དབུ་ཤོག>སྲིད་དོན།
  • བློ་མཐུན་བློ་བཟང་རྒྱལ་མཚན་གྱི་ལོ་རྒྱུས་མདོར་བསྡུས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-01-16

    359316_yis_1484509314958.jpg

    བློ་བཟང་རྒྱལ་མཚན། ཕོ། བོད་རིགས། 1957ལོའི་ཟླ་7པར་སྐྱེས། བོད་ལྗོངས་བྲག་གཡབ་བ། 1978ལོའི་ཟླ་12པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། 1976ལོའི་ཟླ་2པར་ལས་ཀར་ཞུགས། ཀྲུང་དབྱང་ཏང་སློབ་ཞིབ་འཇུག་སློབ་མའི་སློབ་རྒྱུས།

    1971.12—1976.02བོད་ལྗོངས་མི་རིགས་སློབ་གླིང་སྐད་ཡིག་ཚན་ཁག་ཏུ(བོད)སྐད་ཡིག་གི་ཆེད་ལས་སློབ་སྦྱོང་བྱས།

    1976.02—1979.06བོད་ལྗོངས་མི་རིགས་སློབ་གླིང་སྨན་དོན་ཚན་ཁག་དང་མར་ལེ་སློབ་དཔྱོད་ཁང་དུ་དགེ་རྒན་བྱས།

    1979.06—1984.05བོད་ལྗོངས་མི་རིགས་སློབ་གླིང་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་བྱས།

    1984.05—1986.12བོད་ལྗོངས་མི་རིགས་སློབ་གླིང་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི་བྱས།

    1986.12—1992.11གུང་གཞོན་སྡེ་ཚོཌ་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི(1986.12ཐིང་རིམ་གཞོན་པ། 1990.02ཐིང་རིམ་རྒན་པ་བྱས། དེའི་རིང་1990.09—1991.07ཀྲུང་དབྱང་ཏང་སློབ་ལོ་གཅིག་ལམ་ལུགས་ཀྱི་གཞོན་དར་ལས་བྱེད་གསོ་སྦྱོང་འཛིན་གྲྭར་སློབ་སྦྱོང་བྱས)

    1992.11—1995.06བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་འཛིན་ཀྲུང་ཧྲུའི་ཀྲོན་ཡོན་བྱས།

    1995.06—1995.09བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བྱས།

    1995.09—1996.05བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱིའི་ལས་ཚབ་བྱས།

    1996.05—2003.01བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་བྱས(དེའི་རིང་། 2001.03—2002.02ཀྲུང་དབྱང་ཏང་སློབ་ལོ་གཅིག་ལམ་ལུགས་ཀྱི་གཞོན་དར་ལས་བྱེད་གསོ་སྦྱོང་འཛིན་གྲྭར་སློབ་སྦྱོང་བྱས)

    2003.01—2006.10བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་བྱས། (2001.03—2004.01ཀྲུང་དབྱང་ཏང་སློབ་ཞིབ་འཇུག་སློབ་གླིང་གི་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭར་མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་ཆེད་ལས་སློབ་སྦྱོང་བྱས)

    2006.10—2007.01བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་བཅས་བྱས།

    2007.01—2010.05བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང། ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་བྱས།

    2010.05—2010.07བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ལྗོངས་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་བྱས།

    2010.07—2010.09བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ལྗོངས་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བཅས་བྱས།

    2010.09—2011.11བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བཅས་བྱས།

    2011.11—2012.04བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བཅས་བྱས།

    2012.04—2012.12བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བྱས།

    2012.12—2013.01བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བྱས།

    2013.01—2016.12བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་ཞི་བྱས།

    2016.12—བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་དང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་ཡིན།

    སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་དང་། ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་འཐུས་མི། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་བཅས་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།