དབུ་ཤོག>སྲིད་དོན།
  • བསྟན་ཁོས་གཞིས་རྩེ་གྲོང་ཁྱེར་གྱི་དགོན་སྡེའི་དོ་དམ་གསར་གཏོད་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-12-19

    ཟླ་12ཚེས་13ནས་15ཉིན་བར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་བསྟན་ཁོས་གཞིས་རྩེ་གྲོང་ཁྱེར་དུ་ཕེབས་ནས། གྲོང་ཁྱེར་དེའི་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་དགོན་སྡེའི་དོ་དམ་གསར་གཏོད་ཀྱི་ལས་དོན་གཏིང་ཟབ་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་རེད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཀྲས་ལྷུན་དགོན་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་དང་པོ་ས་ལུང་ཕུན་ལགས་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད།

    བསྟན་ཁོས་བཀྲས་ལྷུན་དགོན་དང་། ས་སྐྱ་དགོན། ར་ལ་གཡུང་དྲུང་གླིང་དགོན་སོགས་སུ་སྔ་རྗེས་སུ་ཕེབས་ནས་རིག་དངོས་སྲུང་སྐྱོང་དང་དགེ་འདུན་པའི་སློབ་སྦྱོང་དང་འཚོ་བ་དང་དེ་བཞིན་དགོན་སྡེའི་དོ་དམ་ཨུ་ལྷན་གྱི་ལས་དོན་སྤེལ་ཚུལ་ཤེས་རྟོགས་གནང་བ་དང་། དགོན་སྡེ་ཁག་གི་དོ་དམ་ཨུ་ལྷན་གྱི་ཁོངས་མི་དང་གྲྭ་དམངས་ཀྱི་འཐུས་མི་དང་བཞུགས་མོལ་གནང་ཁར། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་རྒྱ་ཆེའི་གྲྭ་དམངས་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པར་གཟིགས་པ་རེད། བསྟན་ཁོས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་གསལ་པོ་བཏོན་པ་དེ་ནི་ཏང་དང་མི་དམངས་ཀྱི་གདམ་ག་དང་ལོ་རྒྱུས་ཀྱི་གདམ་ག་ཡིན་ལ། བོད་བརྒྱུད་ནང་བསྟན་ཚུད་པའི་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཁྲི་300ལྷག་ཙམ་གྱི་ཐུན་མོང་གི་བསམ་འདུན་ཡང་རེད། རྒྱ་ཆེའི་དགོན་སྡེར་བཅའ་སྡོད་ལས་བྱེད་པ་དང་ཆོས་ལུགས་ལས་དོན་མི་སྣས་བསམ་བློའི་ཐོག་སྲོག་ཤིང་ལ་གོང་བཀུར་དང་། ཆབ་སྲིད་ཐོག་སྲོག་ཤིང་གི་རྗེས་སུ་འབྲང་བ། བསམ་པའི་ཐོག་སྲོག་ཤིང་དང་ཉེ་བར་བཅར་བ། བྱ་སྤྱོད་ཐོག་སྲོག་ཤིང་ལ་སྲུང་སྐྱོང་བཅས་བྱས་ནས། ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱེད་དགོས་པ་དང་། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ། ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་ཡོན་ཚད་ལྡན་པ། ཀུན་སྤྱོད་ཐད་སྤྱི་དམངས་ཀྱིས་གོང་དུ་བཀུར་བ། འགག་རྩའི་སྐབས་ནུས་པ་ཐོན་པ་བཅས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་དམངས་ཧུར་ཐག་བཅས་བྱས་ཏེ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།