དབུ་ཤོག>སྲིད་དོན།
  • ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྤྱི་བསྒྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-01-23

    ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་2017ལོའི་ཟླ་1ཚེས་20ཉིན་ལྷ་སར་འཚོགས་ཤིང་། ད་ཐེངས་ཀྱི་ཚོགས་འདུར་ཞུགས་མཁན་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཨུ་ཡོན་35དང་ཟུར་ཞུགས་བ་244ཡོད་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བློ་མཐུན་ཝུའུ་དབྱིང་ཅེ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། བློ་བཟང་རྒྱལ་མཚན་དང་། ཆེ་དགྲ་ལྷ། ཏེང་ཞའོ་ཀང་། ཏིང་ཡེ་ཤན། ནོར་བུ་དོན་གྲུབ། ཝང་རུའེ་ལེན། ཝང་གཡུང་ཅུན། ཅང་ཅེ། སྤེན་པ་བཀྲ་ཤིས། ཧོ་ཝུན་ཧའོ། པད་མ་དབང་འདུས་བཅས་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་ཚོགས་འདུར་ཕེབས་ཡོད་པ་རེད།

    ཚང་འཛོམས་གྲོས་ཚོགས་དེ་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་གནང་ཞིང་། ཚང་འཛོམས་གྲོས་ཚོགས་ཐོག་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་བློ་མཐུན་ཝང་ཆི་ཧྲན་གྱིས་གནང་བའི་ལས་དོན་སྙན་སྒྲོན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། བློ་མཐུན་ཝུའུ་དབྱིང་ཅེའི་གསུང་བཤད་གལ་ཆེན་སློབ་སྦྱོང་ནན་ཏན། 2016ལོའི་སྒྲིག་ཁྲིམས་ཞིབ་བཤེར་གྱི་ལས་དོན་ཕྱོགས་སྡོམ། 2017ལོའི་ལས་འགན་བཀོད་སྒྲིག་བཅས་བྱས་པ་མ་ཟད། བློ་མཐུན་ཝང་གཡུང་ཅུན་གྱིས་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས་གནང་བའི《ནམ་ཡང་ཚར་དུས་མེད་པའི་སྙིང་རུས་དང་སེམས་ཤུགས་ལ་བརྟེན་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་དགོས》ཞེས་པའི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་ཡང་བྱུང་བ་རེད།

    ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་མཐོ་གཟིགས་འོག་བསྐྱངས་དང་། ནང་དོན་གཏིང་ཟབ་པ། གཟིགས་རྒྱང་ཡངས་པ། ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་། བབ་ཆགས་བཅོས་མིན་གྱིས་དམངས་ལ་བརྩེ་སེམས་འཆང་བ་དང་ཏང་དང་རྒྱལ་ཁབ་ལ་ལེགས་སྐྱེས་འབུལ་ཕོད་པའི་སྙིང་སྟོབས་མངོན་པས། དེ་ནི་དུས་བབ་གསར་པའི་འོག་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་པའི་ངོས་འཛིན་བྱས་པ་རེད།

    བློ་མཐུན་ཝང་ཆི་ཧྲན་གྱིས་གནང་བའི་ལས་དོན་སྙན་སྒྲོན་གྱི་ལངས་ཕྱོགས་བརྟན་པ་དང་། བརྗོད་དོན་གཙོ་བོ་མངོན་གསལ་དོད་པ། བྱེད་ཐབས་ནུས་ལྡན། དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན་པས་ང་ཚོར་སྒྲིག་ཁྲིམས་ཞིབ་བཤེར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བརྩི་སྲུང་ཞུ་ས་གལ་ཆེན་མཁོ་འདོན་བྱས་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་སྲ་ཞིང་བརྟན་པའི་འཐབ་ཇུས་ཀྱི་ངེས་ཤུགས་དང་ཆབ་སྲིད་ཀྱི་ངེས་ཤུགས་མཐའ་འཁྱོངས་ཀྱིས་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་དང་རུལ་རྒོལ་ལས་དོན་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས།

    ཚང་འཛོམས་གྲོས་ཚོགས་ཐོག་བློ་མཐུན་ཝུའུ་དབྱིང་ཅེའི་གསུང་བཤད་གལ་ཆེན་གྱི་འགོ་ནས་མཇུག་བར་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ཁྱབ་པ་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ཐད་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་དང་འབྲེལ་འདི་ལོའི་ལས་དོན་གྱི་ལས་འགན་གཙོ་བོ་ཁ་གསལ་བྱུང་ནས་རང་ལྗོངས་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་ལས་དོན་སྤེལ་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་པའི་ངོས་འཛིན་བྱས་ཡོད། གསུང་བཤད་ནང་ལྗོངས་ཡོངས་ཀྱི་རུལ་རྒོལ་གཙང་སྤེལ་ལས་དོན་ཁག་སྒྲུབ་སྐབས་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་རྒྱུ་དང་ཞབས་འདེགས་ཞུ་རྒྱུ་དེ་གཙོ་རྐང་དུ་བྱས་ནས་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་ནན་པོ་བསྲུངས་ཏེ་སྔ་ཕྱི་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ཐད་བོད་ལ་དམིགས་བསལ་རང་བཞིན་མེད་པའི་བསམ་བློ་བརྟན་པོ་འཛུགས་པ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་བཏང་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་ལེགས་སུ་གཏོང་བ། ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག་དོན་འཁྱོལ་བྱས་ཏེ་དབང་ཆ་སྤྱོད་པའི་ཚོད་འཛིན་ཆེ་རུ་གཏོང་བ། སྙིང་རུས་གཏན་འཁྱོངས་ཀྱིས“སྤྱོད་ཚུལ་བཞིར”ཡོ་བསྲང་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་གི་རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏོང་བ། རུལ་སུངས་ཀྱི་གྱོད་གཞིར་རྩད་གཅོད་མཐའ་གཅིག་ཏུ་བྱས་ཏེ་རུལ་སུངས་བྱེད་མི་ནུས་པའི་དམ་བསྒྲགས་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱེད་པ། སྒྲིག་སྲོལ་ལམ་སྲོལ་གསར་གཏོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རུལ་སུངས་བྱེད་མི་ཆོག་པའི་ལམ་ལུགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ། གུང་ཁྲན་ཏང་མིའི་རིན་ཐང་ལྟ་བ་མཐའ་འཁྱོངས་ཀྱིས་ཆབ་སྲིད་ཀྱི་གོ་རྟོགས་སྲ་བརྟན་དང་མཐོ་རུ་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་བྱས་པ་རེད། གསུང་བཤད་ནང་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཏང་ལ་དོ་དམ་དང་བཅོས་སྒྲིག་མ་བྱས་ན་དེ་འགན་འཛོལ་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ཏང་ཨུད་ཀྱི་བྱེད་པོའི་འགན་འཁྲིར་ཤུགས་སྣོན་རྒྱག་པ། སྒྲིག་ཨུད་ཀྱི་འགན་འཁྲིའི་ངེས་གནས་སྔར་བས་གསལ་དུ་གཏོང་བ། སྒྲིག་བཤེར་ལྟ་ཞིབ་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གླེང་ཕྱོགས་དྲིལ་བསྒྲགས་ཀྱི་ཁྲིད་སྟོན་ལ་དམ་འཛིན་བཅས་བྱས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ལ་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    ཚང་འཛོམས་གྲོས་ཚོགས་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་བོད་ཀྱི་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་དམིགས་བསལ་ཡིན་ཡང་ཏང་ནན་པོས་སྐྱོང་བ་དང་རུལ་རྒོལ་གཙང་སྤེལ་ཐད་དམིགས་བསལ་གང་ཡང་མེད་པའི་བསམ་བློ་མཐའ་འཁྱོངས་དང་རུལ་རྒོལ་ལས་དོན་ལ་གཅིག་གྱུར་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ་དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། ཏང་གི་རིམ་ཁག་རྩ་འཛུགས་ཀྱིས་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་བྱེད་པོའི་འགན་འཁྲི་མངོན་གསལ་དོད་པོས་ཆེ་རུ་གཏོང་བ་བཅས་བྱས་པས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་མཐའ་གཅིག་ཏུ་དོན་འཁྱོལ་ཐུབ་པ་དང་། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ཐད་ཁྱོན་ཡོངས་ནས་ཤུགས་སྣོན་ཐེབས་པ། རུལ་སུངས་མཆེད་པའི་གནད་དོན་གཏན་འགོག་ནུས་ལྡན་ཐུབ་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཉའ་གཅོག་རྣམ་པ་ཆགས་ཟིན་པ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་རྣམ་པ་གསར་པ་ཐོན་ཡོད་པའི་ངོས་འཛིན་བྱས་པ་རེད། གྲུབ་འབྲས་ཁས་ལེན་གང་ལེགས་བྱས་པ་དང་དུས་མཚུངས་ཚང་འཛོམས་གྲོས་ཚོགས་ཐོག་ལས་དོན་ཁྲོད་གནས་པའི་མངོན་གསལ་དོད་པའི་གནད་དོན་དབྱེ་ཞིབ་བྱས་ནས་ཚད་མཐོའི་མཐོང་ཆེན་དང་ཐག་གཅོད་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    ཚོགས་འདུའི་ཐོག་རང་ལྗོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་བཏང་ནས་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་དུ་གཏོང་བ་དང་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ་དང་། ངེས་པར་དུ་འགན་ནུས་ཆེ་རུ་བཏང་ནས་ཏང་གི་སྒྲིག་ཡིག་ལ་གུས་བཀུར་ཞུ་བ་དང་སྒྲིག་ལམ་གཞིར་བཟུང་ཏང་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་བརྟེན་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་ལེགས་སུ་གཏོང་དགོས། ངེས་པར་དུ་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་བྱས་ནས་གཞི་རིམ་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་བོད་དུ་ཏང་གིས་སྲིད་སྐྱོང་བའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། ངེས་པར་དུ་རང་ངོས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས“སྒྲོན་མེའི་འོག་གི་གྲིབ་ཆ”མི་ལུས་པ་བྱེད་པ་དང་ཏང་ནང་ཁུལ་གྱི་ཐུགས་ཁུར་དང་མི་དམངས་མང་ཚོགས་ཀྱི་བསམ་འདུན་ལ་བརྡ་ལན་ཧུར་ཐག་སྤྲོད་དགོས། ངེས་པར་དུ་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས“ཞི་བདེའི་དཔོན”དང“མི་བཟང”ཞིག་མི་བྱེད་པར་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་ཞེས་བསྟན་པ་རེད།

    ཚོགས་འདུའི་ཐོག་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུར་དམིགས་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་ཁྲོད་ཀྱི་འགན་འཁྲིའི་ངེས་གནས་བརྟན་སྲུང་བྱེད་པ་དང་སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ཏང་ནང་ཁུལ་གྱི་ལྟ་སྐུལ་དང་ཆེད་སྒྲུབ་འགན་ཁུར་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱས་ཐོག་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་དུ་གཏོང་བ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། གནད་དོན་བསྐྱར་ཐོན་སྔོན་འགོག་བྱ་རྒྱུ་གཙོ་གནད་དུ་བྱས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱ་རྒྱུར་ལྷོད་གཡེང་མི་གཏོང་བ་དང་། སྤྱོད་ཚུལ་འཛུགས་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཛུགས་པ། བོད་ཀྱི་ཁྱད་ཆོས་ལྡན་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་ཐད་ཚད་ལོན་གྱི་རྒྱུགས་ལན་ཞིག་འབུལ་དགོས། འགན་འཛོལ་ཤོར་ཚེ་ངེས་པར་དུ་འགན་འཁྲི་བདའ་འདེད་གཏོང་བ་དང་འགན་འཁྲི་བདའ་འདེད་ནན་པོ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་འགན་འཁྲི་བདའ་འདེད་གཏོང་བའི་མཚོན་ཆ་རྣོ་པོ་བེད་ཡག་པོ་སྤྱད་དེ་འགན་འཁྲི་བདའ་འདེད་ནན་པོར་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་དོན་གཉེར་བྱེད་དགོས། “རྣམ་པ་བཞི”ནུས་ལྡན་ངང་བེད་སྤྱོད་པ་དང་ལྷག་དོན་དུ་རྣམ་པ་དང་པོ་གཉིས་པ་བེད་ཡག་པོ་སྤྱོད་དགོས་ལ། སྔོན་ཚུད་ནས་དམ་འཛིན་དང་ཆུང་ཙག་ནས་དམ་འཛིན་དང་ནད་བཅོས་སྲོག་སྐྱོབ་བྱས་ནས་རྩ་ལག་མཉམ་བཅོས་ལ་སྐུལ་འདེད་གཏོང་དགོས། རུལ་སུངས་ལ་ཆད་པ་ནན་པོ་གཅོད་པ་དང་ཐར་པར་གཏན་ནས་མི་གཏོང་བའི་རྣམ་འགྱུར་ཐོག་ནས“སྟག་སྦྲང་མཉམ་རྡུང”བྱས་ཏེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཉའ་གཅོག་རང་བཞིན་གྱི་རྣམ་པ་བརྟན་དུ་གཏོང་དགོས། སྒྲིག་བཤེར་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་བཏང་བའི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་ཆབ་སྲིད་སྐོར་གཟིགས་ལ་ཤུགས་སྣོན་རྒྱག་པ་དང་མངགས་གཏོང་ལྟ་སྐུལ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། རང་ངོས་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་གྱི་དབང་ཆ་དེ་ལམ་ལུགས་ཀྱི་རླུང་ཙེའི་ནང་བཅུག་ནས་ཏང་ཐུགས་བློ་བདེ་པོ་དང་མི་དམངས་ཀྱིས་བློས་འགེལ་ཆོག་པའི་དཔུང་ཁག་གཅིག་གཏོད་དགོས་པའི་ནན་བཤད་བྱས་པ་རེད།

    ཚང་འཛོམས་གྲོས་ཚོགས་ཐོག་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་ཀྲུང་དབྱང་སྒྲིག་ཨུད་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ་ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་བྱས་ནས་ནམ་ཡང་ཚར་དུས་མེད་པའི་སྙིང་རུས་དང་སེམས་ཤུགས་ལ་བརྟེན་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་འགན་ལེན་ནུས་ལྡན་བྱེད་པ་དང་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་འབོད་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།