དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱིས་ཀྲུའུ་རེན་ཚོགས་འདུ་ཐེངས་105འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-01-19

    ཚེས་16ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱིས་ཀྲུའུ་རེན་ཚོགས་འདུ་ཐེངས་105འཚོགས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྡོ་ཐོགས་དང་། སྐར་མ། ཀྲོའུ་ཁྲུན་ལའེ། ཀྲོའུ་ཀྲེང་ཤིའུ། བསྟན་འཛིན་རྣམ་རྒྱལ། ཤིང་རྩ་བསྟན་འཛིན་ཆོས་གྲགས། འོད་ཟེར། ཞུས་ཞུའེ་ཀོང་། ཅུས་ཅན་ཧྭ། ལི་ཝུན་ཧན། ཉི་མ་ཚེ་རིང་། ཀྲང་ཞའོ་ཧྭ། ཅི་གོ་ཀང་བཅས་དང་དྲུང་ཆེ་ལིའུ་ཀོང་ཤུས་ཚོགས་འདུར་ཕེབས་ཡོད་པ་རེད།

    ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་2017ལོའི་ལས་དོན་གཙོ་གནད་དང་ཁྲིམས་འཛུགས་ལས་དོན་གྱི་འཆར་གཞི་དང་། ལྟ་སྐུལ་ལས་ཀའི་འཆར་གཞི། འཐུས་མིའི་ལས་ཀའི་འཆར་གཞི་དང་དེ་བཞིན་ཆེད་དམིགས་བརྟག་ཞིབ་དང་ཆེད་དམིགས་འཆད་ཁྲིད་བཀོད་སྒྲིག་ལ་ཞིབ་འཇུག་བྱས་ཏེ་བསམ་འཆར་སྔར་བས་བསྡུ་ལེན་དང་། བཟོ་བཅོས་རྒྱག་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ལས་འགན་ཁག་སྔར་བས་ཞིབ་ཕྲ་དང་ཁག་བགོས་ངང་དོན་འཁྱོལ་བྱེད་པ། ལས་དོན་གཙོ་གནད་དང་དུས་ཚོད་འཕེལ་རིམ་གསལ་པོ་བཟོ་བ་བཅས་ཀྱི་ཐོག་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁག་ལ་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་ཐོན་རྒྱུར་སྐུལ་མ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད། ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ཞིབ་འཇུག་བྱས་པ་རེད།

    ཀྲུའུ་རེན་གྱི་ཚོགས་འདུ་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ཚན་ཁག་གི་ཁོངས་མིའི་ནུས་པ་འདོན་སྤེལ་བྱ་རྒྱུའི་ཐད་བློ་བཟང་རྒྱལ་མཚན་གྱིས་གཅིག་ནས་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཤུགས་ཆེན་བྱེད་དགོས་ཤིང་། མི་དམངས་འཐུས་ཚོགས་ལས་དོན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཞུ་སྒྲུབ་པའི་སྦྲེལ་གནས་དང་འཇུག་གཞི་འཕྱུགས་མེད་བཙལ་ནས་དུས་སྐབས་གསར་པའི་མི་དམངས་འཐུས་ཚོགས་ལས་དོན་གྱི་ཁྱད་ཆོས་དང་ཆོས་ཉིད་སྟངས་འཛིན་ཧུར་ཐག་བྱས་ནས་རྒྱུན་འཛིན་དང་། འཕེལ་རྒྱས། གསར་གཏོད། དངོས་སྒྲུབ་བཅས་ཟུང་འབྲེལ་ནུས་ལྡན་ཡོང་བ་བྱེད་དགོས་པ་དང་། གཉིས་ནས་མཐུན་སྒྲིལ་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་མཉམ་སྡེབ་ཀྱི་ནུས་པ་འདོན་སྤེལ་ཤུགས་ཆེན་བྱེད་དགོས་ཤིང་། མཐུན་སྒྲིལ་གྱི་འདུ་ཤེས་དང་སྤྱི་ཡོངས་ཀྱི་འདུ་ཤེས་བརྟན་པོ་ཆགས་པར་བྱས་ནས་ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་མཉམ་སྒྲུབ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་གོ་རྟོགས་ལ་བརྩིས་ནས་གོང་མཐོར་གཏོང་བ་དང་། ཏང་གཤིས་བློ་སྦྱོང་ལ་བརྩིས་ནས་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བྱས་ཏེ་མཐུན་སྒྲིལ་མཉམ་སྒྲུབ་དང་། ཕྱར་བ་གྲུ་འདེགས། དངོས་སྒྲུབ་ནུས་ཆེ་བཅས་ཀྱི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་མཉམ་སྡེབ་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས་པ། གསུམ་ནས་དངོས་ཕན་ཐོན་རྒྱུར་ཤུགས་སྣོན་བརྒྱབ་ནས་འགན་ལེན་གྱི་ནུས་པ་འདོན་སྤེལ་ཤུགས་ཆེན་བྱེད་དགོས་ཤིང་། འགན་འཁྲིའི་འདུ་ཤེས་དང་འགན་འཁྲི་ཁུར་ཕོད་པའི་འདུ་ཤེས་སྔར་བས་ཆེ་རུ་བཏང་ནས་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། ལས་དོན་ཏན་ཏིག་སྤེལ་བ། ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱེད་པ། སྟོབས་ཤུགས་གཅིག་འདོམས་བྱེད་པ་བཅས་བྱས་ནས་ལས་འགན་ཁག་ལ་བདེ་བླག་ངང་སྐུལ་མ་གཏོང་རྒྱུའི་འགན་ལེན་བྱས་ནས་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་པ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།