དབུ་ཤོག>སྲིད་དོན།
  • ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན།

  •     སྤེལ་དུས།  2017-01-15

    (2017ལོའི་ཟླ་1ཚེས་9ཉིན) ཀའོ་དབྱང་།

    ཨུ་ཡོན་རྣམ་པ།

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་སྐུ་གཞོན་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་མཆོག་གི་བཀའ་མངགས་ལྟར་ངས་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་ཚོགས་འདུ་ཐེངས་བཞི་པ་འཚོགས་ཚུན་གྱི་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས།

    2016ལོའི་ལས་དོན་ལ་ཕྱིར་མིག་ལྟ་བ།

    2016ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཚུགས་ལོ་ཞིག་རེད་ལ། དབུལ་གྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་རྒྱུར་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པའི་དུས་མཚམས་ཀྱི་འགག་རྩའི་ལོ་ཞིག་ཀྱང་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་དབུ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་དང་། ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད། ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་མཆོག་གི་སྣེ་ཁྲིད་བཅས་གནང་བའི་འོག རྒྱུན་ལས་ཨུ་ལྷན་གྱིས་ལྗོངས་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་ཨུ་ཡོན་རྣམས་ལ་རྒྱ་ཁྱབ་ཏུ་མཐུན་སྒྲིལ་བྱས་ནས་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཐོག མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་གཙོ་བོ་གཉིས་རྒྱུན་འཁྱོངས་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ། དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་རབ་དང་རིམ་པའི་གལ་ཆེའི་དགོངས་དོན་དང་སྲིད་སྐྱོང་འདུ་ཤེས་གསར་པ་དང་། དགོངས་གཞི་གསར་པ། འཐབ་ཇུས་གསར་པ་བཅས་ལག་བསྟར་དོན་འཁྱོལ་བྱས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་གལ་ཆེའི་འཐབ་ཇུས་ཀྱི་དགོངས་པ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི་གལ་ཆེའི་མཛུབ་སྟོན་ལག་བསྟར་དོན་འཁྱོལ་བྱས་པ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་ནས་བོད་ལྗོངས་སྲིད་གྲོས་ལ་བཏོན་གནང་བའི“མཐུན་རྐྱེན་གཅིག་དང་། ཐུན་མོང་གཉིས། སྔར་བས་ལེགས་པ་གསུམ”གྱི་མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་པ་བཅས་ཀྱི་ཐོག་ནས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཁྱབ་དང་“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཁྱབ་མཐའ་འཁྱོངས་དང་། ཏང་གི་བོད་སྐྱོང་ཐབས་ཇུས་མཐའ་འཁྱོངས། ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་བསྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་གལ་ཆེའི་རྩ་དོན་མཐའ་འཁྱོངས་བཅས་བྱས་པ་དང་། ཕྱོགས་ཡོངས་ནས་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས་འགན་འཁྲི་འཁུར་ཐུབ་པ་དང་ནུས་པ་འདོན་སྤེལ་ཐུབ་པ་བྱས་ཏེ་བོད་ལྗོངས་གོང་འཕེལ་ཆེན་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་ཕན་སྐུལ་གཏོང་རྒྱུར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

    གཅིག ལངས་ཕྱོགས་བརྟན་པོ་དང་ངོས་འཛིན་གཅིག་མཐུན་ཐུབ་པ་བྱས་ཏེ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱས་པ།

    ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་རྒྱུ་ནི་སྲིད་གྲོས་ཀྱི་བྱ་གཞག་གོང་འཕེལ་དང་ཡར་ཐོན་ཡོང་བའི་རྩ་བའི་འགན་ལེན་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་གོང་འཕེལ་གཏོང་བའི་ལོ་རྒྱུས་ཀྱི་མཐོ་ཚད་ཐོག་ནས་སྲིད་གྲོས་ཀྱི་ཆབ་སྲིད་དང་། བསམ་བློ། རྩ་འཛུགས་བཅས་ཀྱི་འགོ་ཁྲིད་རྒྱུར་ཤུགས་སྣོན་བརྒྱབ་པར་བརྟེན་མི་དམངས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་དར་སྤེལ་གཏོང་རྒྱུའི་རྣམ་པ་གསར་པ་གཏོད་ཐུབ་པ་བྱུང་ཡོད།

    ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དེ་ནི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ཆེན་པོ་ལྡན་པའི་ཚོགས་འདུ་ཞིག་རེད། ཨུ་ཡོན་ཚང་འཛོམས་ཚོགས་འདུའི་ཐོག་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་བཀའ་མངགས་ལྟར་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལས་དོན་སྙན་སྒྲོན་ཉན་ནས་གྲོས་བསྡུར་བྱས་པ་དང་། 《དུས་བབ་གསར་པའི་འོག་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་འཛིན་འགའ་ཞིག》དང《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ། 《ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་སྐོང་ཚོགས་བྱེད་རྒྱུའི་སྐོར་གྱི་གྲོས་ཆོད》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ། དེ་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གལ་འགངས་ཤིན་ཏུ་ཆེ་བའི་གསུང་བཤད་གནང་བ་དང་ལྷག་པར་དུ་ཚང་འཛོམས་གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཡོངས་སུ་སྲོག་ཤིང་གི་གནས་བབ་གཏན་འཁེལ་ཁ་གསལ་བྱས་ཤིང་། “བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང”ཞེས་དངོས་སུ་བཏོན་ཡོད། དེ་ནི་ཏང་གི་གདམ་ག་ཞིག་དང་། མི་དམངས་ཀྱི་གདམ་ག་ཞིག ལོ་རྒྱུས་ཀྱི་གདམ་ག་ཞིག་བཅས་ཡིན་པ་དང་། ཏང་གི་བློ་ཁ་ཕྱོགས་ས་དང་། དམག་གི་བློ་ཁ་ཕྱོགས་ས། དམངས་ཀྱི་བློ་ཁ་ཕྱོགས་ས་བཅས་ཡིན་ལ་ཏང་དང་རྒྱལ་ཁབ་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ཡང་ཡིན་པས་དེའི་ཐོག་ནས་ཏང་ཡོངས་ཀྱི་ཐུན་མོང་གི་འདོད་བློ་མཚོན་པ་དང་། བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་ཚུད་པའི་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་ཡོད། ལྗོངས་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཐེ་ཞུགས་ཚན་པ་ཁག དེ་བཞིན་རྒྱ་ཆེའི་ཨུ་ཡོན་བཅས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུས་ནས་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ཏེ་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་གྱིས“འདུ་ཤེས་བཞི”བརྟན་པོ་བཙུགས་ཏེ་བསམ་བློའི་ཐོག་ནས་སྲོག་ཤིང་ལ་གོང་བཀུར་དང་། ཆབ་སྲིད་ཐོག་ནས་སྲོག་ཤིང་ལ་ཡིད་ཆེས། རྩ་འཛུགས་ཐོག་ནས་སྲོག་ཤིང་ལ་ལྷག་བསམ་རྣམ་དག བྱ་སྤྱོད་ཐོག་ནས་སྲོག་ཤིང་ལ་སྲུང་སྐྱོབ་བཅས་བྱས་ཏེ་བོད་ལྗོངས་འདི་ཉིད་མ་གཞི་པེ་ཅིང་དང་རྒྱང་ཐག་རིང་ནའང་ང་ཚོའི་སེམས་ནི་སྔ་ཕྱི་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་དམ་པོར་འབྲེལ་ཡོད་པས་སེམས་ཐག་ཆོད་པོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་བ་བྱས་ཡོད།

    རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་རྗེས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ《ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུའི་སྐོར་གྱི་སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད》གྲུབ་ནས་གྲོས་འཆམ་བྱུང་བ་དང་། ལྗོངས་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་ཨུ་ཡོན་རྣམས་ཀྱིས་བསམ་བློ་དང་བྱ་སྤྱོད་དེ་བློ་མཐུན་ཝུའུ་དབྱིང་ཅེས་པན་ཀྲང་གནང་བའི་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱེད་པ་དང་། སྟོབས་ཤུགས་རྣམས་ཚོགས་འདུའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་རྒྱུའི་ཐོག་གཅིག་སྒྲིལ་ཐུབ་པ་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་གོང་འཕེལ་གྱི་འགྲོ་ལམ་ཐོག་བསྐྱོད་དེ་དུས་བབ་ཛ་དྲག་ཆེ་ཡང་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པའི་འབོད་སྐུལ་གནང་ཡོད།

    རྒྱུན་ལས་ཨུ་ལྷན་གྱིས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་བའི་འདུ་ཤེས་གསར་པ་དང་། དགོངས་གཞི་གསར་པ། འཐབ་ཇུས་གསར་པ་བཅས་ཀྱི“སྲིད་གྲོས་ཀྱི་ལེའུ”དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཚོགས་འདུ་དང་། ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུ། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས། རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུ་སོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ། 《སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་དར་སྤེལ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར》དང་། 《ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་ཀའི་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》 《མི་དམངས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་དར་སྤེལ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཅས་སློབ་སྦྱོང་ལག་བསྟར་བྱས་ཏེ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་ཀྱི་ཐོག་ནས་བསམ་བློ་གཅིག་གྱུར་དང་ངོས་འཛིན་གཅིག་མཐུན་ཡོང་བ་བྱས་ཡོད། དེ་བཞིན་ལྗོངས་ཏང་ཨུད་ཀྱི《བོད་ལྗོངས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་དར་སྤེལ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དང་སྲིད་གྲོས་ལས་དོན་སྐོར་གྱི་བཀོད་སྒྲིག་བླང་བྱ་སློབ་སྦྱོང་དང་ལག་བསྟར་བྱས་ནས་སྲིད་གྲོས་ལས་དོན་གྱི་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱས་ཡོད།

    སྲིད་གྲོས་ཤེས་རྟོགས་དང་། གྲོས་མོལ་བྱེད་ཤེས་པ། སྲིད་གླེང་བྱེད་མཁས་པ་བཅས་ཀྱི་བླང་བྱ་གཞིར་བཟུང་། ལོ་གཅིག་རིང་། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭར་ལྗོངས་ཡོངས་ཀྱི་སྲིད་གྲོས་ལས་བྱེད་པའི་རིགས་པའི་གཞུང་ལུགས་སྦྱོང་བརྡར་འཛིན་གྲྭ་ཐེངས་གཅིག་གཉེར་བ་དང་། དེ་བཞིན་ཀྲུའུ་ཞི་ཚོགས་འདུའི་ཁོངས་མི་གཅིག་སྡུད་སློབ་སྦྱོང་ཚོགས་འདུ་ཐེངས་16དང་། རྒྱུན་ལས་ཨུ་ལྷན་གྱི་གཅིག་སྡུད་སློབ་སྦྱོང་ཐེངས་5 ཆེད་དོན་ཟུར་འཁྲིད་སྙན་ཞུའི་ཚོགས་འདུ་ཐེངས་3བཅས་སྒྲིག་འཛུགས་བྱས་པར་མི་ཐེངས་1500ལྷག་ཙམ་ཞུགས་པ་དང་སློབ་སྦྱོང་གི་དཔྱད་ཡིག་2400ལྷག་ཙམ་པར་འགྲེམས་བྱས་ཡོད།

    གཉིས། ལྟེ་བར་དམིགས་པ་དང་། སྲིད་གླེང་གྲོས་འདོན་བྱས་ཏེ་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་རྒྱུར་ཕན་སྐུལ་བཏང་བ།

    རྒྱུན་ལས་ཨུ་ལྷན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་གནང་བའི“གོང་འཕེལ་གཏོང་རྒྱུ་ནི་བོད་ཀྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་འགག་རྩ་ཡིན་པའི”གལ་ཆེའི་མཛུབ་སྟོན་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་སྲིད་གྲོས་ལས་དོན་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་སྤྱི་ཡོངས་དང་བསྟུན་ནས་ཇུས་འགོད་དང་སྐུལ་འདེད་བཏང་བ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཡག་པོ་འཛུགས་རྒྱུར་ཕན་སྐུལ་བཏང་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱེད་རྒྱུར་དམིགས་ཏེ་གྲོས་མོལ་སྲིད་གླེང་བྱས་པ། དེ་ཡང་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཚུན། ཨུ་ཡོན་ཚོས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རྒྱལ་དམངས་དཔལ་འབྱོར་གོང་འཕེལ་མྱུར་པོ་ཡོང་བ་དང་། ཁྲོན་བོད་བགྲོད་ལམ་ཆེ་མོ་བསྐྲུན་རྒྱུ། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྱུར་བྱེད་རྒྱུ་སོགས་ཀྱི་གནད་དོན་ཐད་སྲིད་གླེང་གྲོས་འདོན་བྱས་ཏེ་གྲོས་གཞི་དང་གཏམ་བཤད་སྤེལ་རེས་ཀྱི་དཔྱད་ཡིག་འདོན་སྤྲོད་ཧུར་ཐག་བྱས་ཤིང་། བསམ་འཆར་དང་གྲོས་འགོ་མང་དག་ཅིག་ཆེད་དམིགས་འཆར་འགོད་ནང་བཅུག་པའམ་ཡང་ན་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གཤམ་སྤེལ་བྱས་པའི་ཡིག་ཆའི་ནང་དང་ལེན་བྱས་ཡོད། མཚོ་བོད་ས་མཐོའི་ཁྱད་ལྡན་ཐོན་ལས་ཀྱི་མ་ལག་འཛུགས་རྒྱུ་སོགས་ཀྱི་ནང་དོན་ལ་དམིགས་ནས་གཟིགས་ཞིབ་བརྟག་ཞིབ་ཐེངས་11བྱེད་རྒྱུ་སྒྲིག་འཛུགས་བྱས་ཏེ་གཟིགས་ཞིབ་བརྟག་ཞིབ་སྙན་ཞུ་ཁག་9གྲུབ་ཁར་བསམ་འཆར་དང་གྲོས་འགོ་ཁག་63བཏོན་ཡོད། བོད་དུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྒྲིག་འཛུགས་བྱས་ཏེ་གཞིས་རྩེ་གྲོང་ཁྱེར་དུ་གཟིགས་ཞིབ་བརྟག་ཞིབ་གཏིང་ཟབ་བྱས་པ་དང་། ས་ཡུལ་དངོས་སུ་གནད་དོན་ཐག་གཅོད་མཐུན་སྦྱོར་བྱས་པ་མ་ཟད། གནོད་འཚེའི་རྗེས་ཀྱི་བསྐྱར་སྐྲུན་བྱེད་རྒྱུ་དང་ཚན་རིག་དང་མཐུན་པའི་སྒོ་ནས་དབུལ་སྐྱོར་གནས་སྤོ་བྱེད་རྒྱུ་སོགས་ཕྱོགས་ཁག་8ཐད་ཀྱི་གྲོས་འཆར་བཏོན་པར་ལྗོངས་ཏང་ཨུད་དང་སྲིད་གཞུང་འགོ་ཁྲིད་ཀྱིས་ཁས་ལེན་གནང་བ་མ་ཟད་འབྲེལ་ཡོད་ཕྱོགས་ནས་ཞིབ་འཇུག་དོན་འཁྱོལ་བྱེད་དགོས་པའི་མཆན་བཀོད་མཛུབ་སྟོན་གནང་ཡོད། དབུལ་གྲོལ་གནད་འཕིགས་བྱེད་རྒྱུར་དམིགས་ཏེ་སྲིད་གླེང་གྲོས་འདོན་བྱས་པ། དེ་ཡང་ལྗོངས་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་ཨུ་ཡོན་ཚོས་དབུལ་གྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་དམིགས་ནས་གཞི་རིམ་དུ་ཟབ་སྐྱོད་ཀྱིས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་དམངས་ཀྱི་འབོད་སྒྲ་ཉན་པ་དང་། ཇུས་བཟང་ཐབས་བཟང་བཏོན་ནས་དམངས་ཕན་དམངས་གཅེས་ཀྱི་བརྩེ་སེམས་བཅངས་ཡོད། “དབུལ་གྲོལ་གནད་འཕིགས་ཀྱི་འཐབ་ཇུས་ལག་བསྟར་བྱས་ནས་དབུལ་སྐྱོར་བྱ་ཐབས་ཀྱི་ཕན་ནུས་རང་བཞིན་ཆེ་རུ་གཏོང་རྒྱུའི”བརྗོད་དོན་གཙོ་བོར་དམིགས་ནས་སྐབས་བཅུ་པའི་སྲིད་གླེང་རང་བཞིན་གྱི་རྒྱུན་ཨུད་ཚོགས་འདུ་ཐེངས་བཅོ་བརྒྱད་པ་སྐོང་ཚོགས་བྱས་ཡོད། “ཡུལ་སྐོར་ཐོན་ལས་ལ་བརྟེན་ནས་དབུལ་སྐྱོར་འབབ་འཕར་བྱེད་པའི་ནུས་པ་འདོན་སྤེལ་བྱེད་རྒྱུ”སོགས་ཀྱི་ནང་དོན་13བཟོས་ཏེ་ཀྲུའུ་ཞི་གཞོན་པ་གསུམ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བས་སྣེ་ཁྲིད་དེ་ཁག་སོ་སོར་ལྗོངས་ཕྱི་ནང་དུ་བརྟག་ཞིབ་བྱེད་པར་བསྐྱོད་ནས་གཏམ་བཤད་དཔྱད་ཡིག་དང་བརྟག་ཞིབ་སྙན་ཞུ་ཁག་15གྲུབ་ཡོད། ཁྲིམས་སྐྱོང་ལ་བརྟེན་ནས་དབུལ་སྐྱོར་བྱེད་རྒྱུ་སོགས་ལ་དམིགས་ནས་བརྟག་ཞིབ་གཏིང་ཟབ་བྱས་པར་བརྟག་དཔྱད་སྙན་ཞུ་ཁག་4གྲུབ་ཡོད་ཅིང་། རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་གདན་ཞུ་བྱས་ནས་གསུང་བཤད་གནང་བ་དང་། ལྗོངས་དབུལ་སྐྱོར་གཞུང་ལས་ཁང་གི་འགོ་ཁྲིད་གདན་ཞུ་བྱས་ནས་ཆེད་དོན་འཆད་ཁྲིད་བྱས་པ་མ་ཟད། གྲོས་མོལ་གྲོས་བསྡུར་དང་བཞུགས་མོལ་སྤེལ་རེས་གང་ལེགས་བྱས་ནས་ལས་ཞུགས་དབུལ་སྐྱོར་དང་། གནས་སྤོའི་དབུལ་སྐྱོར། འབྱུང་ཁམས་དབུལ་སྐྱོར་སོགས་ཀྱི་ཐད་བསམ་འཆར་དང་གྲོས་འགོ་ཁག་23བཏོན་པར་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མཐོང་ཆེན་གནང་ཡོད། “ཐག་རིང་ལུང་ཁུག་གི་ཤང་དང་གྲོང་རྡལ་གྱི་ཤེས་ལྡན་པ་གསོ་སྐྱོང་དང་བཀོལ་སྤྱོད་བྱེད་རྒྱུའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི”ཆེད་དོན་གྲོས་མོལ་ཚོགས་འདུ་སྐོང་འཚོགས་བྱས་པ། དེ་ཡང་ཨུ་ཡོན་སྒྲིག་འཛུགས་ཀྱིས་བརྟག་ཞིབ་གཏིང་ཟབ་དང་རྒྱ་ཁྱབ་ཏུ་རིགས་སྒྲུབ་ཁུངས་སྐྱེལ་བྱས་པ་མ་ཟད། བརྟག་ཞིབ་སྙན་ཞུ་དང་ཚོགས་ཆེན་གྱི་གཏམ་བཤད་སྤེལ་རེས་དཔྱད་ཡིག་ཁག་12གྲུབ་ཡོད། རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་ཚོགས་འདུར་གདན་ཞུ་བྱས་ནས་གསུང་བཤད་གནང་བ་དང་། ཨུ་ཡོན་ཚོས་ལྗོངས་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་དང་ཕན་ཚུན་སྤེལ་རེས་དང་གྲོས་མོལ་གང་ལེགས་བྱས་ཐོག གཞི་རིམ་གྱི་ལས་བྱེད་པ་དང་། ཤང་གྲོང་སྨན་དོན་པ། ཞིང་འབྲོག་ཚན་རྩལ་གྱི་ཤེས་ལྡན་པ་བཅས་གསོ་སྐྱོང་བཀོལ་སྤྱོད་བྱེད་རྒྱུ་སོགས་ཕྱོགས་བཞིའི་ཐད་ཀྱི་བསམ་འཆར་དང་གྲོས་འགོ་ཁག་39བཏོན་པར་རང་སྐྱོང་ལྗོངས་འགོ་ཁྲིད་ཀྱིས་ཁས་ལེན་བྱས་ཡོད།

    གསུམ། མཐུན་སྒྲིལ་བསྟུན་མཁས་དང་སེམས་ནུས་གཅིག་སྒྲིལ་བྱས་ཏེ་བློ་སེམས་གཅིག་གཏད་ཀྱིས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་བཏང་བ།

    རྒྱུན་ལས་ཨུ་ལྷན་གྱིས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་འགན་འཁྲི་སྒྲུབ་པའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་སྲིད་གྲོས་ཀྱི་དམིགས་བསལ་ཁྱད་འཕགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག འགན་འཁྲི་འཁུར་ཕོད་པ་དང་སྔོན་ཚུད་ནས་འགན་འཁྲི་བསྒྲུབས་ཏེ“མི་ཐོན་པ་གསུམ”དང་“མེད་པ་གསུམ”གྱི་དམིགས་ཚད་མངོན་གྱུར་ཡོང་ཆེད་སེམས་ནུས་གཅིག་སྒྲིལ་བྱས་ཡོད། བརྟན་ལྷིང་གི་བྱེད་ཐབས་དོན་འཁྱོལ་བྱེད་རྒྱུར་སྐུལ་སྤེལ་བཏང་བ། དེ་ཡང་ཀྲུང་དབྱང་གི་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་བླང་བྱ་དང་རང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱ་ཐབས་ཁག་བཅུ་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སོགས་ཡིན་མིན་གྱི་གནད་དོན་ཆེན་པོའི་མདུན་དུ་ཐོག་མཐའ་བར་གསུམ་དུ་ལངས་ཕྱོགས་ཧ་ཅང་བརྟན་པོ་དང་། དར་ཆ་ཧ་ཅང་གསལ་སྟོན། རྣམ་འགྱུར་ཧ་ཅང་ཐག་ཆོད་པོ་བཅས་བྱས་ཡོད། གལ་ཆེའི་དུས་ཆེན་སྐབས་དང་འཚུབ་ཆ་ཆེ་བའི་སྦྲེལ་ཚིགས་སུ་ཀྲུའུ་ཞི་གཞོན་པ་8ཀྱིས་ལས་དོན་ཚོགས་ཆུང་གི་སྣེ་ཁྲིད་ནས་གཙོ་གནད་ས་ཁུལ་དང་། གཙོ་གནད་དགོན་སྡེ། “མཐའ་གཉིས་རྒྱུད་གཅིག”བཅས་སུ་བཅའ་སྡོད་བྱས་ཐོག བརྟན་ལྷིང་སྲུང་སྐྱོང་ལས་ཀར་ལྟ་སྐུལ་མཛུབ་ཁྲིད་བྱས་ཡོད། རྒྱ་ཆེའི་ཨུ་ཡོན་གྱིས་གཞི་རིམ་དུ་ཟབ་སྐྱོད་དང་མང་ཚོགས་ཁྲོད་ཟབ་འཇུག་བྱས་ཏེ་དོགས་གནད་སེལ་བ་དང་། རྩོད་རྙོག་འདུམ་སེལ། མི་སེམས་གཅིག་སྒྲིལ། མཐུན་སྒྲིལ་ཟབ་གཏོང་བཅས་ཀྱི་ལས་ཀ་ཤུགས་ཆེ་སྤེལ་ནས་བརྟན་ལྷིང་སྲུང་སྐྱོང་གི་ནུས་པ་རྒྱུན་ཐོན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་དང་སྲིད་གྲོས་ཀྱི་ཁྱད་ལྡན་ནུས་པ་འདོན་སྤེལ་བྱེད་རྒྱུ་སོགས་ལ་དམིགས་ནས་གཟིགས་ཞིབ་བརྟག་ཞིབ་བྱས་ཁར་བསམ་འཆར་དང་གྲོས་འགོ་བཏོན་ཡོད། “ཁྲིམས་འཛིན་ཁྲིམས་སྒྱུར་ཁོར་ཡུག་སྔར་བས་ལེགས་བཅོས་བྱས་ནས་ཁྲིམས་སྐྱོང་གི་བོད་ལྗོངས་གཏོད་རྒྱུར་སྐུལ་སྤེལ་གཏོང་བའི”ཆེད་དོན་གྲོས་མོལ་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་གདན་ཞུས་ཀྱིས་གསུང་བཤད་གནང་བ་དང་། ཨུ་ཡོན་དང་ལྗོངས་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་སྒྲིག་འཛུགས་ཀྱིས་ཞིབ་བསྡུར་གྲོས་མོལ་བྱས་ཏེ་བསམ་འཆར་དང་གྲོས་འགོ་ཁག་72བཏོན་ཡོད། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་པ། དེ་ཡང་ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་གྱིས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་སྤེལ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྒྱ་ཆེའི་ཨུ་ཡོན་རྣམས་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་གཏོད་པའི་བྱེད་སྒོའི་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཡོད། “གྲོང་ཁྱེར་གྱི་མི་རིགས་ལས་དོན་དང་ལྷག་པར་དུ་གྲོང་ཁྱེར་གྱི་གྲངས་ཉུང་མི་རིགས་ཕྱོགས་མིར་ཞབས་ཞུ་དང་དོ་དམ་བྱེད་པའི་ལས་དོན”ལ་དམིགས་ཏེ་བརྟག་ཞིབ་གཏིང་ཟབ་བྱས་ནས་ཆེད་དོན་བརྟག་ཞིབ་སྙན་ཞུ་གྲུབ་ཡོད། རྒྱལ་ཡོངས་སྲིད་གྲོས་མི་རིགས་ཆོས་དོན་ཨུ་ལྷན་གྱིས“གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་གསོ་རིག་སྨན་ལས་རྒྱུན་འཛིན་གོང་འཕེལ”གཏོང་རྒྱུ་དང་“གྲངས་ཉུང་མི་རིགས་ཀྱི་རིག་རྩལ་གྲ་རྒྱས་གོང་འཕེལ”གཏོང་རྒྱུའི་ཐད་ཀྱི་མཉམ་འབྲེལ་བརྟག་ཞིབ་བྱེད་རྒྱུར་གཞོགས་འདེགས་བྱས་ནས་རྒྱལ་ཡོངས་སྲིད་གྲོས་ལ་བརྟག་ཞིབ་སྙན་ཞུ་གོང་འབུལ་ཞུས་ཡོད། ཆོས་ལུགས་འཆམ་མཐུན་ཡོང་རྒྱུར་སྐུལ་འདེད་བཏང་བ། དེ་ཡང་ཀྲུའུ་ཞི་གཞོན་པ་6གིས་སྔ་རྗེས་སུ་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་བོད་དུ་གཟིགས་ཞིབ་བརྟག་ཞིབ་དང་ཆོས་དོན་བྱེད་སྒོ་སྒྲུབ་པར་ཕེབས་སྐབས་ཀྱི་མཐུན་སྦྱོར་ཞབས་ཞུའི་ལས་དོན་ནང་ཞུགས་ནས་བྱེད་སྒོ་ཁག་གོ་རིམ་ལྡན་པ་དང་བཀྲ་ཤིས་ལུགས་ལེགས་ཡོང་བ་བྱས་ཡོད། འབྲེལ་ཡོད་ཀྲུའུ་ཞི་གཞོན་པས་ཆོས་ལུགས་རིགས་ཁོངས་ཀྱི་ཨུ་ཡོན་གྱི་སྣེ་ཁྲིད་དེ་དགོན་སྡེར་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་དང་རྒྱལ་གཅེས་ཆོས་གཅེས་ཀྱི་དྲིལ་བསྒྲགས་ཞབས་ཞུ་གཤམ་སྐྱོད་བྱེད་སྒོ་སྤེལ་ནས་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། གཞན་ཡང་ད་དུང་ཆོས་ལུགས་རིགས་ཁོངས་ཀྱི་ཨུ་ཡོན་སྒྲིག་འཛུགས་བྱས་ནས“བོད་བརྒྱུད་ནང་བསྟན་དགོན་སྡེའི་ནུས་པ་རྒྱུན་ཐོན་གྱི་དོ་དམ་ལམ་སྲོལ་འཛུགས་རྒྱུར”དམིགས་ནས་བརྟག་ཞིབ་གཏིང་ཟབ་བྱས་ཏེ་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་རྒྱུའི་ཐད་བསམ་གཞིག་ཡོད་པ་དང་། ལྟ་ཚུལ་ལྡན་པའི་བསམ་འཆར་དང་གྲོས་འགོ་ཡག་པོ་བཏོན་ཡོད། བརྟན་ལྷིང་སྲུང་སྐྱོང་གི་མཉམ་ཤུགས་ཆགས་པ་བྱས་པ། དེ་ཡང་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་ཨུ་ཡོན་གྱི་འབྲེལ་རྒྱ་ཆེ་བ་དང་མང་ཚོགས་ཀྱི་ཁྲོད་དུ་གནས་པའི་དགེ་མཚན་འདོན་སྤེལ་བྱས་ཏེ་རྟག་ཏུ་རིགས་ཁོངས་ཁག་གི་འཐུས་མིར་འཚམས་འདྲི་དང་བཅར་འདྲི་བྱས་ནས་སྤྱི་ཚོགས་ཀྱི་རིམ་གྲས་དང་རིགས་གྲས་མི་འདྲ་བ་དང་འབྲེལ་བ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཡོད། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་དང་བསམ་ཤེས་བསྟུན་མཁས་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་ལྗོངས་ཏང་ཨུད་ལ་གཞོགས་འདེགས་ཀྱིས་འབྲེལ་བ་མཐུན་སྦྱོར་དང་། འགལ་ཟླ་འདུམ་སེལ། མཐུན་སྒྲིལ་ཟབ་གཏོང་། ཞི་མཐུན་ལ་སྐུལ་འདེད་བཅས་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ཏེ་མཐུན་སྒྲིལ་བྱེད་རྒྱ་ཆེ་རུ་བཏང་བ་དང་བསྟུན་མཁས་བྱེད་ཤུགས་ཆེ་རུ་བཏང་ཡོད། ཡིག་འབུལ་ཞུ་བཅར་ལས་དོན་ཡག་པོ་བསྒྲུབས་ནས་ཞི་མཐུན་དང་བརྟན་ལྷིང་ལ་གནོད་པའི་རྐྱེན་རྩ་གཙང་སེལ་བྱས་ཡོད། ཕྱི་ཕྱོགས་སུ་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་བ། དེ་ཡང་ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་གཞུང་ཚབ་ཁང་གི་དཔོན་རིགས་སྲིད་གྲོས་སྐབས་བཅུ་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་འགོ་ཚུགས་ཚོགས་འདུར་ཟུར་ཉན་བྱེད་པར་གདན་འདྲེན་ཞུས་ཐོག རང་ལྗོངས་ཀྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་རང་ལྗོངས་སྲིད་གྲོས་ཀྱིས་འགན་འཁྲི་བསྒྲུབས་པའི་འབྲས་བུ་མངོན་པར་བྱས་ཡོད། ཧང་ག་རི་དང་། ཀེ་རི་སེ། ནེ་པ་ལ་བཅས་ལ་ཚོགས་སྒྲིག་གི་འཚམས་འདྲིར་བསྐྱོད་དེ་ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་གཞོགས་འདེགས་ཀྱིས་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། མི་དམངས་སྲིད་གྲོས་ཀྱི་ལས་དོན་དང་ལྷག་པར་དུ་བོད་ལྗོངས་སྲིད་གྲོས་ཀྱི་དམིགས་བསལ་དགེ་མཚན་ལྡན་པའི་ནུས་པ་ངོ་སྤྲོད་བྱས་པ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ལ་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་བ་རྣམས་དྲིལ་བསྒྲགས་བྱས་ཡོད། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཕྱི་དོན་རྟོག་ཞིབ་ཚོགས་པར་སྣེ་ལེན་ཞུ་རྒྱུར་གཞོགས་འདེགས་བྱས་ཏེ་བོད་ཀྱི་གནས་ཚུལ་ཡག་པོ་ཧུར་ཐག་བཤད་ནས་བོད་ལྗོངས་གོང་འཕེལ་འགྲོ་ཚུལ་དང་གྲུབ་འབྲས་རླབས་པོ་ཆེ་ཐོབ་པ་རྣམས་མངོན་པར་བྱས་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་བྱེད་སྒོ་སྤེལ་ཡུལ་སྔར་བས་ཆུང་དུ་བཏང་ཡོད།

    བཞི། རང་བྱུང་ཁམས་ལ་བརྩི་འཇོག་དང་འབྱུང་ཁམས་སྲུང་སྐྱོབ་བྱས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་རྒྱུར་སྐུལ་འདེད་བྱས་པ།

    རྒྱུན་ལས་ཨུ་ལྷན་གྱིས་འབྱུང་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་ལ་སྲུང་སྐྱོང་བྱེད་པ་ཡིན། འབྱུང་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་ལ་སྲུང་སྐྱོང་བྱེད་པ་ཡིན། ཆུ་མོ་དྭངས་ཤིང་རི་བོ་སྔོ་ལྗང་ཅན་དུ་འགྱུར་བ་བྱེད་རྒྱུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཅངས་ཏེ་རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་ལ་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བཅས་བྱས་ནས་རྒྱལ་ཁབ་ཀྱི་འབྱུང་ཁམས་བདེ་འཇགས་སྲུང་བཅད་སྐྲུན་ཆེད་རིག་སྟོབས་དང་ནུས་ཤུགས་ཡོད་རྒུ་བཏོན་ཡོད། འབྱུང་ཁམས་ཤེས་དཔལ་དར་སྤེལ་གཏོང་རྒྱུའི་ཐབས་ཇུས་ལག་བསྟར་དོན་འཁྱོལ་བྱེད་རྒྱུར་རམ་འདེགས་བྱས་པ། དེ་ཡང་ཨུ་ཡོན་སྒྲིག་འཛུགས་བྱས་ཏེ“རྒྱལ་ཁབ་ཀྱི་འབྱུང་ཁམས་ཕྱོགས་བསྡུས་སྐྱོང་གསབ་ལམ་སྲོལ་དོན་འཁྱོལ་ཧུར་ཐག་བྱེད་པ་དང་། དེ་བཞིན་འབྱུང་ཁམས་སྐྱོང་གསབ་ལམ་སྲོལ་དང་། ནགས་ཚལ་གྱི་འབྱུང་ཁམས་ཕན་འབྲས་སྐྱོང་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། རྩྭ་ཐང་གི་འབྱུང་ཁམས་སྲུང་སྐྱོབ་ཐད་ཁ་གསབ་བྱ་དགའ་སྤྲོད་པའི་ཚད་གཞི་མཐོ་རུ་གཏོང་རྒྱུ”སོགས་ལ་དམིགས་ཏེ་གཟིགས་ཞིབ་བརྟག་ཞིབ་བྱས་ནས་སྤུས་ཚད་མཐོ་བའི་བརྟག་ཞིབ་སྙན་ཞུ་ཁག་གཉིས་བྲིས་ཐོག རྒྱལ་ཁབ་ཀྱི་འབྱུང་ཁམས་ཕྱོགས་བསྡུས་སྐྱོང་གསབ་ལམ་སྲོལ་དོན་འཁྱོལ་ལ་སྐུལ་སྤེལ་གཏོང་རྒྱུ་དང་སྔོ་ལྗང་ཁོར་ཡུག་སྲུང་སྐྱོབ་རྒྱུན་མཐུད་གོང་འཕེལ་གཏོང་རྒྱུ་དང་འཚམ་པའི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྒྲིག་སྲོལ་ལམ་སྲོལ་གང་མགྱོགས་འཛུགས་ཆེད་ཐབས་འདོན་ཇུས་འབུལ་བྱས་ཡོད། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཐད་ཀྱི་སྲིད་ཇུས་ཤེས་བྱ་དེ་སྲིད་གྲོས་ལས་བྱེད་པའི་རིཌ་གཞུང་སྦྱོང་བརྡར་གྱི་གལ་ཆེའི་ནང་དོན་ལ་བརྩིས་པ་དང་། ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་རིགས་གཅིག་མཁས་ཅན་གདན་ཞུས་ཀྱིས་ཆེད་དོན་ཟུར་ཁྲིད་བྱས་པས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཤུགས་ཆེར་སོང་ཡོད། འབྱུང་ཁམས་བྱེད་ནུས་ཁུལ་དང་རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་རྒྱུར་རམ་འདེགས་བྱས་པ། དེ་ཡང《བྱང་ཐང་ས་མཐོའི་རྒྱལ་ཁབ་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ཁུལ་གྱི་སྤྱིའི་འཆར་འགོད》ཀྱི་བློ་འདྲིའི་ཚོགས་འདུ་འཚོགས་པ་དང་། ཨུ་ཡོན་སྒྲིག་འཛུགས་ཀྱིས་ཀྲུང་གོའི་བཟོ་སྐྲུན་ཁང་དང་། ནག་ཆུ་ས་གནས། དེ་བཞིན་ལྗོངས་ཕྱི་ནང་གི་རིགས་གཅིག་མཁས་པ་བཅས་དང་ཞིབ་བསྡུར་ཟབ་མོ་བྱས་ཏེ་དཔལ་འབྱོར་གྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། འབྱུང་ཁམས་ཀྱི་ཕན་འབྲས་བཅས་ཕན་ཚུན་གཅིག་གྱུར་ཡོང་བ་བྱེད་རྒྱུ་སོགས་ཀྱི་ཐད་བློ་འདྲི་ཇུས་འདོན་བྱས་ནས་རྒྱལ་ཁབ་ཀྱི་འབྱུང་ཁམས་བདེ་འཇགས་སྲུང་བཅད་བསྐྲུན་ཆེད་རམ་འདེགས་བྱས་ཡོད། རྒྱལ་ཡོངས་སྲིད་གྲོས་དང་མི་རིགས་ཆོས་དོན་ཨུ་ལྷན་གྱི་བོད་བསྐྱོད་བརྟག་ཞིབ་ཚོགས་ཆུང་དང་མཉམ་དུ་ལྷ་ས་དང་ཉིང་ཁྲི་གྲོང་ཁྱེར་དུ་བསྐྱོད་དེ“བོད་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་བསྐྲུན་རྒྱུ་དང་དོ་དམ་བྱེད་པའི་གནས་ཚུལ”ཐད་ས་ཡུལ་དངོས་སུ་བརྟག་ཞིབ་བྱས་པ་མ་ཟད། རང་སྐྱོང་ལྗོངས་སྲིད་གཞུང་གི་འགོ་ཁྲིད་དང་། ལྗོངས་ཁོར་ཡུག་སྲུང་སྐྱོབ་ཐིང་། ནགས་ལས་ཐིང་། ལྷ་ས་གྲོང་ཁྱེར་གྱི་འགན་ཁུར་བ་བཅས་དང་གྲོས་མོལ་བྱས་ནས་རིན་ཐང་ལྡན་པའི་བསམ་འཆར་དང་གྲོས་འགོ་བཏོན་ཡོད། གྲོང་ཁྱེར་གྱི་ཕྱོགས་སྒྱུར་དང་ཁོར་ཡུག་ལེགས་གཏོང་གི་ལས་ཀར་རམ་འདེགས་བྱས་པ། དེ་ཡང་ཨུ་ཡོན་སྒྲིག་འཛུགས་བྱས་ནས་གྲོང་རྡལ་ཅན་གྱི་འཛུགས་སྐྲུན་ཐད་གཟིགས་ཞིབ་བརྟག་ཞིབ་བྱས་པ་དང་། དེ་བཞིན་མཐའ་མཚམས་འགག་སྒོ་བསྐྲུན་རྒྱུ་དང་། འབྱུང་ཁམས་སྲུང་སྐྱོབ་དང་ནུས་རྒྱུ་གཙང་མ་གྲོང་རྡལ་དུ་ཉེར་སྤྱོད་བྱེད་རྒྱུ་སོགས་ཀྱི་ཐད་གྲོས་འཆར་བཏོན་ཡོད། ཀྲུའུ་ཞི་གཞོན་པ་10ཡིས་གཙོ་གནད་གྲོས་གཞི་སྒྲུབ་སྐུལ་བྱེད་པའི་གོ་སྐབས་དང་བསྟུན་ནས་གྲོས་གཞི་འདོན་མཁན་དང་། རིགས་ཁོངས་ཨུ་ཡོན་ཁག་གཅིག སྒྲུབ(སྐུལ)འགན་འཁུར་མཁན་ཚན་པའི་འགན་འཁུར་བ་བཅས་སྒྲིག་འཛུགས་བྱས་ཏེ་བརྟག་ཞིབ་བྱས་ཤིང་དེའི་ཁྲོད་ནས་རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་ཀྱི་གནད་དོན་ལ་རྟོག་ཞིབ་བྱས་ཐོག ཐཱན་ཉུང་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་རྒྱུ་སོགས་ཀྱི་ཐད་གྲོས་འཆར་བཏོན་པར་འབྲེལ་ཡོད་ཕྱོགས་ཁག་གིས་མཐོང་ཆེན་དང་དང་ལེན་བྱས་ཡོད། བོད་དུ་བཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་སྒྲིག་འཛུགས་ཀྱིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག 《ནུས་རྒྱུ་གཙང་མ་བཟོ་རྒྱུར་ཤུགས་སྣོན་བརྒྱབ་ནས་འཐབ་ཇུས་རང་བཞིན་གྱི་ཀ་རྟེན་ཐོན་ལས་གོང་འཕེལ་ལ་སྐུལ་སྤེལ་གཏོང་རྒྱུ》སོགས་ཀྱི་གྲོས་གཞི་ཕུལ་ཡོད་པས་རྒྱལ་ཁབ་འབྲེལ་ཡོད་པུའུ་ཨུད་ནས་ཚད་མཐོའི་མཐོང་ཆེན་དང་བསྒྲུབས་ལན་གནང་ཡོད།

    ལྔ། དམངས་འཚོ་འགན་ལེན་དང་མི་སེམས་གཅིག་སྒྲིལ་ཡོང་བ་བྱས་ནས་གོང་འཕེལ་གྱི་འབྲས་བུ་མཉམ་སྤྱོད་གང་ཐུབ་བྱས་པ།

    རྒྱུན་ལས་ཨུ་ལྷན་གྱིས་དམངས་འཚོ་ལེགས་སུ་གཏོང་རྒྱུ་དང་མི་སེམས་གཅིག་སྒྲིལ་ཡོང་བ་བྱེད་རྒྱུ་དེ་གཞི་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཏེ་རང་འགུལ་ངང་དམངས་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པའི་འདུ་ཤེས་སྟངས་འཛིན་ནན་པོ་བྱས་ཡོད། དམངས་འཚོའི་གནད་དོན་ལ་དམིགས་ཏེ་ཐབས་འདོན་ཇུས་འབུལ་བྱས་པ། དེ་ཡང་དམངས་ལ་ཕན་འདོགས་པ་དང་། དགོན་སྡེ་དང་གྲྭ་བཙུན་ལ་ཕན་འདོགས་པའི“བྱ་བ་དངོས་བཅུ”ཡག་པོ་བསྒྲུབ་རྒྱུ་དང་། ལྷག་པར་དུ་འཚོ་བའི་ཐད་སྤྱོད་པའི་ཆུ་ཕུགས་ལ་སྲུང་སྐྱོབ་བྱེད་རྒྱུ་སོགས་ཀྱི་དམངས་འཚོའི་གནད་དོན་ལ་དམ་པོར་དམིགས་ནས་ཨུ་ཡོན་སྒྲིག་འཛུགས་ཀྱིས་ཆེད་དོན་གཟིགས་ཞིབ་བརྟག་ཞིབ་བྱས་ཁར། རིན་ཐང་ལྡན་པའི་གཟིགས་ཞིབ་བརྟག་ཞིབ་བྱས་འབྲས་ཁག་གཅིག་གྲུབ་སྟེ་ལྗོངས་ཏང་ཨུད་དང་། སྲིད་གཞུང་། དེ་བཞིན་འབྲེལ་ཡོད་སྡེ་ཚན་ཁག་བཅས་ཀྱིས་ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་རྒྱུར་དཔྱད་གཞི་མཁོ་འདོན་བྱས་ཡོད། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མའི་ལས་ཞུགས་གནད་དོན་ཐག་གཅོད་བྱེད་རྒྱུར་དམིགས་ཏེ་ཨུ་ཡོན་སྒྲིག་འཛུགས་ཀྱིས་བརྟག་ཞིབ་གཏིང་ཟབ་བྱས་པ་མ་ཟད། མིང་མཉམ་འགོད་ཀྱི་ཐོག་ནས《བོད་སྡོད་ཁེ་ལས་ཀྱིས་ས་གནས་དེ་གའི་ངལ་རྩོལ་པའི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་བ་དང་འཐུས་ཚང་གཏོང་དགོས་པའི་སྐོར་གྱི་གྲོས་འགོ》ལ་འབྲེལ་ཡོད་ཕྱོགས་ཁག་གིས་མཐོང་ཆེན་པོ་བྱས་ཡོད། “དབུལ་སྐྱོར་གནད་འཕིགས་ལ་དམིགས་ཏེ་བོད་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད་མཐོ་རུ་འགྲོ་བ་བྱེད་པའི”ཆེད་དོན་གྲོས་མོལ་ཚོགས་འདུ་འཚོགས་པ། དེ་ཡང་འགན་བགོས་འགོ་ཁྲིད་ཀྱིས་སྣེ་ཁྲིད་པའི་བརྟག་ཞིབ་ཚོགས་ཆུང་གིས་གཞིས་རྩེ་དང་། ཉིང་ཁྲི། ལྷོ་ཁ། ནག་ཆུ་སོགས་གྲོང་ཁྱེར(ས་གནས)ཁག་གི་ས་ཡུལ་དངོས་སུ་བརྟག་ཞིབ་བྱེད་པར་བསྐྱོད་དེ་ཐོག་མའི་དཔྱད་གཞི་བསྡུ་རུབ་ཤེས་རྟོགས་བྱས་ཤིང་། སྔོན་ཚུད་དུ་གྲོས་བསྡུར་ཚོགས་འདུ་དང་མཐུན་སྦྱོར་འབྲེལ་གཏུག་ཚོགས་འདུ་འཚོགས་ནས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་གྲོས་མོལ་ཚོགས་འདུར་གདན་ཞུ་བྱས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད། དེ་བཞིན་རིགས་ཁོངས་ཨུ་ཡོན་སྒྲིག་འཛུགས་བྱས་ནས་ཆེད་དོན་གྲོས་མོལ་དང་སྲིད་སྐྱོང་ཇུས་འདོན་བྱས་ནས་སྨན་བཅོས་ཞབས་ཞུའི་མ་ལག་གི་གྲུབ་ཆའི་ནུས་པ་ཆེ་རུ་གཏོང་རྒྱུ་དང་། སྨན་རྫས་མཁོ་འདོན་འགན་སྲུང་ཤུགས་ཆེ་བྱེད་རྒྱུ། གནོད་མེད་ཞིང་ཕྱུགས་ཐོན་རྫས་ལ་འགན་ལེན་བྱེད་རྒྱུ་སོགས་ཀྱི་ཐད་བསམ་འཆར་དང་གྲོས་འགོ་བཏོན་པར་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་བློ་མཐུན་གཙོ་བོས་ཁས་ལེན་གནང་བ་དང་འབྲེལ་ཡོད་ཕྱོགས་ནས་ཞིབ་འཇུག་བྱེད་དགོས་པའི་མཆན་འགོད་མཛུབ་སྟོན་གནང་ཡོད། གཞི་རིམ་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་ཞུ་བསྒྲུབས་པ། དེ་ཡང་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་ཏན་ཏིག་སྤེལ་ཞིང་། ཀྲུའུ་ཞི་ཚོགས་པའི་ཁོངས་མི་དང་ལས་ཁུངས་འགོ་ཁྲིད་ཀྱིས་རང་འགུལ་ངང་འབྲེལ་གཏུག་བྱེད་ཡུལ་དུ་འཛུགས་སྐྲུན་རྣམ་གྲངས་མཐུན་སྦྱོར་དང་། མ་དངུལ་བརྩོན་ལེན་དང་དོན་འཁྱོལ་བྱས་པས་ས་གནས་དེ་གའི་དཔལ་འབྱོར་གོང་འཕེལ་དང་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་ཐུབ་ཡོད། རྒྱ་ཆེའི་ཨུ་ཡོན་རྣམ་པས་རང་འགུལ་ངང་གཞི་རིམ་དུ་ཟབ་འཇུག་བྱས་ནས་མང་ཚོགས་ལ་འབྲེལ་གཏུག་དང་། ཞབས་ཞུ། རོགས་རམ་བཅས་བྱས་ཏེ་དམངས་ཕན་ལས་དོན་ཁག་ཡག་པོ་བསྒྲུབས་ཡོད།

    གྲོང་ཚོར་བཅའ་སྡོད་ཀྱི་ལས་ཀར་རྒྱབ་སྐྱོར་གང་ཐུབ་བྱས་ཏེ་ལས་ཁུངས་ཀྱི་ལས་བྱེད་པ་48ནག་ཆུ་རྫོང་གི་སྲིད་འཛིན་གྲོང་ཚོ་ཁག་6ལ་བཅའ་སྡོད་བྱེད་པར་འདེམས་གཏོང་བྱས་ཁར། ས་གནས་དེ་གའི་ཏང་སྲིད་རྩ་འཛུགས་ཀྱིས་གལ་ཆེའི་ལས་འགན“5+2+1”དོན་འཁྱོལ་བྱེད་རྒྱུ་སོགས་ལ་གཞོགས་འདེགས་བྱས་ཡོད།

    དྲུག ཚད་ལྡན་གོ་རིམ་ཡོད་པ་དང་ཕན་འབྲས་ཐོན་རྒྱུར་སྣང་ཆེན་བྱས་ཏེ་རྒྱུན་གཏན་རང་བཞིན་གྱི་ལས་དོན་སྤེལ་རྒྱུར་གཅིག་གྱུར་འཆར་འགོད་དང་སྐུལ་སྤེལ་བཏང་བ།

    རྒྱུན་ལས་ཨུ་ལྷན་གྱིས་རྒྱུན་གཏན་རང་བཞིན་གྱི་ལས་ཀའི་ནང་དོན་དང་བྱེད་ཐབས་གསར་གཏོད་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་སྲིད་གྲོས་ལས་དོན་སྤེལ་རྒྱུ་དེ་ཚད་ལྡན་གོ་རིམ་ཡོད་པ་དང་ཕན་འབྲས་ཐོན་གང་ཐུབ་བྱས་ཡོད། གྲོས་གཞིའི་ལས་དོན་ལ་ཤུགས་སྣོན་བརྒྱབ་པ། དེ་ཡང་སྐབས་བཅུ་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནས་བཟུང་། ཁྱོན་བསྡོམས་གྲོས་གཞི་ཁག་489འབྱོར་བའི་ནང་ནས། ཞིབ་བཤེར་གྱིས་གྲོས་ཁོངས་སུ་བཅུག་པ་ཁག་479ཡོད། 《བོད་དང་། སི་ཁྲོན། ཡུན་ནན། མཚོ་སྔོན་བཅས་ཀྱི“ཆུ་བོ་གསུམ་རྒྱུག་ཁུལ”གྱི་ཁུལ་ཁོངས་དཔལ་འབྱོར་མཉམ་ལས་ལ་སྐུལ་འདེད་བཏང་ནས“རྒྱུད་གཅིག་ལམ་གཅིག”གི་གོང་འཕེལ་འཐབ་ཇུས་ནང་ཧུར་ཐག་ཞུགས་རྒྱུའི་སྐོར》སོགས་གཙོ་གནད་གྲོས་གཞི་ཁག་10བདམས་གསེས་བྱས་པ་དང་ཀྲུའུ་ཞི་གཞོན་པ་10ཡིས་སྣེ་ཁྲིད་ཀྱིས་སྒྲུབ་སྐུལ་བྱས་ཡོད། མིག་སྔའི་བར། གྲོས་གཞིའི་ནང་བཏོན་པའི་གྲོས་འགོ་དང་ལེན་བྱས་པ་ཁག་228ཡོད་པ་དེས་48%བཟུང་ཡོད། འཆར་གཞིའི་ནང་བཅུག་སྟེ་ཐག་གཅོད་བྱ་འཆར་ཡིན་པའམ་ཡང་ན་དང་ལེན་བྱས་པ་ཁག་170ཡོད་པ་དེས་35%བཟུང་ཡོད། ད་ལྟ་ཆ་རྐྱེན་མ་འཛོམས་པས་གནས་སྐབས་ཐག་གཅོད་བྱེད་ཐབས་མེད་པར་དཔྱད་གཞིར་འཇོག་དགོས་པ་ཁག་81ཡོད་པ་དེས་17%བཟུང་ཡོད། རིག་གནས་དང་ལོ་རྒྱུས་དཔྱད་གཞིའི་ལས་ཀར་ཤུགས་སྣོན་བརྒྱབ་པ། དེ་ཡང་རང་ལྗོངས་ཀྱི་ནུབ་རྒྱུད་ཐོན་འབྱེད་ཆེན་མོའི་འཐབ་ཇུས་ལག་བསྟར་བྱེད་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུར་ཕྱོགས་བསྡོམས་དང་ཕྱིར་མིག་བལྟས་ཏེ《ནུབ་རྒྱུད་ཐོན་འབྱེད་ཆེན་མོའི་མྱོང་བ་དངོས་(བོད་ལྗོངས་བམ་པོ)》ཞེས་པ་ལམ་ལྷོངས་ངང་དཔེ་སྐྲུན་བྱས་ཡོད། བོད་དུ་དཔུང་བསྐྱོད་བྱེད་མཁན་དམར་དམག་རྒན་གྲས་དང་། འཐབ་འཛིང་པ་རྒན་གྲས། བོད་ཀྱི་ལས་བྲལ་ལས་འཁྱུར་བྱས་པའི་ལས་བྱེད་པ་རྒན་གྲས་བཅས་ཀྱི་མི་སེམས་འགུལ་བའི་བོད་ཀྱི་དྲན་འཆར་སྔོག་འདོན་དང་མྱུར་སྐྱོབ་གང་ཐུབ་བྱས་ཤིང་། 《ངའི་དྲན་འཆར་ངོས་ཀྱི་བོད་ལྗོངས》ཞེས་པར་བརྟེན་ནས་མི་སེམས་ལ་དྲོ་སྐྱིད་སྟེར་བ་དང་དྲང་ནུས་གཅིག་བསྡུས་ཐུབ་པ་བྱས་ཡོད། 《བོད་རིགས་ཀྱི་ལོ་བརྒྱའི་དངོས་བྱུང་ལོ་རྒྱུས》ཀྱི་ཡིག་ཆ་བསྡུ་རུབ་ལས་དོན་ལ་སྐུལ་སྤེལ་ཏན་ཏིག་བཏང་ཡོད་ལ། 《བོད་རང་སྐྱོང་ལྗོངས་ཀྱི་རྣམ་བཤད་ལས་སྲིད་གྲོས་རྣམ་བཤད》དང་《བོད་ལྗོངས་སྲིད་གྲོས་ཀྱི་ལོ་ཚིགས་མེ་ལོང་(2015)》རྩོམ་སྒྲིག་བྱེད་པའི་ལས་དོན་ནན་ཏན་བསྒྲུབས་ཡོད། མཐུན་སྒྲིལ་མཛའ་འབྲེལ་གྱི་ལས་ཀར་ཤུགས་སྣོན་བརྒྱབ་པ། དེ་ཡང་སྲིད་གྲོས་ཀྱི་མཐུན་རྐྱེན་ལ་བརྟེན་ནས་མཛའ་འབྲེལ་གྲོགས་སྒྲིག་བྱས་པས་མི་རིགས་ཁག་དང་རིགས་ཁོངས་ཁག་གི་བསམ་བློའི་ཐོག་གི་མོས་སེམས་དང་ཆབ་སྲིད་ཐོག་གི་མོས་སེམས་ཆེ་རུ་སོང་ཡོད། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་ཇ་སྟོན་ཚོགས་འདུ་དང་དབྱར་དུས་ཀྱི་མཛའ་འབྲེལ་ལྷན་ཚོགས་གྲ་རྒྱས་ངང་འཚོགས་པས་ཏང་སྲིད་འགོ་ཁྲིད་དང་། སྲིད་གྲོས་ཀྱི་མི་རིགས་ཁག་དང་རིགས་ཁོངས་ཁག་གི་ཨུ་ཡོན་དབར་གྱི་མཐུན་སྒྲིལ་དང་མཛའ་འབྲེལ་ཇེ་ཟབ་ཏུ་སོང་ཡོད། རྒྱལ་ཡོངས་སྲིད་གྲོས་དང་ནང་སའི་སྲིད་གྲོས་དབར་གྱི་སྤེལ་རེས་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། ལོ་ཧྲིལ་པོར་བོད་བསྐྱོད་གཟིགས་ཞིབ་བརྟག་ཞིབ་ཚོགས་པ(ཙུའུ)ཁག་28ལ་གཞོགས་འདེགས་ཀྱིས་བརྟག་ཞིབ་བྱེད་སྒོ་སྤེལ་བ་དང་། ཞིབ་བསྡུར་སྤེལ་རེས་ཟབ་མོ་བྱས་ནས་ཕན་ཚུན་སློབ་སྦྱོང་དང་དཔེ་ལེན་བྱས་ཡོད། རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་ཚབ་པ་སྒྲིག་འཛུགས་ཀྱིས་ཧྥུའུ་ཅན་དང་ཉིང་ཞ། ཀོང་ཞི་སོགས་ཞིང་ཆེན(ལྗོངས)དུ་བསྐྱོད་དེ་ཤར་ནུབ་ཁུལ་གྱི་མཉམ་ལས་མགྱོགས་སུ་གཏོང་བ་དང་། དབུལ་གྲོལ་འགག་སྒྲོལ། གྲོང་ཁྱེར་གྱི་མི་རིགས་ལས་དོན་སོགས་ལ་དམིགས་ཏེ་གཟིགས་ཞིབ་བརྟག་ཞིབ་བྱེད་པའི་ནང་ཞུགས་ཡོད། ཆ་འཕྲིན་དང་དྲིལ་བསྒྲགས་ཀྱི་ལས་ཀར་ཤུགས་སྣོན་བརྒྱབ་པ། དེ་ཡང《སྲིད་གྲོས་མ་ལག་གི་ཆ་འཕྲིན་ལས་ཀར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》སོགས་བཟོ་འབེབས་བྱས་པ་དང་། ལོ་ཧྲིལ་པོའི་ནང་། 《བོད་ལྗོངས་སྲིད་གྲོས》དུས་དེབ་ཐོག་ཡུལ་བབ་དམངས་འདུན་གྱི་ཆ་འཕྲིན་དང་འགན་སྒྲུབ་བསྡུས་འཕྲིན་300ལྷག་ཙམ་བཀོད་སྤེལ་བྱས་པ་དང་། 《སྲིད་གྲོས་ཀྱི་ཆ་འཕྲིན》དང་། 《སྲིད་གྲོས་ཀྱི་ཕྱོགས་བསྡུས་ཆ་འཕྲིན》《རྒྱལ་ཇུས་དམངས་དོན》བཅས་ཁྱོན་བསྡོམས་འདོན་ཐེངས་116རྩོམ་སྒྲིག་བྱས་ཡོད། ཆ་འཕྲིན་ཅན་དུ་འགྱུར་བར་སྐུལ་སྤེལ་དང་། དེང་རབས་ཀྱི་སྨྱན་སྦྱོར་སྤྱད་དེ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་གྲོས་ཀྱི་དྲ་ཚིགས་བེད་སྤྱོད་བྱེད་པ། དྲ་རྒྱའི་སྲིད་གླེང་གི་ནུས་པ་མཐོ་རུ་གཏོང་བ་བཅས་ཀྱི་ཐོག་ནས་སྲིད་གྲོས་ཀྱི་བག་ཆགས་འཇོག་ཤུགས་ཆེ་རུ་སོང་ཡོད།

    བདུན། སྔ་འཛིན་ཕྱི་གཏོད་དང་ལག་ལེན་གསར་གཏོད་ཀྱིས་རང་ངོས་ལེགས་སྐྱོང་བྱེད་རྒྱུར་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་པ།

    རྒྱུན་ལས་ཨུ་ལྷན་གྱིས་བསྒྱུར་བཅོས་གསར་གཏོད་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་འཇོན་ནུས་ཆེ་རུ་གཏོང་རྒྱུ་དེ་ཨུ་ཡོན་དང་། ཆེད་དོན་ཨུ་ལྷན། རིགས་ཁོངས། ལས་ཁུངས་བཅས“ཕྱོགས་བཞི་གཞི་གཅིག”གིས་འཛུགས་སྐྱོང་བྱེད་པའི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པ་བྱས་པས། སྲིད་གྲོས་ཀྱི་གྲོས་མོལ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་སོང་ཡོད། ཨུ་ཡོན་གྱི་གཙོ་རྐང་ནུས་པ་འདོན་སྤེལ་བྱས་པ། དེ་ཡང《སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་འཁྲི་སྒྲུབ་པའི་ལས་ཀའི་ལམ་སྲོལ(ཚོད་ལྟའི་ལག་བསྟར)》དང《སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་བརྟག་དཔྱད་ཞིབ་འཇུག་ལས་ཀའི་བྱེད་ཐབས(དག་བཅོས)》སོགས་བཟོ་འབེབས་བྱས་ཏེ་ཨུ་ཡོན་གྱི་འཁྲི་སྒྲུབ་ཞབས་ཞུ་དང་དོ་དམ་ལ་ཤུགས་སྣོན་བརྒྱབ་ཡོད། གནས་ཚུལ་དང་སྲིད་དོན་ཤེས་རྟོགས་བྱེད་པའི་མཐུན་རྐྱེན་དང་གྲོས་མོལ་སྲིད་གླེང་གི་མཐུན་རྐྱེན་བསྐྲུན་ཡོད། ལོ་ཧྲིལ་པོའི་ནང་ཨུ་ཡོན་སྒྲིག་འཛུགས་བྱས་ཏེ་བརྟག་དཔྱད་རྟོག་ཞིབ་ནང་ཞུགས་མཁན་མི་ཐེངས་གྲངས་460ལྷག་ཙམ་དང་། རང་སྐྱོང་ལྗོངས“འགོ་ཁྲིད་ཚན་ཁག་སྐབས་བརྗེའི་དར་སྲོལ”གྱི་ལྟ་སྐུལ་པ་དང་ལས་རིགས་སྤྱོད་ཚུལ་གྱི་ལྟ་སྐུལ་པ་མི་ཐེངས་གྲངས་120ཙམ་ཞུགས་པས་ཨུ་ཡོན་གྱི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་སོང་ཡོད། ཆེད་དོན་ཨུ་ལྷན་གྱི་རྨང་གཞིའི་ནུས་པ་འདོན་སྤེལ་བྱས་པ། དེ་ཡང་ཆེད་དོན་ཨུ་ལྷན་གྱིས་སྲིད་གྲོས་ལས་དོན་གྱི་སྤྱིའི་བཀོད་སྒྲིག་ལྟར་འགན་ནུས་ཀྱི་ཁྱད་ཆོས་ལ་གཞིགས་ཏེ་འགན་འཁྲི་སྒྲུབ་པའི་ཐབས་ཤེས་གསར་པ་དང་ཐབས་ལམ་གསར་པ་འཚོལ་ཞིབ་ཀྱིས་གཟིགས་ཞིབ་བརྟག་ཞིབ་ཀྱི་ལས་ཀ་ལེགས་བཅོས་བྱེད་རྒྱུར་རྒྱབ་སྐྱོར་བྱས་པས་གཟིགས་ཞིབ་བརྟག་ཞིབ་ནང་ཞུགས་ཚད་དང་ཕན་འབྲས་རང་བཞིན་ཆེ་རུ་སོང་བ་དང་། འགན་འཁྲི་སྒྲུབ་པའི་རྨང་གཞིའི་ནུས་པ་སྔར་བས་འདོན་སྤེལ་ཐུབ་ནས་འགན་འཁྲི་སྒྲུབ་པའི་ཕན་འབྲས་སྔར་བས་ཆེ་རུ་སོང་ཡོད། རིགས་ཁོངས་ཀྱི་དམིགས་བསལ་ནུས་པ་འདོན་སྤེལ་བྱས་པ། དེ་ཡང་རིགས་ཁོངས་ཁག་གི་གཞི་རིམ་ཨུ་ཡོན་གྱི་ནུས་པ་སྔར་བས་འདོན་སྤེལ་བྱེད་པའི་ཐབས་ཤེས་འཚོལ་ཞིབ་ཧུར་ཐག་བྱས་པས་གོ་རིམ་ཡོད་པའི་སྒོ་ནས་ཆབ་སྲིད་ལ་ཐེ་ཞུགས་བྱེད་པའི་བར་སྟོང་རྒྱ་ཆེར་སོང་ཡོད། ན་ནིང་། ཀྲུའུ་ཞི་སྐུ་གཞོན་མང་པོ་ཞིག་གིས་རིགས་ཁོངས་ཨུ་ཡོན་གྱི་སྣེ་ཁྲིད་དེ་གཟིགས་ཞིབ་བརྟག་ཞིབ་བྱེད་སྒོ་ཐེངས་12སྤེལ་བ་དང་ཨུ་ཡོན་རྣམ་པས་རིགས་ཁོངས་ཀྱི་མང་ཚོགས་དང་རྒྱ་ཁྱབ་ངང་འབྲེལ་བ་བྱེད་རྒྱུར་སྐུལ་སྤེལ་བཏང་ནས་སྤྱི་ཚོགས་ཀྱི་རིགས་གྲས་མི་འདྲ་བའི་བསམ་འདུན་དང་རེ་ཞུ་དུས་ཐོག་ཏུ་མཚོན་པར་བྱས་ཡོད། གཞིས་རྩེ་གྲོང་ཁྱེར་གྱི་ཤང(གྲོང་རྡལ)ཁག་གཅིག་ཏུ་སྲིད་གྲོས་ཀྱི་འབྲེལ་གཏུག་བྱེད་ས་བཙུགས་པས་རིགས་ཁོངས་ཀྱི་དམིགས་བསལ་ནུས་པ་འདོན་སྤེལ་བྱེད་རྒྱུར་ཕན་ཡོད་ཀྱི་འཚོལ་ཞིབ་བྱས་ཡོད། ཏང་སྲོལ་སྤྱོད་གཙང་དང་ལས་ཁུངས་ལེགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་པ། དེ་ཡང་སྲིད་གྲོས་ཏང་ཙུའུ་ཡིས་ཏང་ལེགས་སྐྱོང་དང་ལས་ཁུངས་ཀྱི་བསམ་བློ་དང་། སྒྲིག་འཛུགས། སྤྱོད་ཚུལ། ལམ་ལུགས་དང་རུལ་རྒོལ་གཙང་སྤེལ་འཛུགས་སྐྱོང་བཅས་ལེགས་སྐྱོང་བྱེད་རྒྱུར་མཐོང་ཧ་ཅང་ཆེན་པོ་བྱས་ཤིང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་དགོས་པའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཐོག 《ཚད་གཞི》དང་《སྲོལ་ཡིག》གཉིས་མཐའ་གཅིག་ཏུ་ལག་བསྟར་བྱས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་། ལྗོངས་ཏང་ཨུད་ཀྱི“བསྲུང་བྱ་རྣམ་བཅུ”དང་“བླང་བྱ་ཁག་དགུ”དོན་འཁྱོལ་མཐའ་གཅིག་ཏུ་བྱས་པས་སྲིད་གྲོས་ཀྱི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། 《ཀྲུང་གུང་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་གཞུང་དོན་གྲོས་མོལ་བྱེད་སྲོལ》དང་《ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་གི་གཙོ་རྐང་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་འབྲེལ་གཏུག་གྲོས་མོལ་བྱ་ཐབས》 ཞིབ་འཇུག་བྱས་ནས་བཟོ་འདོན་བྱས་པ་དང་། སྤྱོད་གཙང་འཛུགས་སྐྱོང་གི་གསལ་ཐོ་སོགས་བཀོད་པས་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཀྱི་སྣང་ཚུལ་ཐོན་ཐུབ་པ་བྱུང་ཡོད། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ཞིང་། གནད་དོན་གྱི་འཛིན་ཕྱོགས་དང་། བླང་བྱ་ནན་པོ། གོང་དཔེ་གཤམ་སྟོན། དངོས་ཕན་ལ་གཙིགས་ཆེན་བཅས་བྱེད་རྒྱུ་མཐའ་འཁྱོངས་བྱས་པ་དང་། སློབ་སྦྱོང་གཙོ་གནད་དུ་བརྩི་རྒྱུ་དང་ལས་སྒྲུབ་འགག་རྩར་བརྩི་རྒྱུ་མངོན་ཆེར་བཟུང་བས་སྲིད་གྲོས་ཀྱི་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་ཡོད།

    ལོ་གཅིག་རིང་གི་ལས་དོན་ལ་ཕྱི་མིག་ལྟ་སྐབས་ང་ཚོར་མྱོང་ཚོར་ཟབ་མོ་བྱུང་བ་སྟེ།

    (གཅིག)ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་ནི་སྲིད་གྲོས་ཀྱི་ལས་དོན་ལེགས་སྒྲུབ་བྱེད་པའི་རྩ་བའི་འགན་ལེན་ཡིན། ལྗོངས་ཏང་ཨུད་ཀྱིས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་དར་སྤེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ《བོད་ལྗོངས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་དར་སྤེལ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཏོན་ནས་གྲོས་མོལ་གྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་། གྲོས་མོལ་གྱི་རྣམ་པ་རྒྱ་ཆེར་གཏོང་བ། གྲོས་མོལ་གྱི་གོ་རིམ་ཚད་ལྡན་བཟོ་བ། གྲོས་མོལ་གྱི་སྒྲིལ་སྲོལ་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ཐད་གཏན་འབེབས་ཁ་གསལ་བཟོས་ཏེ་སྲིད་གྲོས་ཀྱི་ལས་དོན་ལ་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། ལྗོངས་སྲིད་གྲོས་ཀྱིས་གཡོ་འགུལ་སྤུ་ཙམ་མེད་པའི་ཐོག་ནས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ་གལ་ཆེའི་ལས་དོན་ཡིན་ཕྱིན་རང་འགུལ་ངང་དགོངས་སྐོར་ཞུ་བ་དང་གལ་ཆེའི་དོན་གནད་ཡིན་ཕྱིན་དུས་ཐོག་ཏུ་སྙན་སེང་ཞུས་ཡོད།

    (གཉིས)ལྟེ་བར་དམིགས་ཤིང་ཁྱོན་ཡོངས་ལ་ཞབས་ཞུ་བསྒྲུབ་རྒྱུ་ནི་སྲིད་གྲོས་ཀྱི་ལས་དོན་ལེགས་སྒྲུབ་བྱེད་པའི་གལ་ཆེའི་རྩ་དོན་ཡིན། རྒྱུན་ལས་ཨུ་ལྷན་གྱིས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཁྱབ་དང་“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཁྱབ་མཐའ་འཁྱོངས་དང་། སྔ་ཕྱི་བར་གསུམ་དུ་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ཏེ་བརྟན་ལྷིང་འགན་སྲུང་དང་། གོང་འཕེལ་ལ་སྐུལ་འདེད། དམངས་ཚོར་ཕན་འདོགས་པ། འབྱུང་ཁམས་སྲུང་སྐྱོང་སོགས་ཀྱི་གནད་དོན་ལ་བསྟུན་ནས་བརྟག་ཞིབ་དང་སྲིད་གླེང་བྱས་ཏེ་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་ཞིང་དམངས་གཙོའི་སྒོ་ནས་ཇུས་ཐག་གཅོད་ཆེད་དཔྱད་གཞི་འདོན་སྤྲོད་བྱས་ཡོད།

    (གསུམ)བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འཐབ་ས་དང་པོའི་ནང་ཧུར་ཐག་ཞུགས་རྒྱུ་ནི་སྲིད་གྲོས་ཀྱིས་འགན་ནུས་སྒྲུབ་པའི་ལེགས་ཆ་ཆེ་ཤོས་ཤིག་ཡིན། རྒྱུན་ལས་ཨུ་ལྷན་གྱིས་ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་འགན་འཁྲི་སྒྲུབ་པའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས། འབྲེལ་གཏུག་བྱེད་རྒྱ་ཆེ་བ་དང་། གཞི་རིམ་ཨུ་ཡོན་མང་བ། ལྷག་དོན་དུ་མི་རིགས་ཆོས་ལུགས་རིགས་ཁོངས་ཀྱི་ཨུ་ཡོན་མང་བ་བཅས་ཀྱི་སྲིད་གྲོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཐོག་རང་འགུལ་ངང་གོང་ལ་བརྟེན་པ་དང་། མཐུན་སྒྲིལ་མཉམ་འབྲེལ། སེམས་ནུས་གཅིག་སྒྲིལ་བཅས་བྱས་ཏེ་གནད་དོན་མང་བ་དང་། དཀའ་ངལ་ཆེ་བའི་ས་གནས་དང་རྫོང་། དགོན་སྡེ། ཤང་དང་གྲོང་ཚོ་བཅས་སུ་བསྐྱོད་དེ་བརྟན་ལྷིང་སྲུང་སྐྱོང་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་པ་དང་། དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་པ། འགལ་ཟླ་སེལ་རྒྱུར་དོ་སྣང་བྱེད་པ་བཅས་བྱས་ནས་རང་ལྗོངས་ཀྱི“མེད་པ་གསུམ”དང་“མི་ཐོན་པ་གསུམ”འགན་ལེན་བྱེད་ཆེད་ལེགས་སྐྱེས་ཕུལ་ཡོད།

    (བཞི)སྒྲིག་སྲོལ་ལམ་སྲོལ་འཛུགས་སྐྱོང་ལ་སྐུལ་སྤེལ་གཏོང་རྒྱུ་ནི་སྲིད་གྲོས་ལས་དོན་ཡག་པོ་སྒྲུབ་པའི་ལམ་ལུགས་ཀྱི་འགན་ལེན་ཞིག་ཡིན། རྒྱུན་ལས་ཨུ་ལྷན་གྱིས་རང་འགུལ་ངང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་ལ་འབྲེལ་མཐུད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། 2016ལོའི་གྲོས་མོལ་འཆར་གཞི་དང་གཙོ་གནད་ལས་དོན་ལ་ཆོག་མཆན་ཞུ་བ་དང་འབྲེལ་དོན་འཁྱོལ་ཡོང་བར་སྐུལ་སྤེལ་ཡང་བཏང་ཡོད། བསྒྱུར་བཅོས་ཀྱི་གོམ་སྟབས་དང་བསྟུན་ནས《སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་འཁྲི་སྒྲུབ་པའི་ལས་ཀའི་ལམ་སྲོལ(ཚོད་ལྟའི་ལག་བསྟར)》དང་《སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་བརྟག་དཔྱད་ཞིབ་འཇུག་ལས་ཀའི་བྱེད་ཐབས(དག་བཅོས)》སོགས་ལ་ཞིབ་འཇུག་གིས་བཟོ་འདོན་བྱས་ཁར་སྲིད་གྲོས་ཀྱི་ལམ་ལུགས་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་འགན་ནུས་བསྒྲུབ་རྒྱུ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་སུ་འགྱུར་རྒྱུར་སྐུལ་སྤེལ་བཏང་ཡོད།

    (ལྔ)བཅའ་ཁྲིམས་དང་སྒྲིག་ཡིག་ལྟར་འགན་འཁྲི་བསྒྲུབ་རྒྱུ་ནི་སྲིད་གྲོས་ལས་དོན་ཡག་པོ་སྒྲུབ་པའི་གཞི་འཛིན་ས་གལ་ཆེན་ཞིག་ཡིན། རྒྱུན་ལས་ཨུ་ལྷན་གྱིས་མི་དམངས་སྲིད་གྲོས་དེ་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་བྱེད་པའི་གལ་ཆེའི་ཐབས་ལམ་ཡིན་པ་དང་ཆེད་དོན་གྲོས་མོལ་ཚན་པ་ཡིན་པའི“ཆབ་སྲིད”ཀྱི་དོན་སྙིང་ལ་ངེས་ཤེས་ཡང་དག་དང་ཁོང་དུ་ནན་ཏན་ཆུད་པ་བྱས་ནས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་དང་། ལྷག་པར་དུ་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་ཐོག་བཏོན་པའི་དམིགས་ཚད་ལས་འགན་དང་འཐབ་ཇུས་ཀྱི་བྱ་ཐབས་ལ་དམ་པོར་དམིགས་ཏེ་བཅའ་ཁྲིམས་དང་སྒྲིག་ཡིག་ལྟར་འགན་འཁྲི་བསྒྲུབས་པ་དང་། སྲིད་གྲོས་ཀྱི་འགན་ནུས་འདོན་སྤེལ་ཡག་པོ་བྱས་པས་སྲིད་གྲོས་ཀྱི་དམིགས་བསལ་རིན་ཐང་དང་དགོས་ངེས་ཀྱི་དོན་སྙིང་མཚོན་པར་བྱས་ཡོད།

    (དྲུག)འགན་འཁྲི་གཙང་སྒྲུབ་ཀྱི་མཉམ་ཤུགས་ཤིག་ཆགས་པ་བྱེད་རྒྱུ་ནི་སྲིད་གྲོས་ལས་དོན་ཡག་པོ་སྒྲུབ་པའི་རྨང་གཞི་བརྟན་པོ་ཞིག་ཡིན། རྒྱུན་ལས་ཨུ་ལྷན་གྱིས་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ལྗོངས་མི་དམངས་འཐུས་ཚོགས། སྲིད་གཞུང་། དེ་བཞིན་ཕྱོགས་གང་ཐད་ཀྱི་རྒྱབ་སྐྱོར་རོགས་རམ་འོག མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་རྒྱུན་འཁྱོངས་བྱས་ཐོག ཚོགས་པ་ཁག་དང་། མི་རིགས་ཁག ཆོས་ལུགས་ཁག རིགས་ཁོངས་ཁག རིམ་གྲས་ཁག ཕྱོགས་ཁག་བཅས་ཐད་ཀྱི་ཚབ་མཚོན་མི་སྣའི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་སྲིད་གྲོས་ཀྱི་མཐུན་རྐྱེན་བརྒྱུད་གོ་རིམ་ལྡན་པའི་ངང་ཆབ་སྲིད་ནང་ཐེ་ཞུགས་བྱས་ཡོད། ཨུ་ཡོན་གྱིས་མང་ཚོགས་དང་འབྲེལ་བ་བྱེད་པའི་འབྲེལ་ཟམ་ལྟ་བུའི་ནུས་པ་འདོན་སྤེལ་བྱས་ཏེ་མང་ཚོགས་དེ་བས་མང་བ་ཞིག་ལྗོངས་ཏང་ཨུད་ཀྱི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་ཡོང་བ་བྱས་ཡོད། གྲོང་ཁྱེར(ས་གནས)དང་རྫོང(ཆུས)སྲིད་གྲོས་ལ་འབྲེལ་གཏུག་དང་མཛུབ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གཅིག་སྡུད་སྦྱོང་བརྡར་དང་མཉམ་འབྲེལ་ཐོག་གཟིགས་ཞིབ་བརྟག་ཞིབ་སོགས་ཀྱི་འགན་སྒྲུབ་ལག་ལེན་ཁྲོད་མཉམ་ཤུགས་ཆགས་པ་བྱས་ཡོད།

    ཨུ་ཡོན་རྣམ་པ། འདས་ཟིན་པའི་ལོ་གཅིག་ནང་ང་ཚོར་ཐོབ་པའི་གྲུབ་འབྲས་དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་དབུ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་གནང་བའི་འབྲས་བུ་ཞིག་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་ཞིབ་ཚགས་གནང་བའི་འབྲས་བུ་ཞིག ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ལྗོངས་མི་དམངས་འཐུས་ཚོགས། སྲིད་གཞུང་བཅས་ཀྱི་རོགས་སྐྱོར་གནང་བའི་འབྲས་བུ་ཞིག རིམ་ཁག་དང་སྡེ་ཚན་ཁག་གིས་གཞོགས་འདེགས་ཧུར་ཐག་དང་སྤྱི་ཚོགས་ལས་རིགས་ཁག་གིས་རྒྱ་ཁྱབ་ཏུ་ཐེ་ཞུགས་གནང་བའི་འབྲས་བུ་ཞིག རིམ་ཁག་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཐེ་ཞུགས་ཚན་པ་དང་སྲིད་གྲོས་ཨུ་ཡོན་ཡོངས། སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་ལས་བཟོས་ཐུན་མོང་ཐོག་འབད་བརྩོན་བྱས་པའི་འབྲས་བུ་ཞིག་བཅས་ཡིན་པས་འདིར་ངས་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ཏེ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    ང་ཚོས་ཀྱང་ལས་དོན་ཁྲོད་ད་དུང་མི་འདང་བའི་ཆ་འགའ་ཞིག་ཡོད་པ་ངོས་འཛིན་གསལ་པོ་ཐུབ་པ་སྟེ། དཔེར་ན་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་ལམ་ལུགས་ཅན་དུ་འཛུགས་སྐྱོང་བྱེད་རྒྱུར་སྔར་བས་ཤུགས་སྣོན་རྒྱག་དགོས་པ་དང་བྱེད་སྟངས་ལའང་སྔར་བས་ལེགས་བཅོས་བྱེད་དགོས་པ། དམངས་གཙོའི་ལྟ་སྐུལ་གྱི་འགན་ནུས་སྔར་བས་ཤུགས་ཆེར་གཏོང་དགོས་པ། ཨུ་ཡོན་གྱི་གཙོ་རྐང་ནུས་པ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་རྨང་གཞིའི་ནུས་པ་དང་། རིགས་ཁོངས་ཀྱི་ལེགས་ཆ་སྔར་བས་འདོན་སྤེལ་བྱེད་དགོས་པ། སྲིད་གྲོས་ཀྱིས་དྲིལ་བསྒྲགས་ལས་དོན་བསྒྲུབ་རྒྱུ་ད་དུང་མི་འདང་བ་སོགས་རེད། གནད་དོན་དེ་དག་ཞིབ་འཇུག་བྱས་ནས་ཐག་གཅོད་བྱེད་དགོས་ཀྱི་ཡོད་པས་ཨུ་ཡོན་རྣམ་པས་རྩ་ཆེའི་བསམ་འཆར་གང་མང་བཏོན་ནས་ང་ཚོའི་ལས་དོན་ལེགས་སུ་འགྲོ་རྒྱུར་རོགས་རམ་ཡོད་པ་ཞུ།

    2017ལོའི་ལས་ཀའི་གཙོ་གནད།

    2017ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱེད་པའི་སྔ་འཛིན་རྗེས་མཐུད་ཀྱི་གལ་ཆེའི་ལོ་ཞིག་ཡིན་ལ། སྐབས་འདིའི་སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་པའི་ལོ་མཐའ་མ་ཡང་ཡིན། སྲིད་གྲོས་ལས་དོན་གྱི་སྤྱིའི་བླང་བྱ་ནི་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་བ་དང་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་གཙོ་བོ་མཐའ་འཁྱོངས་བྱས་ཏེ་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ཐོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་བའི་འདུ་ཤེས་གསར་པ་དང་། དགོངས་གཞི་གསར་པ། འཐབ་ཇུས་གསར་པ་བཅས་ལག་བསྟར་དོན་འཁྱོལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་གལ་ཆེའི་འཐབ་ཇུས་དགོངས་པ་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི་གལ་ཆེའི་མཛུབ་སྟོན་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་བོད་ཀྱི་སྲིད་གྲོས་ལ་བཏོན་གནང་བའི“མཐུན་རྐྱེན་གཅིག་དང་། ཐུན་མོང་གཉིས། དེ་བས་ལེགས་པ་གསུམ”བཅས་ཀྱི་མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཁྱབ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཁྱབ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་བོད་སྐྱོང་ཐབས་ཇུས་མཐའ་འཁྱོངས་བྱེད་པ། ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་གལ་ཆེའི་རྩ་དོན་མཐའ་འཁྱོངས་བྱེད་པ། མི་དམངས་ལྟེ་བར་བྱེད་པའི་གོང་འཕེལ་གྱི་བསམ་གཞི་མཐའ་འཁྱོངས་བཅས་བྱས་ཐོག རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་ཐབས་ཇུས་བཀོད་ཁྱབ་དང་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་གཞིར་བཟུང་། བརྟན་ཐོག་ཡར་འཕེལ་དང་། གོང་འཕེལ་ཡར་བརྩེགས། ཞན་ཆ་གསབ་རྒྱུ་བཅས་ཀྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འདུ་ཤེས་གསར་པ་འཛུགས་པ་དང་། རྒྱུན་རྣམ་གསར་པ་དང་འཚམ་པ། གོང་འཕེལ་གསར་པར་ཁྲིད་སྟོན་བྱེད་པ། སྲོག་ཤིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ལྟེ་བར་དམིགས་པ། འགན་སྒྲུབ་ཀྱི་གཙོ་གནད་སྟངས་འཛིན་ནན་པོ་བྱེད་པ་བཅས་དང་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ལག་བསྟར་ནན་པོ་བྱས་ཁར། སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོའི་གལ་ཆེའི་ཐབས་ལམ་དང་ཆེད་མངགས་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་དོན་འཁྱོལ་དང་། དབུལ་གྲོལ་འགག་སྒྲོལ། ཕྱོཌ་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་རྒྱུ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་བརྩམ་རྒྱུ་བཅས་ཀྱི་ཕྱིར་འབད་པ་ལྷོད་མེད་བྱེད་དགོས་པ་དེ་ཡིན།

    གཅིག ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ་ཐུན་མོང་གི་བསམ་བློའི་ཆབ་སྲིད་རྨང་གཞི་བརྟན་དུ་གཏོང་རྒྱུ།

    གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་“འདུ་ཤེས་བཞི”བརྟན་པོ་བཅངས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་མཐའ་གཅིག་ཏུ་སྲུང་སྐྱོང་གིས་བསམ་བློའི་ཐོག་ནས་སྲོག་ཤིང་ལ་གོང་བཀུར་དང་། ཆབ་སྲིད་ཐོག་ནས་སྲོག་ཤིང་ལ་ཡིད་ཆེས། རྩ་འཛུགས་ཐོག་ནས་སྲོག་ཤིང་ལ་ལྷག་བསམ་རྣམ་དག བྱ་སྤྱོད་ཐོག་ནས་སྲོག་ཤིང་ལ་སྲུང་སྐྱོབ་བཅས་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་དེ་ཐུན་མོང་གི་བསམ་བློའི་ཆབ་སྲིད་རྨང་གཞི་སྲ་བརྟན་གཏོང་བའི་སྲོག་ཤིང་དུ་བརྩི་བ་དང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱེད་དགོས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་ད་ལོའི་ལོ་སྨད་ལ་འཚོག་ཉེར་ཡོད་པའི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་བའི་འདུ་ཤེས་གསར་པ་དང་། དགོངས་གཞི་གསར་པ། འཐབ་ཇུས་གསར་པ་བཅས་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་དང་ཟུང་འབྲེལ་བྱེད་པ། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་དང་ཟུང་འབྲེལ་བྱེད་པ། སྲིད་གྲོས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཐབས་ཇུས་སྲིད་ཇུས་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་དང་ཟུང་འབྲེལ་བྱེད་པ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ངང“སྲོག་ཤིང་གཅིག”ལ་ལྷག་བསམ་རྣམ་དག་དང་། “འཐབ་ཇུས་གཅིག”ལག་བསྟར། “ཁྲིད་ཕྱོགས་གཅིག”མཐའ་འཁྱོངས། “འདུ་ཤེས་གཅིག”འགྱུར་ལྡོག “ཞན་ཆ་འགའ་ཞིག”གསབ་པ། “སྙིང་སྟོབས་ཤིག”དར་སྤེལ་གཏོང་བ་བཅས་བྱས་ཐོག ཐོག་མཐའ་བར་གསུམ་དུ་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་དང་། ཐེ་ཚོམ་སྤུ་ཙམ་མེད་པར་ལག་བསྟར། ཐབས་བརྒྱ་ཇུས་སྟོང་གིས་དོན་འཁྱོལ་བཅས་བྱས་ནས་ཐོག་མཐའ་བར་གསུམ་དུ་ཏང་དང་བསམ་བློ་གཅིག་མཐུན་དང་། དམིགས་ཚད་གཅིག་མཐུན། བྱ་སྤྱོད་གཅིག་མཐུན་བཅས་ཡོང་བ་བྱེད་རྒྱུ།

    གཉིས། སྔོན་ཚུད་ནས་འགན་སྒྲུབ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་བོད་ཀྱི་བསྒྱུར་འཕེལ་བརྟན་གསུམ་ལ་ཕན་སྐུལ་གཏོང་རྒྱུ།

    མི་དམངས་ལྟེ་བར་བྱེད་པའི་གོང་འཕེལ་གྱི་བསམ་གཞི་མཐའ་འཁྱོངས་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། སྔོན་ཚུད་ནས་འགན་སྒྲུབ་གང་ལེགས་ཀྱིས་སྲིད་གྲོས་ཀྱི་བློ་གྲོས་དང་ནུས་པ་ལེགས་སྐྱེས་སུ་འབུལ་དགོས། མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་འགན་ནུས་སྒྲུབ་པའི་དམིགས་ས་དང་ཤུགས་རྒྱག་སར་བརྩི་རྒྱུ། ཏང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དང་ལྗོངས་ཏང་ཨུད་ཀྱི“གཙོ་གནད་དམ་འཛིན་དང་། འགག་རྩ་དམ་འཛིན། ཞན་ཆའི་ལྷུ་ཚིགས་དམ་འཛིན”བཅས་ཀྱི་བཀོད་སྒྲིག་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ལ་ཕན་སྐུལ་བྱེད་པའི་སྲིད་གྲོས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་རྒྱུ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་རྒྱུ་དེ་འགན་ནུས་སྒྲུབ་པའི་དོར་ཐབས་མེད་པའི་ལས་འགན་ཞིག་ལ་བརྩིས་ཐོག མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་པའི་ཀྲུང་དབྱང་གི་མཛད་ཕྱོགས་མཐའ་གཅིག་ཏུ་ལག་བསྟར་བྱེད་རྒྱུ་སོགས་ཀྱི་ཐད་སྲིད་གྲོས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་རྒྱུ། སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་དང་ཚགས་ཚུད་དུ་གཏོང་རྒྱུ་དང་། ཁྲིམས་བཞིན་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབ་རྒྱུ། མི་རིགས་མཐུན་སྒྲིལ་སྲ་བརྟན་དང་གོང་འཕེལ་གཏོང་རྒྱུ་སོགས་ལ་གཟིགས་ཞིབ་བརྟག་ཞིབ་བྱེད་པ་དང་སྤྱི་ཚོགས་བརྟན་ལྷིང་ཐད་ཤུགས་རྐྱེན་བཟོ་བའི་གནད་དོན་འགངས་ཆེན་བདམས་ཏེ་བརྟག་ཞིབ་སྲིད་གླེང་བཅས་བྱས་ཐོག་དམིགས་སའི་རང་བཞིན་ལྡན་པའི་བསམ་འཆར་དང་གྲོས་འཆར་འདོན་རྒྱུ། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་ཕན་སྐུལ་གཏོང་རྒྱུ་དེ་འགན་ནུས་སྒྲུབ་པའི་ལས་འགན་ཨང་དང་པོར་བརྩི་རྒྱུ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་ལ་གཞིགས་པ་དང་། དཔལ་འབྱོར་ལས་དོན་གྱི་གཙོ་གནད་ཡིན་པའི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བསྒྱུར་བཅོས་བྱེད་རྒྱུར་དམ་པོར་དམིགས་ཏེ་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་འགྲོ་བར་སྐུལ་སྤེལ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྱུར་དང་རིམ་སྤོར་བྱེད་མགྱོགས་སུ་གཏོང་བ། གྲོང་ཁྱེར་གྲོང་གསེབ་དང་ཁུལ་ཁོངས་མཐུན་སྦྱོར་ངང་གོང་འཕེལ་འགྲོ་རྒྱུར་གཅིག་གྱུར་འཆར་འགོད་བྱེད་པ། དབུལ་གྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཐུབ་རྒྱུ་སོགས་ཀྱི་གནད་དོན་ལ་དམིགས་ནས་གཟིགས་ཞིབ་བརྟག་ཞིབ་དང་ཐབས་འདོན་ཇུས་འབུལ་བྱེད་རྒྱུ། བོད་སྨན་གྱི་ཚད་གཞི་ཅན་གྱི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་ལ་སྲིད་གླེང་རང་བཞིན་གྱི་རྒྱུན་ཨུད་ཚོགས་འདུ་སྐོང་འཚོག་བྱེད་རྒྱུ་དང་། བཟའ་བཅའ་དང་ཞིང་ལས་ཐོན་རྫས་ཀྱི་བདེ་འཇགས་སྐོར་དང་། རང་ལྗོངས་ཀྱི་སྤྱི་དབང་མིན་པའི་དཔལ་འབྱོར་གོང་འཕེལ་མགྱོགས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་སྐོར་སོགས་ལ་ཆེད་དོན་གྲོས་མོལ་ཚོགས་འདུ་སྐོང་འཚོག་བྱེད་རྒྱུ། དཔལ་འབྱོར་འཁོར་རྒྱུག་གི་ཉེན་ཁ་སྔོན་འགོག་ལ་ཞིབ་འཇུག་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཏང་སྲིད་ཀྱིས་ཚན་རིག་དང་མཐུན་ཞིང་དམངས་གཙོའི་ཇུས་ཐག་གཅོད་པར་ཞབས་ཞུ་བསྒྲུབ་རྒྱུ། མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་པར་ཕན་སྐུལ་གཏོང་རྒྱུ་དེ་འགན་ནུས་སྒྲུབ་པའི་གཟི་བརྗིད་ཀྱི་ལས་འགན་ཞིག་ལ་བརྩི་རྒྱུ། འབྱུང་འཕྲོད་གོང་འཕེལ་དང་། རྒྱུན་འཁོར་གོང་འཕེལ། ཐཱན་ཉུང་གོང་འཕེལ་བཅས་ལ་སྐུལ་སྤེལ་བཏང་ཐོག འབྱུང་ཁམས་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དང་། འབྱུང་ཁམས་ལེགས་སྐྱོང་ལ་ཤུགས་སྣོན། འབྱུང་ཁམས་ལམ་ལུགས་འཐུས་ཚང་། འབྱུང་ཁམས་རིག་གནས་དར་སྤེལ་གཏོང་རྒྱུ་སོགས་ལ་དམིགས་ནས་གཟིགས་ཞིབ་བརྟག་ཞིབ་བྱས་ཏེ་གངས་ལྗོངས་ས་མཐོའི་རྩྭ་དང་རྩི་ཤིང་རྐང་རེ་རེ་དང་རི་ཆུ་ཀླུང་གསུམ་སྲུང་སྐྱོབ་ཡག་པོ་དང་། “འཛམ་གླིང་ཐོག་གི་མཐའ་མའི་དག་ཞིང”སྲུང་སྐྱོབ་ཡག་པོ་བྱས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་ཆེད་བློ་གྲོས་དང་ནུས་ཤུགས་གང་ཡོད་འདོན་དགོས། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་ཐུབ་པ་བྱེད་རྒྱུ་དེ་འགན་ནུས་སྒྲུབ་པའི་གཞི་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ། དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུ་དང་། སྤྱི་དབང་མིན་པའི་དཔལ་འབྱོར་གྱི་སྲིད་ཇུས་དོན་འཁྱོལ་དང་གོང་འཕེལ་གཏོང་རྒྱུ། ལས་ཞུགས་རྒྱ་ཆེར་གཏོང་རྒྱུ། སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ། སློབ་གསོ་འཕྲོད་བསྟེན་བྱ་གཞག་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ་སོགས་ལ་དམིགས་ནས་གཟིགས་ཞིབ་བརྟག་ཞིབ་དང་སྲིད་དོན་སྐྱོང་རོགས་ཀྱི་ཐབས་འདོན་བྱེད་སྒོ་སྤེལ་རྒྱུ། གནས་སྤོས་དབུལ་སྐྱོར་སོགས་གནད་དོན་ལ་དམིགས་ཏེ་བརྟག་དཔྱད་ཞིབ་འཇུག་བྱེད་རྒྱུ་དང་། མང་ཚོགས་ཀྱི་འབོད་སྒྲ་ཉན་པ་དང་མང་ཚོགས་ཀྱི་རེ་འདུན་མཚོན་པ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་བསྒྱུར་བཅོས་གོང་འཕེལ་གྱི་འབྲས་བུ་མཉམ་སྤྱོད་ཐུབ་པ་བྱེད་རྒྱུ་ཡིན།

    གསུམ། གསར་གཏོད་གོང་འཕེལ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་དར་སྤེལ་ལ་སྐུལ་སྤེལ་གཏོང་རྒྱུ།

    ཀྲུང་དབྱང་གི《སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》དང《མི་དམངས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་དང་ལྗོངས་ཏང་ཨུད་ཀྱི《བོད་ལྗོངས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་དར་སྤེལ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཐོག་སྲིད་གྲོས་ཀྱི་ལམ་ལུགས་ལེགས་སྐྱོང་ལ་སྔར་བས་ཤུགས་སྣོན་དང་། འགན་སྒྲུབ་བྱེད་ཐབས་གསར་གཏོད། འགན་སྒྲུབ་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ་འབད་བརྩོན་ཆེན་པོས་སྤྱི་ཚོགས་ཡོངས་ཀྱི་འདོད་འདུན་དང་རེ་བའི་མཐུན་ཆ་ཆེ་ཤོས་དེ་འཚོལ་བ་དང་། དམངས་སེམས་དམངས་འདུན་གྱི་མཐུན་ཆ་ཆེ་ཤོས་མཚོན་ཏེ་རྒྱ་ཁྱབ་ཐོག་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་བརྩམ་རྒྱུར་དྲང་ནུས་གཅིག་ཏུ་བསྒྲིལ་རྒྱུ། ཐོག་མཐའ་བར་གསུམ་དུ་རང་ལྗོངས་ཀྱི་བསྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་ཐབས་ཇུས་འགངས་ཆེན་དང་། དེ་བཞིན་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་གྱི་གནད་དོན་ལ་དམིགས་ནས་2017ལོའི་གྲོས་མོལ་གྱི་འཆར་གཞི་བཟོས་ནས་ལག་བསྟར་ཡག་པོ་བྱེད་རྒྱུ། གྲོས་མོལ་འཆར་གཞི་དང་གཟིགས་ཞིབ་བརྟག་ཞིབ་འབྲེལ་མཐུད་དམ་ཟབ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་འབྲེལ་རྒྱ་ཆུང་བ་དང་བཀོལ་སྤྱོད་རང་བཞིན་ཆེ་བའི་གྲོས་གཞི་གཅིག་སྡུད་བརྟག་ཞིབ་བྱེད་པ་དང་། བརྟག་ཞིབ་སྙན་ཞུ་ལེགས་འདེམས་ཀྱི་བྱེད་སྒོ་སྤེལ་ཐབས་འཚོལ་ཞིབ་བྱས་ནས་གཟིགས་ཞིབ་བརྟག་ཞིབ་བྱེད་རྒྱུ་དེ་སྲིད་གྲོས་ཀྱི་འགན་སྒྲུབ་མིང་རྟགས་དང་ཁྱད་ཆོས་ཤིག་ཏུ་འགྱུར་བ་བྱེད་རྒྱུ། གྲོས་མོལ་བྱེད་ཚད་ཟབ་ཏུ་བཏང་ཐོག་གྲོས་མོལ་གྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་། གྲོས་མོལ་བྱེད་རྒྱ་ཆེ་རུ་གཏོང་བ། གྲོས་མོལ་གྱི་གོ་རིམ་ཚད་ལྡན་བཟོ་བ། གྲོས་མོལ་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། གྲོས་མོལ་བྱེད་ཐབས་ལེགས་བཅོས་བྱེད་པ། སྐབས་བསྟུན་སྣ་མང་བཅས་ཀྱི་ཐོག་ནས་ཆེད་དོན་གྲོས་མོལ་དང་། ཁ་གཏད་གྲོས་མོལ། རིགས་ཁོངས་གྲོས་མོལ། གྲོས་གཞི་སྒྲུབ་གཉེར་ཐད་ཀྱི་གྲོས་མོལ་བཅས་བྱེད་རྒྱུ། མི་དམངས་སྲིད་གྲོས་ཀྱི་དམངས་གཙོ་ལྟ་སྐུལ་གྱི་གལ་ཆའི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས། དམངས་གཙོ་ལྟ་སྐུལ་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཨུ་ཡོན་གྱི་གཟིགས་ཞིབ་བརྟག་ཞིབ་དང་། གསོ་སྦྱོང་། འཚམས་འདྲིའི་བྱེད་སྒོ་བཅས་སྒྲིག་འཛུགས་ཡག་པོ་དང་ཨུ་ཡོན་གྱི་གཙོ་རྐང་ནུས་པ་འདོན་སྤེལ་ཡག་པོ་བྱེད་རྒྱུ། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་གཙོ་བོ་མཐའ་འཁྱོངས་ཀྱིས་མཐུན་སྒྲིལ་གྱི་སྙིང་སྟོབས་དང་། དམངས་གཙོའི་སྤྱོད་ཚུལ། ཞི་མཐུན་གྱི་བསམ་གཞི་བཅས་སྲིད་གྲོས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པ་བྱས་ནས་དམངས་གཙོའི་གྲོས་བསྡུར་དང་། ལྷག་བསམ་ཟོལ་མེད། སོ་སོའི་ལྟ་སྟངས་ལྷུག་གླེང་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་རྒྱུ་ཡིན།

    བཞི། དཔེ་སྟོན་སྣེ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཀྱི་སྣང་ཚུལ་ཞིག་ཆགས་པ་བྱེད་རྒྱུ།

    སྲིད་གྲོས་ཏང་ཙུའི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་བྱེད་རྒྱུ་མཐའ་འཁྱོངས་དང་། བཅའ་ཁྲིམས་དང་སྒྲིག་སྲོལ་བཞིན་འགན་འཁྲི་སྒྲུབ་པར་རྒྱབ་སྐྱོར་བྱེད་རྒྱུ་ཕན་ཚུན་གཅིག་གྱུར་ཡོང་བ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ལྷག་བསམ”དང“སྤྱོད་གཙང”གི་སྲིད་གཞུང་དང་ཚོང་ལས་དབར་གྱི་འབྲེལ་བ་གསར་པ་ཐག་གཅོད་ཡང་དག་བྱེད་དགོས་པའི་སྐོར་གྱི་གལ་ཆེའི་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་ལག་བསྟར་བྱེད་པ་དང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ཏེ་རང་ལྗོངས་ཀྱི་དམངས་གཙོ་ཆབ་སྲིད་དར་སྤེལ་གཏོང་བའི་བརྒྱུད་རིམ་ནང་སྲིད་གྲོས་ཀྱི་དཔེ་སྟོན་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱེད་རྒྱུ། བསམ་བློ་ཆབ་སྲིད་དར་སྤེལ་ལ་ཤུགས་སྣོན་དང་། སྲིད་གྲོས་ཀྱི་རྩ་འཛུགས་དང་ལྷག་པར་དུ་འགོ་ཁྲིད་ཚན་ཁག་དང་ཨུ་ཡོན་དཔུང་ཁག་ལེགས་སྐྱོང་ལ་ཤུགས་སྣོན། འགན་སྒྲུབ་ཀྱི་སྤྱོད་ཚུལ་ལེགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་སོགས་ཀྱི་དཔྱོད་དོན་ལ་དམིགས་ནས་གཟིགས་ཞིབ་བརྟག་ཞིབ་དང་། བློ་འདྲི་དང་རིགས་པས་ཁུངས་སྐྱེལ་བྱས་ཏེ་རིན་ཐང་ལྡན་པའི་འགན་སྒྲུབ་ཀྱི་གྲུབ་འབྲས་ཐོན་པ་བྱེད་རྒྱུ། སྲིད་གྲོས་ཀྱི་ལེགས་ཆ་འདོན་སྤེལ་གྱིས་མི་རིགས་ཁག་དང་། ཆོས་ལུགས་ཁག རིམ་གྲས་ཁག རིགས་ཁོངས་ཁག ཚོགས་པ་ཁག་དང་ཏང་ཕྱིའི་ཚབ་མཚོན་མི་སྣ། གྲགས་ཅན་རྒྱལ་གཅེས་མི་སྣ། སྤྱི་དབང་མིན་པའི་དཔལ་འབྱོར་མི་སྣ་བཅས་དང་མཐུན་སྒྲིལ་འབྲེལ་གཏུག་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ཤིང་། ལྗོངས་ཏང་ཨུད་ལ་ཕྱིར་སྡོད་བོད་རིགས་སྤུན་ཟླའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱེད་རྒྱུ། རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་རྒྱུའི་ཐད་བོད་དུ་དམིགས་བསལ་གང་ཡང་མེད་ལ་བོད་ལྗོངས་སྲིད་གྲོས་ལའང་དམིགས་བསལ་གང་ཡང་མེད་པའི་འདུ་ཤེས་བརྟན་པོ་བཅངས་ཐོག་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི“འགན་འཁྲི་གཉིས”དོན་འཁྱོལ་བྱེད་རྒྱུ་དེ་སྲིད་གྲོས་ཀྱིས་འགན་འཁྲི་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པ་བྱས་ཏེ་སྲིད་གྲོས་འདི་ཉིད་དམངས་གཙོའི་ལྟ་སྐུལ་སྒྲིག་གཞི་ཡིན་པའི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་རྒྱུ་དང་། 《ཚད་གཞི》གཉིས་དང《སྲོལ་ཡིག》གཉིས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི“བསྲུང་བྱ་རྣམ་བཅུ” དང་“བླང་བྱ་ཁག་དགུ”བཅས་ལག་བསྟར་དོན་འཁྱོལ་བྱས་ཏེ་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་སྣང་ཚུལ་ཞིག་ཆགས་པ་བྱེད་རྒྱུ་ཡིན།

    ལྔ། རྨང་རྩ་གཉིས་བརྟན་མཐའ་འཁྱོངས་བྱས་ཏེ་སྲིད་གྲོས་རང་ངོས་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ།

    རྒྱུན་ལས་ཨུ་ལྷན་ལེགས་སྐྱོང་བྱེད་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། གསར་གཏོད་ཀྱི་བསམ་གཞི་དང་དམ་པ་དོན་གཉེར་གྱི་བྱ་ཐབས་ལ་བརྟེན་ཞིང་། འགན་སྒྲུབ་ཀྱི་ནུས་པ་ལེགས་སྐྱོང་བྱེད་པའི་ཁྲོད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཆབ་སྲིད་ཀྱི་གདེང་ཚོད་དང་། བརྟག་དཔྱད་ཞིབ་འཇུག མང་ཚོགས་དང་འབྲེལ་འདྲིས། མཉམ་ལས་མཉམ་སྒྲུབ་བཅས་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ། གཞན་ཡང་རང་འགུལ་ངང་ལྗོངས་ཏང་ཨུད་ལ་གཞོགས་འདེགས་ཧུར་ཐག་གིས་སྲིད་གྲོས་སྐབས་བརྗེའི་ལས་དོན་ཡག་པོ་བསྒྲུབས་ནས་རང་ལྗོངས་སྲིད་གྲོས་ཀྱི་བྱ་གཞག་གོང་འཕེལ་གཏོང་བར་རྨང་གཞི་བརྟན་པོ་འདིང་རྒྱུ། ལས་དོན་དམ་འཛིན་བྱས་ཏེ་བོད་ལྗོངས་སྲིད་གྲོས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་ཁང་གང་མགྱོགས་འཛུགས་རྒྱུ། ཨུ་ཡོན་གྱི་གཙོ་རྐང་ནུས་པ་འདོན་སྤེལ་བྱེད་རྒྱུར་དམིགས་ཤིང་། ཨུ་ཡོན་གྱི་འགན་འཁྲི་སྒྲུབ་པའི་བྱེད་སྒོར་ཞབས་ཞུ་བྱེད་པའི་འགན་འཁྲིའི་འདུ་ཤེས་བརྟན་པོར་བཅངས་ཐོག་ཨུ་ཡོན་ལ་འབྲེལ་གཏུག་དང་ཞབས་ཞུ་དོ་དམ་བྱེད་པའི་ལས་ཀའི་ཉམས་མྱོང་དང་བྱེད་ཐབས་ཕྱོགས་བསྡོམས་ནན་ཏན་བྱས་ནས་ཨུ་ཡོན་གྱི་འགན་སྒྲུབ་བྱེད་སྒོ་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བྱེད་རྒྱུ། ཨུ་ཡོན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ཨུ་ཡོན་གྱི་འགན་འཁྲི་སྒྲུབ་པའི་བྱེད་སྒོར་ཐོ་འགོད་བརྡ་ཁྱབ་ལམ་ལུགས་འཛུགས་རྒྱུ་འཚོལ་ཞིབ་བྱས་ཐོག ཨུ་ཡོན་གྱི་འགན་འཁྲི་སྒྲུབ་ཚུལ་ཐད་ལྟ་སྐུལ་ཞིབ་དཔྱད་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། རིགས་ཁོངས་ཀྱི་དམིགས་བསལ་ནུས་པ་འདོན་སྤེལ་བྱེད་རྒྱུར་དམིགས་ནས་རིགས་ཁོངས་ལས་དོན་རྩ་འཛུགས་ཅན་དུ་འགྱུར་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ། ཆེད་དོན་ཨུ་ལྷན་གྱི་རྨང་གཞིའི་ནུས་པ་འདོན་སྤེལ་བྱེད་རྒྱུར་དམིགས་ནས་ཆེད་དོན་ཨུ་ལྷན་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་རྒྱུ། སྲིད་གྲོས་ལས་ཁུངས་ཀྱི“ཞབས་ཞུ་ཁག་ལྔའི”ནུས་པ་འདོན་སྤེལ་བྱེད་རྒྱུར་དམིགས་ནས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་ལས་ཁུངས་ཀྱི་བསམ་བློ་དང་། སྒྲིག་འཛུགས། སྤྱོད་ཚུལ། ལམ་ལུགས་དེ་བཞིན་རུལ་རྒོལ་གཙང་སྤེལ་བཅས་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་འགྱུར་ལྡོག་གསར་པ་མངོན་པ་དང་། གཟུགས་བརྙན་གསར་དུ་འཛུགས་པ། རྣམ་པ་གསར་དུ་གཏོད་པ་བཅས་བྱེད་རྒྱུ། ཐབས་ལམ་སྣ་ཚོགས་བརྒྱུད་སྲིད་གྲོས་ལས་དོན་ལ་ཐོབ་པའི་ཡར་རྒྱས་གསར་པ་དང་། ཉམས་མྱོང་གསར་པ། གྲུབ་འབྲས་གསར་པ་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་བག་ཆགས་འཇོག་ཤུགས་ཆེ་རུ་གཏོང་རྒྱུ། གཞི་རིམ་སྲིད་གྲོས་ལས་དོན་ལ་མཛུབ་ཁྲིད་དང་རོགས་རམ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱབ་སྐྱོར་ཐོབ་ཐབས་བྱས་ནས་རྒྱལ་ཡོངས་སྲིད་གྲོས་ཀྱི་སྦྱོང་བརྡར་ལྟེ་གནས་སུ“བོད་ལྗོངས་འཛིན་གྲྭ”གཉེར་ནས་སྲིད་གྲོས་ཨུ་ཡོན་གྱི་འགན་སྒྲུབ་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན།

    ཨུ་ཡོན་རྣམ་པ། སེམས་ནུས་གཅིག་སྒྲིལ་གྱིས་ལེའུ་གསར་པ་གཏོད། བསམ་སྤྱོད་གཅིག་མཐུན་གྱིས་མ་འོངས་པར་ཕྱོགས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་ཞིབ་ཚགས་དང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་མདུན་སྐྱོད་ཀྱིས་མཐུན་སྒྲིལ་འབད་འབུངས་དང་ལས་དོན་ཏན་ཏིག་བསྒྲུབས་ཏེ་རང་ལྗོངས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་དར་སྤེལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་སྤེལ་བཏང་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་བརྩམ་རྒྱུར་ལེགས་སྐྱེས་གསར་པ་འབུལ་རྒྱུ་དང་། གཡུར་ཟའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་སྤྲོ་སེམས་འཁོལ་པོས་བསུ་བ་ཞུ་རྒྱུ་ཡིན།

    (ཚོགས་ཆེན་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།