དབུ་ཤོག>སྲིད་དོན།
  • ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-12-16

    ཚེས་14ཉིན་གྱི་ཕྱི་དྲོ། ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུ་ལྷ་སར་འཚོགས་ནས་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་བློ་མཐུན་གྱི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱས་པ་དང་། ལྗོངས་ཏང་ཨུད་སྐབས་དགུ་པའི་རྒྱུན་ཨུའི་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱས་པ། 2016ལོའི་བདེ་འཇགས་ཐོན་སྐྱེད་སྐོར་ཞིབ་ལས་དོན་སྤེལ་བའི་གནས་ཚུལ་བརྡ་ཁྱབ་བཏང་བ། མིག་སྔའི་ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་ཕྱོགས་སྡོམ་དང་དབྱེ་ཞིབ་བྱས་པ། དུས་མཚམས་རྗེས་མའི་བདེ་འཇགས་ཐོན་སྐྱེད་ལས་དོན་བཀོད་སྒྲིག་བྱས་པ་བཅས་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། རང་སྐྱོང་ལྗོངས་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་བདེ་འཇགས་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ཏིང་ཡེ་ཤན་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཅང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་མཆན་འགོད་མཛུབ་སྟོན་གནང་སྐབས་གསུངས་དོན། ཉེ་དུས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་གིས་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་བས། ང་ཚོས་ཏང་ལ་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང“འདུ་ཤེས་བཞི”ཟབ་ཏུ་གཏོང་བའི་བྱ་སྤྱོད་ཀྱི་རང་རྟོགས་ཐོག་ནས་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། ཁོང་གིས་མཆན་འགོད་མཛུབ་སྟོན་ནང་ནན་བཤད་གནང་དོན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་ཀར་བཏོན་པའི་བཀོད་སྒྲིག་བླང་བྱ་དང་། དམིགས་ཚད་ལས་འགན། སྤྱི་ཡོངས་ཀྱི་བཀོད་སྒྲིག གཙོ་གནད་ལས་དོན། ཁ་གཏད་གཅོག་ཐབས་བཅས་ཧ་ཅང་ཁ་གསལ་པོ་ཡོད། ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ངས་ཚོགས་འདུ་འཚོགས་རིམ་བཞིན་ནན་བཤད་ཡང་ཡང་བྱེད་ཀྱི་ཡོད། ཟླ་12ཚེས་9ཉིན་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་བཀོད་སྒྲིག་བསྐྱར་མ་བྱས་ཡོད། ད་ཆའི་འགག་རྩ་ནི་དོན་འཁྱོལ་ནན་ཏན་དང་དོན་འཁྱོལ་མཐར་ཕྱིན་པ་བྱ་རྒྱུར་རག་ལུས་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་བདེ་འཇགས་ཐོན་སྐྱེད་དེ་ཉིད་བརྒལ་མི་རུང་བའི་དམར་ཐིག་དང་དོན་རྐྱེན་གལ་ཆེ་རིགས་མི་ཐོན་པ་བྱ་རྒྱུ་མཐའ་ཚད་ལ་བརྩིས་ནས། བདེ་འཇགས་ཐོན་སྐྱེད་ཀྱི“སྲུང་སྐྱོབ་དམག”མཐའ་གཅིག་ཏུ་ཡག་པོ་བརྒྱབ་སྟེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ལུས་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོབ་ཏན་ཏིག་བྱེད་དགོས་པ་སྟེ། གཅིག་ནས་རྣམ་གྲངས་གལ་ཆེན་གྱི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་ནས། ཅང་ཤིས་ཀྱི“11·24”བཟོ་གྲྭའི་ལས་ཡུལ་རྡིབ་པའི་དོན་རྐྱེན་གྱི་ཡིད་སྐྱོ་དགོས་པའི་བསླབ་བྱ་གཏིང་ཟབ་བླངས་ཏེ་རྣམ་གྲངས་གལ་ཆེན་ལ་གཙོ་གནད་ཐོག་ལྟ་སྐུལ་དོ་དམ་དང་། ལྟ་སྐུལ་དོ་དམ་ནན་པོ། ལས་ཐག་བཅད་ཀྱང་བདེ་འཇགས་ལྟ་སྐུལ་དོ་དམ་མཚམས་འཇོག་མི་བྱེད་པ། ལས་མཚམས་བཞག་ཀྱང་བདེ་འཇགས་ཀྱི་བྱ་ཐབས་མཚམས་འཇོག་མི་བྱེད་པའི་སྒོ་ནས་འཛུགས་སྐྲུན་ཁྱབ་ཁོངས་དང་རྣམ་གྲངས་གལ་ཆེན་ནང་བདེ་འཇགས་ཀྱི་ལས་འཛོལ་ཆེན་པོ་ཐོན་རྒྱུ་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས་པ་དང་། གཉིས་ནས་གཞུང་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་གཞུང་ལམ་སྐྱེལ་འདྲེན་མུ་མཐུད་གཅིག་སྡུད་ཐོག་བཅོས་སྒྲིག་དང་། མྱུར་ཚད་ལས་བརྒལ་བ་དང་། ཐེག་ཚད་ལས་བརྒལ་བ། ངལ་དུབ་ཀྱིས་མནར་བཞིན་དུ་རླངས་འཁོར་གཏོང་བ་སོགས་སྒྲིག་འགལ་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་སྟེ། གཞུང་ལམ་འགྲིམ་འགྲུལ་འགྲུལ་གྱི་བདེ་འཇགས་ལས་འཛོལ་ཚབས་ཆེ་རིགས་མི་ཐོན་པའི་འགན་ལེན་བྱེད་དགོས་པ། གསུམ་ནས་མེ་ཟོན་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་འདི་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་མེ་སྐྱོན་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དང་བླང་བྱ་ཁག་དོན་འཁྱོལ་ནན་པོ་བྱེད་པ་དང་མེ་ཟོན་བདེ་འཇགས་དོ་དམ་དང་མི་མངོན་པའི་རྐྱེན་ངན་གྲལ་བཤེར་ལ་ཤུགས་སྣོན་བརྒྱབ་སྟེ་མི་མང་པོ་འཆི་རྨས་ཀྱི་མེ་སྐྱོན་དོན་རྐྱེན་མ་ཐོན་པ་བྱེད་དགོས་པ། བཞི་ནས་ནགས་ཚལ་གྱི་མེ་སྐྱོན་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱས་ཏེ་ནགས་ཚལ་གྱི་མེ་ཟོན་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་། སྐོར་ཞིབ་དང་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ་ནགས་ཚལ་མེ་སྐྱོན་གྱི་དོན་རྐྱེན་ཆེན་པོ་མ་ཐོན་སྔོན་འགོག་ནན་པོ་བྱེད་དགོས་པ། ལྔ་ནས་ཉེན་ཆེའི་རྫས་འགྱུར་དངོས་རྫས་ཀྱི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་མངོན་གསལ་དོད་པོ་བྱས་ཏེ་ཉེན་ཆེའི་རྫས་འགྱུར་དངོས་རྫས་ཁེ་ལས་ཀྱི་ཉེན་ཁ་ཐོན་ས་གལ་ཆེན་དང་ཉེན་ཁའི་བཟོ་རྩལ་དང་དུག་ཆེན་རླངས་པར་ནན་པོར་ལྡིར་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ཆ་རྐྱེན་དང་མི་འཚམ་པའི་ཁེ་ལས་ལ་སྒོ་བརྒྱབ་ནས། ཐོན་སྐྱེད་བྱེད་མཚམས་འཇོག་པའི་བཀའ་གཏོང་དགོས་པ། དྲུག་ནས་མི་ཚོགས་སྟུག་སའི་བདེ་འཇགས་ལྟ་སྐུལ་དོ་དམ་མངོན་གསལ་དོད་པོ་བྱས་ནས་འདུ་ཚོགས་དང་ཚོང་ལས་བྲིན་ཚོང་སོགས་ཀྱི་བྱེད་སྒོ་ཆེ་གྲས་ལ་ཞིབ་མཆན་འགོད་སྐབས་གཟབ་ནན་དང་བདེ་འཇགས་དོགས་ཟོན་དང་འཕྲལ་སྡོམ་སྔོན་ཇུས་ནན་དུ་བཏང་སྟེ་མི་ཚོགས་སྟུག་ས་དང་སྤྱི་པའི་འདུ་གནས་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས། གཞན་ཡང“ཏང་སྲིད་ལས་ཁུངས་ཀྱིས་འགན་མཉམ་ཁུར་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། ལས་འཛོལ་ཤོར་ན་འགན་འཁྲི་རྩད་གཅོད་བྱེད་པའི”བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་། དོན་འཁྱོལ་མ་བྱུང་བའི་ལས་ཀར་དམ་འཛིན་དང་། དོན་འཁྱོལ་མི་བྱེད་མཁན་གྱི་འགན་འཁྲི་རྩད་གཅོད་བྱས་ཏེ་རིམ་པ་གཅིག་གིས་རིམ་པ་གཅིག་ལ་འགན་འཁུར་བའི་བདེ་འཇགས་ཐོན་སྐྱེད་འགན་འཁྲིའི་རྩད་གཅོད་མ་ལག་ཅིག་ཆགས་པར་བྱེད་པ་དང་སྒྲིག་ལམ་ནན་པོ་དང་སྤྱོད་ཚུལ་ནན་པོར་བརྟེན་ནས་བདེ་འཇགས་ཐོན་སྐྱེད་བྱ་ཐབས་དོན་འཁྱོལ་གནད་སྨིན་ཡོང་བ་བྱེད་དགོས།

    ཏིང་ཡེ་ཤན་གྱིས་ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་པའི་ཁར་རྩ་ལག་མཉམ་བཅོས་མཐའ་འཁྱོངས་ཀྱིས་རྩ་བ་དང་ཕུགས་ལ་འགན་ལེན་བྱེད་པའི་བདེ་འཇགས་བྱེད་ཐབས་རབ་དང་རིམ་པ་སྤྱད་པས། ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་བརྟན་པོ་ཡོད། ལྷག་པར་དུ་འདི་ལོ་ཤར་ཚུན། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་པོ་བྱེད་པ་དང་དཔའ་ངར་ཆེར་སྐྱེད་ཀྱིས་མུ་མཐུད་མདུན་སྐྱོད་དང་དངོས་འཛིན་དངོས་སྒྲུབ་བྱས་པས། ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་སྤྱིར་བརྟན་ལ་ལེགས་པའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། གྲུབ་འབྲས་དེ་ལྟར་ཐོབ་པ་ལས་སླ་པོ་གཏན་ནས་མིན། རིམ་ཁག་སྡེ་ཚན་ཁག་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། དམར་ཐིག་གི་འདུ་ཤེས་བརྟན་དུ་གཏོང་བ། བསམ་བློ་དང་བྱ་སྤྱོད་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་སྤེལ་རྒྱུའི་སྐོར་གྱི་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར། ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་པའི་ཐོག་གཅིག་གྱུར་བཅས་ཡོང་བ་བྱེད་པ། དུས་རྟག་ཏུ་དོགས་ཟོན་དང་ཉེན་ཟོན་སོགས་རྒྱུན་འཁྱོངས་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བ་དམ་པོར་བཟུང་བ། བསམ་བློའི་ངོས་འཛིན་གྱི་འགག་སྒོ་དང་། བདེ་འཇགས་དུས་བབ་ཀྱི་འགག་སྒོ མངོན་མེད་རྐྱེན་ངན་གྲལ་བཤེར་གྱི་འགག་སྒོ་བཅས་ནན་པོ་སྲུང་བ། མཐའ་ཚད་དང་། དམར་ཐིག གློག་ཆེན་བཅས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་བྱས་ནས་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད་ཕྱོགས་ཐམས་ཅད་དང་ལངས་གཟུགས་ཅན་གྱི་བདེ་འཇགས་དྲ་བ་ཞིག་ཧུར་ཐག་འཛུགས་དགོས་ཞེས་གསུངས།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།