞིབ་བཤེར་བྱས་ནས་ཆོག་མཆན་སྤྲད་པ། ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཁག་7ལ་ཞིབ་བཤེར་བྱས་ཡོད། བཅའ་ཁྲིམས་དང་ཁྲིམས་སྲོལ་ཁག་10ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་ཤིང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ལས་དོན་སྙན་ཞུ་ཁག་10ཉན་ནས་གྲོས་ཞིབ་བྱས་པ་དང་། ཆེད་དོན་བརྟག་ཞིབ་ཐེངས་7དང་ཆེད་དོན་འདྲི་རྩད་ཐེངས་2བྱས་ཡོད། གྲོས་ཆོད་དང་གཏན་འབེབས་ཁག་18བཏོན་པ་དང་། འཐུས་མི་རེ་འགའི་འཐུས་མིའི་འོས་བབ་སྐོར་གྱི་སྙན་ཞུ་དང་སྤྱི་བསྒྲགས་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱས་པ། རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱ་མི་ཐེངས་209བསྐོ་འཐེན་གཏན་འཁེལ་དང་ཆོག་མཆན་སྤྲད་པ་བཅས་བྱས་ཡོད་པས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་གཏན་འཁེལ་བྱས་པའི་ལས་འགན་ཁག་ལེགས་གྲུབ་ཡག་ཙམ་བྱུང་བ་དང་། དེ་སྔའི་ལས་དོན་གྱི་རྨང་གཞིའི་ཐོག་སླར་ཡང་གོང་འཕེལ་གསར་པ་བྱུང་བ་དང་ཕན་འབྲས་གསར་པ་ཐོན་ཡོད།

    གཅིག ཁྲིམས་སྐྱོང་གི་བོད་ལྗོངས་སྐྲུན་པར་སྐུལ་སྤེལ་གཏོང་རྒྱུ་ལྟེ་བར་བཟུང་ནས་ཁྲིམས་སྲོལ་བཟོ་འབེབས་ཀྱི་བཀོལ་སྤྱོད་རང་བཞིན་དང་ལག་ལེན་བསྟར་འཐུས་རང་བཞིན་ཆེ་རུ་གཏོང་རྒྱུར་ཤུགས་བརྒྱབ་པ།

    དཔལ་འབྱོར་ཐད་ཀྱི་ཁྲིམས་བཟོ་འཐུས་སྒོ་ཚང་དུ་བཏང་བ། རྒྱུན་ལས་ཨུ་ལྷན་གྱིས་རང་ལྗོངས་ཀྱི་ཡུལ་སྐོར་ཐོན་ལས་གོང་འཕེལ་ཆེན་པོ་ཡོང་བར་ཁྲིད་སྟོན་དང་སྐུལ་འདེད་གཏོང་རྒྱུའི་རྩ་དོན་ལ་བརྩི་སྲུང་ཞུས་ཐོག དུས་ཡུན་ལོ་ཕྱེད་ལྷག་ཙམ་གྱི་བརྟག་ཞིབ་དང་རིགས་སྒྲུབ་ཁུངས་སྐྱེལ་གཏིང་ཟབ་བྱས་པ་དང་། རྒྱ་ཁྱབ་ཏུ་བསམ་འཆར་བསྡུ་ལེན་བྱས་པའི་རྨང་གཞིའི་ཐོག གྲོས་ཞིབ་ཐེངས་བཞི་བྱས་པ་བརྒྱུད་ཡུལ་སྐོར་སྲོལ་ཡིག་ལ་ཕྱོགས་ཡོངས་ནས་དག་བཅོས་བྱས་ཡོད། ད་རེས་ཀྱི་དག་བཅོས་ནང་ཡུལ་སྐོར་ཁྲོམ་ར་འཆར་འགོད་བྱེད་པར་སྐུལ་འདེད་གཏོང་རྒྱུ་དང་། ཡུལ་སྐོར་ཐོན་ཁུངས་སྲུང་སྐྱོབ་དང་གསར་སྤེལ་བྱེད་རྒྱུ། ཡུལ་སྐོར་བྱེད་སྒོ་གཉེར་སྐྱོང་དང་ཚད་ལྡན་བཟོ་རྒྱུ། ཡུལ་སྐོར་ཐོན་ལས་ཀྱི་ཞབས་ཞུ་དང་དོ་དམ་བྱེད་རྒྱུ་སོགས་ཐད་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱས་ནས་སྲིད་གཞུང་དང་དེའི་ཡུལ་སྐོར་གཙོ་འགན་སྡེ་ཚན་དང་། དེ་བཞིན་ཡུལ་སྐོར་ལས་གཉེར་པ་དང་ཡུལ་སྐོར་ཐད་ཀྱི་ལས་ཀ་བྱེད་མཁན་བཅས་ཀྱི་འགན་འཁྲི་ཁ་གསལ་བཟོས་པ་དང་ཡུལ་སྐོར་བའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་བར་བརྟེན་ཡུལ་སྐོར་ལས་རིགས་ཕྱོགས་སྒྱུར་རིམ་སྤོར་དང་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་ཐད་ཁྲིམས་ལུགས་ཀྱི་འགན་སྲུང་ནུས་ལྡན་ཐུབ་ཡོད། ཐན་འགོག་གེགས་སེལ་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུར་དམིགས་ཏེ་ཐན་འགོག་སྲོལ་ཡིག་འཆར་ཟིན་ལ་ཐོག་མའི་གྲོས་ཞིབ་བྱས་ཡོད། འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་སྔོན་ཚུད་ནས་ཐེ་ཞུགས་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་གཞུང་ཁོངས་རྒྱུ་ནོར་ལ་ལྟ་སྐུལ་དོ་དམ་བྱེད་པའི་སྲོལ་ཡིག་བཟོ་རྒྱུ་དང་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་ལག་བསྟར་བྱ་ཐབས་ལ་དག་བཅོས་བྱེད་རྒྱུ་སོགས་ཁྲིམས་སྲོལ་གྱི་སྔོན་གྲབས་ལས་དོན་ནང་ཞུགས་ཡོད།

    སྤྱི་ཚོགས་ཀྱི་ཁྲིམས་བཟོ་རྒྱུར་སྣང་ཆེན་བྱས་པ། རྒྱུན་ལས་ཨུ་ལྷན་གྱིས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཨང་དང་པོ་དེ་ཧུར་ཐག་བསྒྲུབས་ཐོག སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་དང་འཐུས་ལེགས་སུ་གཏོང་རྒྱུའི་ཐད་ཀྱི་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གྱིས་མཐའ་མཚམས་སྐྱོང་བ་དང་། མཐའ་མཚམས་བརྟན་ལྷིང་ཡོང་བ། མཐའ་མཚམས་དར་རྒྱས་ཡོང་བ་བཅས་ཐད་ཀྱི་རང་ལྗོངས་ཀྱི་ཉམས་མྱོང་བཟང་པོ་རྣམས་ཕྱོགས་བསྡོམས་ནན་ཏན་བྱས་ཏེ་མཐའ་མཚམས་དོ་དམ་གྱི་སྒྲིག་སྲོལ་དང་། མཐའ་མཚམས་དོ་དམ་ཁུལ་དབྱེ་འབྱེད་གཏན་འཁེལ། མཐའ་མཚམས་ས་ཁུལ་གྱི་མཉམ་འགོག་མཉམ་སྡོམ་འགན་འཁྲིའི་ལམ་ལུགས། མཐའ་སྲུང་སྒྲིག་བཀོད་འཛུགས་སྐྲུན་དང་སྲུང་སྐྱོབ་སོགས་ཐད་ནས་མཐའ་མཚམས་དོ་དམ་སྲོལ་ཡིག་ལ་བཟོ་བཅོས་གལ་ཆེན་བྱས་ཏེ་འཐུས་སྒོ་ཚང་དུ་བཏང་བས་ཁྲིམས་སྲོལ་གྱི་དམིགས་བཀར་རང་བཞིན་དང་། བཀོལ་སྤྱོད་རང་བཞིན། ལག་ལེན་བསྟར་འཐུས་རང་བཞིན་བཅས་སྔར་བས་ཆེ་རུ་སོང་ཡོད། མི་རྩ་བར་འཛིན་རྒྱུ་དང་གནད་འཕིགས་ཞབས་ཞུ་སྒྲུབ་རྒྱུ་མངོན་ཆེར་བཟུང་ནས་ཕྱོགས་མིར་ཞབས་ཞུ་དང་དོ་དམ་བྱེད་པའི་སྲོལ་ཡིག་ལ་དུས་ཐོག་ཏུ་དག་བཅོས་བྱས་པས་ཕྱོགས་མིའི་དབྱེ་མཚམས་དང་། གནས་སྡོད་དོ་དམ་བྱ་ཐབས། དེ་བཞིན་ཕྱོགས་མིས་སྤྱོད་ཆོག་པའི་གཞི་རྩའི་སྤྱི་པའི་ཞབས་ཞུའི་སྲིད་ཇུས་སོགས་སྔར་བས་འཐུས་ལེགས་སུ་སོང་བས་ཁྲིམས་བཞིན་བོད་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ། ཡུན་རིང་བདེ་འཁོད་ཡོང་རྒྱུ་བཅས་ཀྱི་ཐད་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད། ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་། མི་འབོར་དང་འཆར་ལྡན་བུ་བཙའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལག་བསྟར་བྱས་ནས་བུ་བཙའི་སྲོལ་ཡིག་འཆར་ཟིན་ལ་གྲོས་ཞིབ་བྱས་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེ་བཏང་སྟེ་བདེན་པའི་རྒྱབ་ལངས་ཀྱི་ལས་དོན་ཁྲིམས་ལུགས་ཅན་དུ་སྒྱུར་རྒྱུར་སྐུལ་སྤེལ་ཧུར་ཐག་གཏོང་ཆེད་བདེན་པའི་རྒྱབ་ལངས་བྱེད་མཁན་ལ་གཟེངས་བསྟོད་བྱ་དགའ་སྤྲོད་པ་དང་ཁེ་དབང་འགན་སྲུང་བྱེད་པའི་སྲོལ་ཡིག་འཆར་ཟིན་ལ་གྲོས་ཞིབ་བྱས་ཡོད། ཁྲིམས་སྐྱོང་འཕེལ་རིམ་དང་ལོ་ལྔའི་ཁྲིམས་བཟོའི་འཆར་འགོད་ལ་གཞིགས་ཏེ་འབྲེལ་ཡོད་ཆེད་དོན་ཨུ་ལྷན་གྱིས་བཟའ་བཅའ་བཟོ་ཁང་ཆུང་གྲས་དང་། ཚོང་ཁྲོམ་ཆུང་གྲས། བཟའ་བཏུང་ཁང་ཆུང་གྲས་བཅས་ལ་དོ་དམ་བྱེད་པའི་བྱ་ཐབས་དང་། རིག་གནས་ཁྲོམ་རའི་དོ་དམ་སྲོལ་ཡིག ཚན་རྩལ་འབྲས་བུ་དངོས་སྒྱུར་བཅའ་ཁྲིམས་ཀྱི་ལག་བསྟར་བྱ་ཐབས། མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག་སོགས་ཁྲིམས་སྲོལ་བཟོ་བའམ་ཡང་ན་བཟོ་བཅོས་རྒྱག་པའི་ལས་དོན་ལ་ཆེད་དོན་བརྟག་ཞིབ་བྱས་ཡོད།

    འབྱུང་ཁམས་ཐད་ཀྱི་ཁྲིམས་བཟོ་ཤུགས་ཆེ་རུ་བཏང་བ། རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་སྐྱོང་གི་བྱ་ཐབས་ཐོག་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་རྒྱུར་སྣེ་ཁྲིད་དང་སྐུལ་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ལྷ་ས་གྲོང་ཁྱེར་གྱི་གནའ་གྲོང་སྲུང་སྐྱོབ་སྲོལ་ཡིག་དང་། གྲོང་ཁྱེར་གྱི་ཆུ་འདོན་ཆུ་སྤྱོད་སྐོར་གྱི་ལྷ་ས་གྲོང་ཁྱེར་གྱི་སྲོལ་ཡིག གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་དོ་དམ་བྱེད་རྒྱུའི་གཞིས་རྩེ་གྲོང་ཁྱེར་གྱི་སྲོལ་ཡིག་བཅས་ལ་ཞིབ་བཤེར་ཆོག་མཆན་སྤྲད་པར་བརྟེན་ཐོན་ཁུངས་གྲོན་ཆུང་རྣམ་པ་དང་ཁོར་ཡུག་མཐུན་འཕྲོད་ཅན་གྱི་སྤྱི་ཚོགས་བསྐྲུན་རྒྱུར་ཁྲིམས་ལུགས་ཐད་ནས་འདེགས་སྐྱོར་བྱས་ཡོད།

    ཚན་རིག་དང་མཐུན་པའི་ཁྲིམས་བཟོ་དང་དམངས་གཙོའི་ཁྲིམས་བཟོ་བྱ་རྒྱུར་སྐུལ་སྤེལ་བཏང་བ། རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་བཟོའི་བཅའ་ཁྲིམས་ཀྱི་སྙིང་དོན་ཁོང་དུ་ཟབ་མོར་ཆུད་པ་བྱས་ཐོག ཁྲིམས་བཞིན་ཁྲིམས་བཟོ་དང་། དམངས་ཀྱི་དོན་དུ་ཁྲིམས་བཟོ། ཚན་རིག་དང་མཐུན་པའི་ཁྲིམས་བཟོ་བཅས་ཀྱི་ལས་ཀའི་འདུ་ཤེས་བརྟན་པོ་བཙུགས་ཏེ་ཁྲིམས་བཟོའི་སྤུས་ཚད་ལེགས་སུ་གཏོང་རྒྱུར་ཤུགས་བརྒྱབ་ཡོད། དེ་ཡང་གཅིག་ནི་ཁྲིམས་བཟོའི་ལས་དོན་ལ་ཏང་གིས་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱས་པ། རྒྱུན་ལས་ཨུ་ལྷན་ཏང་ཙུས་ཆབ་སྲིད་ཀྱི་འགོ་ཁྲིད་འགན་འཁྲི་ནན་ཏན་བསྒྲུབས་ནས《ཏང་གིས་ཁྲིམས་བཟོའི་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར》སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་མ་ཟད། ཕྱོགས་ཡོངས་ནས་ལག་བསྟར་གཏིང་ཟབ་བྱས་ཐོག ལག་བསྟར་བསམ་འཆར་ཟིན་འགོད་བྱེད་རྒྱུ་ཞིབ་འཇུག་གིས་ལྗོངས་ཏང་ཨུད་ལ་ཕུལ་བ་དང་། སྔ་རྗེས་སུ་ལོ་ལྔའི་ཁྲིམས་བཟོའི་འཆར་འགོད་ལེགས་སྒྲིག་གི་ཇུས་གཞི་དང་། ལོ་འཁོར་གྱི་ཁྲིམས་བཟོའི་འཆར་གཞི། དེ་བཞིན་གཙོ་ཆེའི་ཁྲིམས་བཟོའི་རྣམ་གྲངས་ཁག་4བཅས་དུས་ཐོག་ཏུ་ལྗོངས་ཏང་ཨུད་ལ་དགོངས་སྐོར་སྙན་སེང་ཞུས་ཏེ་ཁྲིམས་བཟོའི་ལས་དོན་ཁྲོད་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཡོད། གཉིས་ནི་ས་གནས་ཁྲིམས་བཟོའི་ལས་དོན་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ། ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྙན་དཔོད་ཞིབ་བཤེར་སྲོལ་ཡིག་ལ་དག་བཅོས་བྱས་ཐོག ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྙན་དཔོད་བྱེད་ཁོངས་དང་། ཞིབ་བཤེར་ཚད་གཞི། ཞིབ་བཤེར་བྱེད་སྟངས། དེ་བཞིན་ལན་སྤྲོད་ལམ་སྲོལ་བཅས་སྔར་བས་གསལ་པོ་བཟོས་པར་བརྟེན་ཁྲིམས་ལུགས་ཀྱི་གཅིག་གྱུར་སྲུང་སྐྱོང་ཏན་ཏིག་ཐུབ་ཡོད། ཁྲིམས་བཟོའི་སྲོལ་ཡིག(དག་བཅོས་འཆར་ཟིན)ལ་སྣེ་ཁྲིད་དེ་ཟིན་འགོད་བྱས་ཤིང་། ཏང་ཨུད་ཀྱིས་འགོ་ཁྲིད་བྱེད་པ་དང་། མི་དམངས་འཐུས་ཚོགས་ཀྱིས་གཙོ་ཁྲིད་བྱེད་པ། སྲིད་གཞུང་གིས་གཞི་རྟེན་བྱེད་པ། ཕྱོགས་ཁག་གིས་ཐེ་ཞུགས་བྱེད་པ་བཅས་ཀྱི་ཁྲིམས་བཟོའི་ལས་ཀའི་རྣམ་པ་སྔར་བས་འཐུས་ལེགས་སུ་བཏང་བ་དང་། ཁྲིམས་སྲོལ་དེ་བཞིན་རྣམ་གྲངས་ཁོངས་སུ་འཇུག་རྒྱུ་དང་། ཟིན་འགོད་བྱེད་རྒྱུ། རིགས་སྒྲུབ་ཁུངས་སྐྱེལ་བྱེད་རྒྱུ། བརྟག་ཞིབ་བྱེད་རྒྱུ། གྲོས་ཞིབ་བྱེད་རྒྱུ། བཟོ་བཅོས་རྒྱག་རྒྱུ། ཆོག་མཆན་ཞུ་རྒྱུ། བརྡས་ཐག་གཅོད་རྒྱུ་སོགས་ལྷུ་ཚིགས་ཁག་གི་སྒྲིག་སྲོལ་སྔར་བས་ཞིབ་ཚགས་སུ་བཏང་བ། ཆུད་བཙུགས་པའི་གྲོང་ཁྱེར་གྱི་ས་གནས་ཁྲིམས་སྲོལ་དབང་ཆ་ཁྲིམས་བཞིན་སྔར་བས་གཏན་འཁེལ་བྱས་པ་བཅས་ལ་བརྟེན་རྒྱུན་ལས་ཨུ་ལྷན་གྱིས་སྲོལ་ཡིག་དེའི་དག་བཅོས་འཆར་ཟིན་ལ་གྲོས་ཞིབ་ཐེངས་གཉིས་བྱས་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་པ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཁྲིམས་བཟོ་རྒྱུའི་ཐད་གྲོས་མོལ་བཅས་བྱས་ཏེ་ཐེངས་འདིའི་ཚོགས་ཆེན་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་གནང་རོགས་ཞུ་རྒྱུ་ཡིན། གསུམ་ནི་ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་པ། ཁྲིམས་སྲོལ་འཆར་ཟིན་ཚང་མ་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཐོག་མའི་གྲོས་ཞིབ་བྱས་རྗེས་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱེད་པ། འཕྲིན་གཏོང་བསམ་འཆར་བསྡུ་ལེན་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་དམངས་ཀྱི་འདོད་བློ་དང་དམངས་ཀྱི་བློ་རིག་སྔར་བས་ཡག་པོ་བསྡུས་པར་བརྟེན་མི་དམངས་རང་བཞིན་གྱི་བླང་བྱ་མཚོན་ཐུབ་པ་བྱུང་ཡོད། མཐའ་མཚམས་དོ་དམ་སྲོལ་ཡིག་གི་དག་བཅོས་ལས་དོན་ཡག་པོ་སྒྲུབ་ཆེད་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་དང་ལས་དོན་ཨུ་ཡོན་ལྷན་ཁང་གིས་ལྗོངས་ཡོངས་ཀྱི་མཐའ་མཚམས་རྫོང་དང་འགག་སྒོ་ཁག་ཚང་མར་བསྐྱོད་དེ་བརྟག་ཞིབ་བྱས་ཡོད། ཕྱོགས་མིར་ཞབས་ཞུ་དོ་དམ་བྱེད་པའི་སྲོལ་ཡིག་གི་དག་བཅོས་འཆར་ཟིན་དེ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་རྗེས་ཕྱོགས་ཁག་གིས་བཏོན་པའི་དགེ་མཚན་ལྡན་པའི་བསམ་འཆར་དང་གྲོས་འགོ་ཁག་30ལྷག་ཙམ་ལག་འབྱོར་ཡོད། བསྐྱར་དུ་གྲོས་ཞིབ་དང་གཅིག་གྱུར་གྲོས་ཞིབ་བྱེད་པའི་ལྷུ་ཚིགས་ཁོངས་ཀྱི་ཁྲིམས་སྲོལ་འཆར་ཟིན་རིགས་ལ་རིགས་གཅིག་མཁས་ཅན་གྱི་རིགས་སྒྲུབ་ཁུངས་སྐྱེལ་ཚོགས་འདུ་འཚོགས་པ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་བསམ་འཆར་བསྡུ་ལེན་བྱེད་པ། ཁྲིམས་བཟོའི་ཐད་ཀྱི་གྲོས་མོལ་བྱེད་པ་སོགས་ཀྱི་ཐབས་ལམ་སྤྱད་དེ་ལམ་ལུགས་ཀྱི་ཇུས་འགོད་དང་། འགག་རྩའི་དོན་ཚན། རྩོད་གླེང་འགལ་གཞི་བཅས་བྱུང་བའི་དཀའ་གནད་ཆེ་རིགས་གཙོ་གནད་དུ་ཐག་གཅོད་བྱས་ཏེ་ཁྲིམས་བཟོ་རྒྱ་ཁྱབ་ཏུ་གཅིག་མཐུན་ཡོང་བ་དང་ཁྲིམས་བཟོའི་སྤུས་ཚད་ཟམ་མི་ཆད་པར་ལེགས་སུ་བཏང་ཡོད།

    གཉིས། བརྟན་ལྷིང་དང་། གོང་འཕེལ། འབྱུང་ཁམས་བཅས་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཚད་དུ་བྱས་ནས་ལྟ་སྐུལ་ལས་དོན་གྱི་དམིགས་བཀར་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་རྒྱུར་ཤུགས་བརྒྱབ་པ།

    དཔལ་འབྱོར་ལས་དོན་ལ་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་རྒྱུར་སྐུལ་སྤེལ་བཏང་བ། རྒྱུན་ལས་ཨུ་ལྷན་གྱིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་གྱི་སྙན་སྒྲོན་དང་། ནོར་སྲིད་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་གྱི་སྙན་སྒྲོན། རྩིས་བཤེར་ལས་དོན་གྱི་སྙན་སྒྲོན། རྩིས་བཤེར་བྱས་ཏེ་རྩད་གཅོད་ཐུབ་པའི་གནད་དོན་ལ་བཅོས་སྒྲིག་དོན་འཁྱོལ་བྱས་ཚུལ་གྱི་སྙན་ཞུ་བཅས་ཉན་ནས་གྲོས་ཞིབ་བྱས་པ་དང་། ནོར་སྲིད་ངེས་རྩིས་དང་སྔོན་རྩིས་ལེགས་སྒྲིག་ལ་ཞིབ་བཤེར་བྱས་པ། འབྲེལ་ཡོད་ཕྱོགས་ཁག་གིས་དཔལ་འབྱོར་ལས་དོན་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་རྒྱུར་སྐུལ་འདེད་བཏང་བ་བཅས་ལ་བརྟེན་དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་སོང་བ་དང་། ནོར་སྲིད་མ་དངུལ་བེད་སྤྱོད་བྱེད་པའི་ནུས་ཕྱོད་ཆེ་རུ་སོང་ཡོད། ལྗོངས་ཡོངས་ཀྱི་ཚོང་དོན་ལས་ཀའི་གནས་ཚུལ་སྙན་ཞུ་ཉན་པ་དང་གྲོས་ཞིབ་བྱས་པ་མ་ཟད། ཆེད་དོན་འདྲི་རྩད་བྱས་ནས་ཚོང་དོན་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་ཁག་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་སྟེ་གཟིགས་སྐྱོང་སྲིད་ཇུས་དང་། ཁྲོམ་རའི་མ་ལག དེང་རབས་ཚོང་དོན། ཚོང་གཉེར་ཁོར་ཡུག རྨང་གཞིའི་སྒྲིག་བཀོད། ཚོང་དོན་རོགས་སྐྱོར་སོགས་གཙོ་གནད་ལས་དོན་ལ་སྐུལ་སྤེལ་ཏན་ཏིག་གཏོང་རྒྱུའི་བླང་བྱ་བཏོན་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་ལག་བསྟར་བྱས་ཚུལ་གྱི་སྙན་ཞུའི་གྲོས་ཞིབ་བསམ་འཆར་དོན་འཁྱོལ་བྱས་ཚུལ་ལ་རྗེས་འདེད་ཞིབ་བཤེར་བྱས་ཤིང་། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་རྒྱུ་དེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་སྤྱི་ཡོངས་དང་མང་ཚོགས་ཀྱི་བདེ་རྩ་དང་འབྲེལ་བ་ཡོད་པས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་པའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་རང་ལྗོངས་ཀྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་སུ་གཏོང་དགོས་པའི་ནན་བཤད་བྱས་ཡོད།

    སྲིད་འཛིན་ཁྲིམས་བཞིན་སྐྱོང་བར་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་ཞིག་བཏོད་པ། རྒྱུན་ལས་ཨུ་ལྷན་གྱིས་སྦྲག་ལས་བཅའ་ཁྲིམས་དང་སྦྲག་ལས་སྲོལ་ཡིག་དང་། མི་དམངས་མཁའ་ཟོན་བཅའ་ཁྲིམས་དང་དེའི་ལག་བསྟར་བྱ་ཐབས། བཟའ་བཅའི་བདེ་འཇགས་བཅའ་ཁྲིམས། སྨན་རྫས་དོ་དམ་བཅའ་ཁྲིམས་དང་དེའི་ལག་བསྟར་བྱ་ཐབས་བཅས་ལག་བསྟར་བྱས་ཚུལ་ཐད་ལ་ཞིབ་བཤེར་བྱེད་རྒྱུ་སྒྲིག་འཛུགས་བྱས་ཐོག བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱེད་པའི་ནང་གི་ཞན་ཆར་དམིགས་ཏེ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ལྟ་འདོམས་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། འགན་འཁྲིའི་མ་ལག་ཚགས་ཚུད་དུ་གཏོང་རྒྱུ། རྨང་གཞིའི་སྒྲིག་བཀོད་ལ་སྐུལ་སྤེལ་གཏོང་རྒྱུ། ཡོངས་ཁྱབ་ཞབས་ཞུ་དོན་འཁྱོལ་བྱེད་རྒྱུ་སོགས་ཀྱི་བསམ་འཆར་དང་གྲོས་འགོ་བཏོན་ཡོད། དུས་མཚུངས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས་ཀྱི་ཁྲིམས་སྒྱུར་ཞིབ་བཤེར་ཚོགས་ཆུང་གིས་བོད་དུ་ལས་དོན་སྤེལ་རྒྱུར་གཞོགས་འདེགས་ཧུར་ཐག་བྱས་ཡོད།

    དམངས་འཚོའི་ལས་དོན་ལ་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱས་པ། རྒྱུན་ལས་ཨུ་ལྷན་གྱིས་དབུལ་སྐྱོར་གནད་འཕིགས་དང་དབུལ་སྒྲོལ་གནད་འཕིགས་བྱེད་རྒྱུའི་ཆེད་དོན་སྙན་ཞུ་ཉན་ནས་གྲོས་ཞིབ་བྱེད་རྒྱུ་མ་ཟད། ཆེད་དོན་འདྲི་རྩད་བྱེད་རྒྱུ་དེ་ལོ་འཁོར་གྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་ལྗོངས་ཡོངས་ཀྱི་ས་གནས་གྲོང་ཁྱེར་7དང་། མེ་ཏོག་ཕུད་པའི་རྫོང་དང་ཆུད་ཡོངས་རྫོགས་ལ་བརྟག་ཞིབ་གཏིང་ཟབ་བྱས་པ་མ་ཟད། ཡུན་ནན་དང་ཀུད་ཀྲའུ་ཞིང་ཆེན་གཉིས་སུ་སློབ་སྦྱོང་དང་བརྟག་ཞིབ་བྱེད་པར་བསྐྱོད་ནས་ཡིག་འབྲུ་ཁྲི་30ལྷག་ཙམ་ཟིན་པའི་བརྟག་ཞིབ་སྙན་ཞུ་4དང་དཔྱད་གཟིགས་ཡིག་ཆ་མང་དག་ཅིག་གྲུབ་ཡོད། གྲོས་ཞིབ་བྱེད་པའི་ནང་རྒྱུན་ལས་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་ཕྱོགས་ཁག་ནས་ཕན་ནུས་ལྡན་པའི་ལས་དོན་སྤེལ་བར་ཁས་ལེན་གང་ལེགས་བྱས་ཐོག སྔར་ལས་ལྷག་པའི་སྒོ་ནས་གཙོ་རྐང་གི་འགན་འཁྲི་ཤུགས་ཆེར་གཏོང་བ་དང་། འགན་འཁྲི་དང་ལས་འགན་ཁ་གསལ་བཟོ་བ། སྤྱི་ཡོངས་སུ་འཆར་འགོད་ཡག་པོ་བྱེད་པ། རིགས་དབྱེ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ནུས་ཆེའི་ཐོན་ཁུངས་སྒྲིལ་བཅོས་བཅས་བྱས་ཏེ། རིགས་འདྲ་མིན་གྱི་སྲིད་ཇུས་མཉམ་སྤེལ་ཡག་པོ་དང་ལས་རིགས་ཁག་གིས་སྟོབས་ཤུགས་མཉམ་འདོན་བྱེད་པའི་དབུལ་སྐྱོར་ལས་ཀའི་རྣམ་པ་འཐུས་ལེགས་སུ་བཏང་ཐོག་སེམས་ནུས་གཅིག་སྒྲིལ་གྱིས་དངོས་འབྲེལ་དབུལ་སྒྲོལ་བྱེད་ཐུབ་པ་དང་ཕྱོགས་མང་ཤུགས་སྒྲིལ་གྱིས་དབུལ་པོ་དངོས་འབྲེལ་དབུལ་སྒྲོལ་ཐུབ་པ་བྱེད་རྒྱུ་ནན་བཤད་བྱས་ཡོད། འབྲེལ་ཡོད་ཨུ་ཡོན་ལྷན་ཁང་གིས་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ་དང་། དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་ནུས་ལྡན་བྱེད་རྒྱུ། དེང་རབས་ཞིང་ལས་ཀྱི་ཚན་རྩལ་གསར་གཏོད་དང་ཁྱབ་གདལ་གཏོང་བའི་མ་ལག་ཚགས་ཚུད་དུ་གཏོང་རྒྱུ། སྤྱི་ཚོགས་སྟོབས་ཤུགས་ཀྱིས་སློབ་གཉེར་བྱ་རྒྱུ་ཚད་ལྡན་བཟོ་བ་སོགས་མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་དམིགས་ཏེ་ཆེད་དོན་བརྟག་ཞིབ་བྱས་ནས་དམིགས་བཀར་རང་བཞིན་གྱི་ལས་ཀའི་གྲོས་འགོ་ཁག་གཅིག་བཏོན་ཡོད།

    ཁྲིམས་འཛིན་ལས་དོན་ལ་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་འཛིན་དྲང་གཞག་ཡོང་རྒྱུ་སྲུང་སྐྱོང་དང་དེར་སྐུལ་འདེད་བཏང་བ། རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་འཛིན་བྱ་སྤྱོད་ཚད་ལྡན་བཟོ་བའི་ལས་དོན་སྤེལ་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་སྙན་ཞུ་ཉན་པ་དང་གྲོས་ཞིབ་བྱས་ཐོག ཁྲིམས་འཛིན་ཚད་ལྡན་ཡོང་བར་ཤུགས་སྣོན་རྒྱག་པའི་ལམ་ལུགས་དང་བྱ་ཐབས་དོན་འཁྱོལ་ཏན་ཏིག་བྱས་ནས་ཀུན་གསལ་ཁྲིམས་སྒྱུར་དང་སྤྱོད་གཙང་ཁྲིམས་འཛིན་བྱེད་རྒྱུར་སྐུལ་སྤེལ་གཏིང་ཟབ་བཏང་སྟེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་ཁྲིམས་འཛིན་ཐད་ནས་འགན་སྲུང་ནུས་ལྡན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    མི་རིགས་དང་ཆོས་ལུགས་ལས་དོན་ལ་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ། འབྲེལ་ཡོད་ཨུ་ཡོན་ལྷན་ཁང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་འབྲེལ་བ་ཡོད་པའི་ཁྲིམས་བཟོའི་ལས་དོན་གྱི་བརྟག་ཞིབ་ལོ་གཉིས་བསྟུད་མར་སྒྲིག་འཛུགས་བྱས་ཤིང་། ཆོས་ལུགས་བྱ་བའི་སྲོལ་ཡིག་དང་དེ་བཞིན་རང་ལྗོངས་ཀྱི་ལག་བསྟར་བྱ་ཐབས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་པ་དང་། མི་རིགས་དང་ཆོས་ལུགས་ཁྱབ་ཁོངས་ཀྱི་ཁྲིམས་བཟོའི་དཔྱོད་དོན་ལ་ཞིབ་འཇུག་བྱས་ནས་གྲུབ་པའི་འབྲེལ་ཡོད་ཆེད་དོན་བརྟག་ཞིབ་སྙན་ཞུ་དང་བཏོན་པའི་ལས་ཀའི་གྲོས་འགོར་ལྗོངས་ཏང་ཨུད་ཀྱི་དབུ་ཁྲིད་བློ་མཐུན་གྱིས་གདེང་འཇོག་གང་ལེགས་བྱས་ཡོད། ཕྱིར་ལོག་རང་མི་དང་ཕྱིར་སྡོད་རང་མིའི་ནང་མིའི་ཁེ་དབང་སྲུང་སྐྱོབ་བཅའ་ཁྲིམས་དང་སྤྱི་ཕན་བྱ་གཞག་ཐད་ཞལ་འདེབས་འབུལ་བའི་བཅའ་ཁྲིམས་ལ་ཁྲིམས་སྒྱུར་ཞིབ་བཤེར་བྱེད་རྒྱུ་དང་ཕྱིར་ལོག་བོད་རིགས་སྤུན་ཟླའི་གནས་ཚུལ་སྐོར་ལ་ཆེད་དོན་བརྟག་ཞིབ་བྱེད་རྒྱུ་སྒྲིག་འཛུགས་བྱས་ནས་ཕྱིར་ལོག་སྤུན་ཟླའི་སྲིད་ཇུས་ཁྲིམས་སྲོལ་དང་ལས་ཀའི་ལམ་སྲོལ་འཛུགས་རྒྱུར་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་གྲོས་འཆར་བཏོན་ཡོད།

    ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ལ་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་རྒྱུར་སྐུལ་སྤེལ་བཏང་བ། ཀྲུང་ཧྭ་ཡི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་དུས་རབས་ལས་སྒོ་བོད་དུ་སྤེལ་བའི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་ལྟ་སྐུལ་ཞིབ་བཤེར་བྱས་ཤིང་། ས་གནས་གྲོང་ཁྱེར་ཁག་གི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་ཀའི་ཕན་འབྲས་གཅིག་སྡུད་ཐོག་དྲིལ་བསྒྲགས་བྱས་པ་དང་། རིམ་ཁག་སྲིད་གཞུང་དང་དེ་བཞིན་ཁོར་ཡུག་སྲུང་སྐྱོབ་སྡེ་ཚན་ནས་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་པའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱེད་རྒྱུ་དང་འབྱུང་འཕྲོད་ཤེས་དཔལ་གྱི་ལྟ་བ་དང་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ་བློ་བརྟན་འགྱུར་མེད་ཀྱིས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས་པའི་སྐུལ་ལྕག་བྱས་ཡོད། གཞན་ཡང་ལྗོངས་ཡོངས་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་ཁོར་ཡུག་སྲུང་སྐྱོབ་ལས་དོན་སྤེལ་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་ཞུ་ཉན་པ་དང་གྲོས་ཞིབ་བྱས་རྗེས་ན་ནིང་ལོ་འཁོར་གྱི་ཁོར་ཡུག་གནས་བབ་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་དམིགས་ཚད་ལེགས་སྒྲུབ་བྱས་ཚུལ་སྐོར་གྱི་སྙན་ཞུ་ཐེངས་དང་པོ་ཉན་པ་དང་གྲོས་ཞིབ་བྱས་ཏེ་ཆེས་ནན་ཤོས་ཀྱི་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས་རྟག་ཏུ་དམ་འཛིན་ལྷོད་མེད་དང་ཡུན་རིང་ནུས་པ་ཐོན་ཐུབ་པ་བྱས་ཏེ་འབྱུང་ཁམས་བདེ་འཇགས་ཀྱི་སྲུང་བཅད་གལ་ཆེན་ཞིག་བསྐྲུན་ནས་བོད་ཀྱི་སྔོ་ལྗང་རི་བོ་སྔར་བཞིན་གནས་ཐུབ་པ་དང་། དྭངས་གཙང་ཆུ་མོ་སྔར་བཞིན་རྒྱུག་ཐུབ་པ། མཁའ་རླུང་སྔར་བཞིན་གཙང་མར་གནས་ཐུབ་པ་བཅས་ཀྱི་ཆེད་འབད་བརྩོན་ཧུར་ཐག་བྱེད་དགོས་པའི་བླང་བྱ་བཏོན་ཡོད། གནམ་དཔྱད་སྲོལ་ཡིག་དང་གནམ་གཤིས་ཐོན་ཁུངས་སྲོལ་ཡིག་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་ནས་ཁྲིམས་སྲོལ་དེ་རང་ལྗོངས་སུ་ཕྱོགས་ཡོངས་ནས་ལག་བསྟར་ནུས་ལྡན་ཐུབ་པ་བྱེད་རྒྱུར་སྐུལ་འདེད་བཏང་ཡོད།

    ལྟ་སྐུལ་བྱེད་སྟངས་དང་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་ནས་ལྟ་སྐུལ་གྱི་ནུས་ཕྱོད་ཆེ་རུ་བཏང་བ། དེ་ཡང་གཅིག་ནི་བརྟག་དཔྱད་ཞིབ་འཇུག་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ། གནས་ཚུལ་ངོ་མ་ཤེས་རྟོགས་ཐུབ་ཆེད་སྤྱི་ཡོངས་དང་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་དབུལ་སྒྲོལ་འགག་སྒྲོལ་དང་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་སོགས་དང་འབྲེལ་བ་ཡོད་པའི་ལྟེ་བའི་ལས་དོན་ལ་ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱིས་གོང་འོག་མཉམ་འགུལ་བྱས་ཤིང་། ཀྲུའུ་རེན་ཚོགས་འདུའི་ཁོངས་མིས་ཚོགས་ཆུང་གི་སྣེ་འཁྲིད་པ་དང་། རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཐེ་ཞུགས་ཧུར་ཐག་བྱས་ཏེ། ལས་དོན་ཚོགས་ཆུང་མང་པོ་ཞིག་སྒྲིག་འཛུགས་ཀྱིས་ས་གནས་ཁག་ཏུ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་གྲོས་ཞིབ་བྱེད་རྒྱུར་ཐོག་མའི་དཔྱད་གཞི་མཁོ་འདོན་བྱས་ཡོད། གཉིས་ནི་ལྟ་སྐུལ་བྱེད་ཐབས་ཕུན་སུམ་ཚོགས་སུ་བཏང་བ། ཕྱོགས་ཁག་གིས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པ་དང་འཐུས་མིས་གླེང་ཕྱོགས་ཆེན་པོ་ཡོད་པའི་གནད་དོན་ནས་འགོ་བརྩམ་རྒྱུར་སྣང་ཆེན་བྱས་ཏེ་ཚན་རིག་དང་མཐུན་ལ་ལུགས་མཐུན་ངང་ལྟ་སྐུལ་གྱི་གྲོས་དོན་གཏན་འཁེལ་བྱས་པ་དང་། སྟབས་བསྟུན་ཕྱོད་ཆེའི་ལྟ་སྐུལ་བྱེད་སྟངས་ཐོག་ནས་ལོ་ལྟར་ཆེད་དོན་འདྲི་རྩད་ཐེངས་གཉིས་སྒྲིག་འཛུགས་བྱེད་རྒྱུ་སྔར་བས་རྒྱུན་རྣམ་ཅན་དང་ཚད་ལྡན་དུ་བཏང་ཡོད། སྲིད་གཞུང་གི་འགན་བགོས་འགོ་ཁྲིད་དང་། དེ་བཞིན་གྲུབ་ཁོངས་སྡེ་ཚན་གྱི་གཙོ་འགན་འཁུར་མཁན། “ཁང་གཉིས”ཀྱི་འགན་འཁུར་བ་བཅས་ཀྱིས་རྒྱུན་ལས་ཨུ་ལྷན་ལ་ལས་དོན་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་ནན་པོ་བྱས་པ་དང་། གཞི་རིམ་གྱི་འཐུས་མི་དང་རྫོང་རིམ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགན་འཁུར་བློ་མཐུན། དེ་བཞིན་འབྲེལ་ཡོད་ཁྱབ་ཁོངས་ཀྱི་འཐུས་མི་བཅས་ཆེད་དོན་བརྟག་ཞིབ་དང་འདྲི་རྩད་བྱེད་སྒོའི་ནང་ཞུགས་པར་གདན་འདྲེན་ཞུ་རྒྱུ་མཐའ་འཁྱོངས་བྱས་ཡོད། གསུམ་ནི་ནུས་ཕྱོད་རྩད་འདྲི་རྗེས་འདེད་བྱེད་ཤུགས་ཆེ་རུ་བཏང་བ། གྲོས་ཞིབ་བྱས་ཚུལ་ཕྱོགས་བསྡུས་བྱས་ནས་དུས་ཐོག་ཏུ་གྲོས་ཞིབ་བསམ་འཆར་ལེགས་སྒྲིག་བྱས་ཏེ། ཀྲུའུ་རེན་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་རྗེས“གཞུང་གཅིག་ཁང་གཉིས”ལ་གཉེར་སྒྲུབ་བྱེད་རྒྱུར་རྩིས་སྤྲོད་བྱས་པ་མ་ཟད། འབྲེལ་ཡོད་ཨུ་ཡོན་ལྷན་ཁང་གིས་རྒྱུན་མཐུད་སྒྲུབ་སྐུལ་དང་རྗེས་འདེད་བཏང་ནས་ནུས་ཕྱོད་རྩད་འདྲི་བྱས་ཡོད། “གཞུང་གཅིག་ཁང་གཉིས”དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་ཚད་མཐོའི་མཐོང་ཆེན་དང་དོན་འཁྱོལ་ནན་ཏན་བྱས་ཏེ་ལོ་ཧྲིལ་པོར་རྒྱུན་ལས་ཨུ་ལྷན་ལ་ཁྱོན་ཕྱོགས་12ཐད་ཀྱི་བཅོས་སྒྲིག་དང་དོན་འཁྱོལ་བྱས་ཚུལ་སྙན་སེང་ཞུས་པས་བཅོས་སྒྲིག་ལས་དོན་གཞི་རྩའི་ཆར་གནས་སུ་འཁེལ་ཐུབ་པ་བྱུང་ཡོད།

    གསུམ། ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་དང་འདོད་ཚུལ་མངོན་གྱུར་ཡོང་བ་བྱེད་རྒྱུ་རྩ་བར་བརྩིས་ནས་མི་དམངས་འཐུས་ཚོགས་ཀྱི་འགན་འཁྲི་སྒྲུབ་པའི་ཁ་ཕྱོགས་རང་བཞིན་དང་ཚད་ལྡན་རང་བཞིན་ཆེ་རུ་གཏོང་རྒྱུར་ཤུགས་བརྒྱབ་པ།

    ཀྲུང་དབྱང་གི་ཐབས་ཇུས་དང་ལྗོངས་ཏང་ཨུད་ཀྱི་མི་དམངས་འཐུས་ཚོགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་ནན་ཏན་བྱས་པ། རྒྱུན་ལས་ཨུ་ལྷན་གྱིས་རྫོང་དང་ཤང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་དང་ལྗོངས་ཏང་ཨུད་ཀྱི་མི་དམངས་འཐུས་ཚོགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དེ་གལ་ཆེའི་ཆབ་སྲིད་ཀྱི་ལས་འགན་ལ་བརྩིས་ནས་དུས་ཐོག་ཏུ་དྲིལ་བསྒྲགས་སློབ་སྦྱོང་བྱེད་རྒྱུ་སྒྲིག་འཛུགས་བྱས་ཏེ། ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ལས་ཁུངས་ལ་ལས་ཀའི་བླང་བྱ་བཏོན་པ་དང་། ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཁོངས་གཏོགས་ཀྱི་དྲུང་ཆེ་དང་གཞུང་ལས་ཁང་གི་ཀྲུའུ་རེན་གྱི་ཆེད་དོན་ཚོགས་འདུ་འཚོགས་ནས་དོན་འཁྱོལ་ཡག་པོ་བྱེད་རྒྱུར་སྐུལ་འདེད་བཏང་བར་བརྟེན་ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་སྤྱི་ཡོངས་འཛུགས་སྐྱོང་ཆུ་ཚད་སྔར་བས་མཐོ་རུ་སོང་ཡོད། རྫོང་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་བློ་མཐུན་གདན་འདྲེན་ཞུས་ནས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཟུར་ཞུགས་བྱེད་དུ་འཇུག་པ་དང་། རྒྱུན་ལས་ཨུ་ལྷན་དང་། ཆེད་དོན་ཨུ་ལྷན། ལས་དོན་ཨུ་ལྷན་བཅས་ཀྱི་འབྲེལ་ཡོད་ལས་དོན་ནང་ཞུགས་སུ་འཇུག་པ། འཛུགས་གཉེར་བྱས་པའི་རིགས་འདྲ་མིན་གྱི་སྦྱོང་བརྡར་འཛིན་གྲྭའི་ནང་ཞུགས་སུ་འཇུག་པ་བཅས་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་ཁྲིམས་བཞིན་འགན་འཁྲི་སྒྲུབ་པའི་ནུས་པ་ཆེ་རུ་གཏོང་རོགས་བྱས་ཡོད།

    རྫོང་དང་ཤང་མི་དམངས་འཐུས་ཚོགས་ཀྱི་སྐབས་བརྗེ་འདེམས་བསྐོ་ཏན་ཏིག་ངང་བྱས་པ། རྒྱུན་ལས་ཨུ་ལྷན་གྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་བཟོ་བཅོས་བྱེད་པ་དང་བསྟུན་ཏེ་རྫོང་དང་ཤང་མི་དམངས་འཐུས་ཚོགས་ཀྱི་སྐབས་བརྗེ་འདེམས་བསྐོའི་སྐོར་གི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལག་བསྟར་བྱས་ནས་དུས་ཐོག་ཏུ་འདེམས་བསྐོའི་བཅའ་ཁྲིམས་ཀྱི་ལག་བསྟར་ཞིབ་སྲོལ་དང་། འཐུས་མིའི་བཅའ་ཁྲིམས་ཀྱི་ལག་བསྟར་བྱ་ཐབས། མི་དོན་བསྐོ་འཐེན་བྱ་ཐབས། དེ་བཞིན་ཤང་གྲོང་རྡལ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྲོལ་ཡིག་བཅས་ཀྱི་འབྲེལ་ཡོད་གཏན་འབེབས་ལ་བཟོ་བཅོས་བརྒྱབ་ནས་འཐུས་སྒོ་ཚང་དུ་བཏང་བ་དང་། རྫོང་དང་ཤང་རིམ་པ་གཉིས་ཀྱི་མི་དམངས་འཐུས་ཚོགས་ཀྱི་སྐབས་བརྗེ་འདེམས་བསྐོའི་དུས་ཚོད་དང་། འཐུས་མིའི་མིང་སྐལ། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིའི་མིང་སྐལ་བཅས་གཏན་འབེབས་བྱས་པར་བརྟེན་རྫོང་དང་ཤང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དང་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཐེབས་པ་དང་། རྫོང་དང་ཤང་རིམ་པ་གཉིས་ཀྱི་མི་དམངས་འཐུས་ཚོགས་ཀྱི་སྐབས་བརྗེ་འདེམས་བསྐོའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་བཅའ་ཁྲིམས་ཀྱི་གཞི་འཛིན་ས་བཏོན་པ་དང་འགན་སྲུང་བྱས་ཡོད། ཕྱོགས་མཚུངས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་རྫོང་དང་ཤང་མི་དམངས་འཐུས་ཚོགས་ཀྱི་སྐབས་བརྗེ་འདེམས་བསྐོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་ལག་བསྟར་བསམ་འཆར་བཟོ་འདོན་བྱས་ཏེ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་ལུགས་ལས་དོན་ཨུ་ལྷན་ལ་དགོངས་སྐོར་སྙན་སེང་ཞུ་རྒྱུར་ཤུགས་སྣོན་དང་། ལྗོངས་ཏང་ཨུད་རྩ་འཛུགས་པུའུ་དང་ལས་དོན་མཐུན་སྦྱོར་བྱེད་རྒྱུར་ཤུགས་སྣོན། ས་གནས་མི་དམངས་འཐུས་ཚོགས་ལ་སྦྱོང་བརྡར་མཛུབ་ཁྲིད་བྱེད་རྒྱུ་དང་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་བཅས་བརྒྱབ་ནས་ལྗོངས་ཡོངས་ཀྱི་རྫོང་དང་ཤང་རིམ་པ་གཉིས་ཀྱི་མི་དམངས་འཐུས་ཚོགས་སྐབས་བརྗེ་འདེམས་བསྐོའི་ལས་དོན་དེ་ན་ནིང་ཟླ་3པའི་ཟླ་མཇུག་ཏུ་ཁྲིམས་བཞིན་སྤེལ་འགོ་བཙུགས་པ་དང་ལོ་མཇུག་ཏུ་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས་ཡོད།

    དོན་གནད་གལ་ཆེན་རིགས་ཁྲིམས་བཞིན་ཐག་གཅོད་ནན་པོ་བྱས་པ། ལྗོངས་ཏང་ཨུད་ཀྱི་གཏན་འབེབས་དང་ལས་ཀའི་དགོས་མཁོ་གཞིར་བཟུང་རྒྱུན་ལས་ཨུ་ལྷན་གྱིས་ལྷོ་ཁ་ས་གནས་དེ་གྲོང་ཁྱེར་དུ་སྒྱུར་བ་དང་སྣེ་གདོང་རྫོང་དེ་ཆུད་དུ་སྒྱུར་སྐབས་དང་འབྲེལ་བ་ཡོད་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འོས་བབ་དང་། འཐུས་མི་དང་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིའི་མིང་སྐལ། སྲིད་དབང་ཚན་པའི་འགན་ནུས་སྒྲུབ་ཕྱོགས་དང་མིང་འགྱུར་ལྡོག་གཏོང་རྒྱུ། རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱ་འདེམས་བསྐོ་བསྐོ་གཞག་བྱེད་རྒྱུ་སོགས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གནད་དོན་ཁག་ལ་གཏན་འབེབས་ཁ་གསལ་བྱས་ཡོད། ལྟ་སྐུལ་བཅའ་ཁྲིམས་དང་སྔོན་རྩིས་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལག་བསྟར་ནན་ཏན་བྱས་ཤིང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་རེ་ཞུར་གཞིགས་ཏེ་2015ལོའི་ནོར་སྲིད་ངེས་རྩིས་ལ་ཆོག་མཆན་སྤྲོད་རྒྱུའ