དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-01-09

    ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཟླ་བ་དང་སྒོར་སྒོར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་འཐུས་མིར་གསབ་འདེམས་བྱས་པ་དང་། ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཕུར་བུ་དོན་གྲུབ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་འཐུས་མིར་གསབ་འདེམས་བྱས་པ། ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བསྟན་ཁོ་དང་དབང་ཧའེ་ཀྲོའུ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་འཐུས་མིར་གསབ་འདེམས་བྱས་པ། ནག་ཆུ་ས་ཁུལ་ཨ་མདོ་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཨའོ་ལིའུ་ཆོན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་འཐུས་མིར་གསབ་འདེམས་བྱས་པ། མངའ་རིས་ས་ཁུལ་རུ་ཐོག་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་ཀྲུང་ཁུའེ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་འཐུས་མིར་གསབ་འདེམས་བྱས་པ། བོད་དམག་ཁུལ་ཁང་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་ཝང་ཅན་ཝུའུ་དང་། ངག་དབང་རྡོ་རྗེ། ཀྲའོ་ཀྲུང་། དབྱིན་ཙོ་མིང་། ཞུའེ་ལུའུ། ལུའོ་ཅུན་བཅས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་འཐུས་མིར་གསབ་འདེམས་བྱས་ཡོད། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་དགུ་པའི་ཐོག་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་སྙན་སྒྲོན་ལ་མོས་མཐུན་བྱས་ཏེ་བསྟན་ཁོ་དང་། དབང་ཧའེ་ཀྲོའུ། ཟླ་བ། སྒོར་སྒོར། ཕུར་བུ་དོན་གྲུབ། ཨའོ་ལིའུ་ཆོན། ཀྲུའུ་ཀྲུང་ཁུའེ། ཝང་ཅན་ཝུའུ། ངག་དབང་རྡོ་རྗེ། ཀྲའོ་ཀྲུང་། དབྱིན་ཙོ་མིང་། ཞུའེ་ལུའུ། ལུའོ་ཅུན་བཅས་ཀྱི་འཐུས་མིའི་ཐོབ་ཐང་ནུས་ལྡན་པ་ཡིན་པ་གཏན་འཁེལ་བྱས་ཡོད།

    འཇོ་མདའ་རྫོང་དང་ཨ་མདོ་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་བོད་དམག་ཁུལ་ཁང་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་ལིའུ་ཀྲུང་ཤན་དང་། ཀའོ་དབྱང་། ཐང་མིང་ཝུན་བཅས་ཀྱིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་འཐུས་མིའི་གོ་གནས་ལས་དགོངས་པ་ཞུ་བར་དང་ལེན་ཞུ་རྒྱུའི་གཏན་འཁེལ་བྱས་ཡོད། འཐུས་མིའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ལིའུ་ཀྲུང་ཤན་དང་། ཀའོ་དབྱང་། ཐང་མིང་ཝུན་བཅས་ཀྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་འཐུས་མིའི་ཐོབ་ཐང་མཚམས་འཇོག་རྒྱུ་ཡིན།

    ལྷོ་ཁ་གྲོང་ཁྱེར་གྱིས་བདམས་པའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་འཐུས་མི་ལི་ཅན་ཀང་དང་། ཨ་མདོ་རྫོང་གིས་བདམས་པའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་འཐུས་མི་མགོན་པོ་བཀྲ་ཤིས། བོད་དམག་ཁུལ་ཁང་གིས་བདམས་པའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་འཐུས་མི་ཏེའོ་གོ་ཤིན་དང་། ཏུང་མའེ། ཀྲང་ཧྲོའུ་ལེའང་བཅས་བོད་རང་སྐྱོང་ལྗོངས་ནས་ལས་གནས་སྒྱུར་བས། ལི་ཅན་ཀང་དང་། མགོན་པོ་བཀྲ་ཤིས། ཏེའོ་གོ་ཤིན། ཏུང་མའེ། ཀྲང་ཧྲོའུ་ལེའང་བཅས་ཀྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་འཐུས་མིའི་ཐོབ་ཐང་མཚམས་འཇོག་རྒྱུ་ཡིན།

    ད་ལྟ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པར་དངོས་སུ་འཐུས་མི་435ཡོད།

    སྤྱི་བསྒྲགས་འདི་ཆེད་དུ་སྤེལ་བ་ཡིན།

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།

    2017ལོའི་ཟླ་1ཚེས་6ཉིན།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།