དབུ་ཤོག>སྲིད་དོན།
  • ལྗོངས་ཡོངས་ཀྱི་སྲིད་དོན་ཡོངས་བསྒྲགས་དང་སྲིད་དོན་ཆ་འཕྲིན་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-12-09

     ཚེས་7ཉིན་གྱི་སྔ་དྲོ་ལྗོངས་ཡོངས་ཀྱི་སྲིད་དོན་ཡོངས་བསྒྲགས་དང་སྲིད་དོན་ཆ་འཕྲིན་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་ལྷ་སར་སློབ་འགོ་ཚུགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་མཆན་འགོད་མཛུབ་སྟོན་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་མཆན་འགོད་མཛུབ་སྟོན་ནང་སྲིད་དོན་ཡོངས་བསྒྲགས་ལ་ཕྱོགས་ཡོངས་ནས་སྐུལ་མ་གཏོང་རྒྱུ་ནི་ཁྲིམས་སྐྱོང་སྲིད་གཞུང་དང་། གསར་གཏོད་སྲིད་གཞུང་། སྤྱོད་གཙང་སྲིད་གཞུང་། ཞབས་ཞུའི་སྲིད་གཞུང་བཅས་སྐྲུན་མགྱོགས་སུ་གཏོང་བའི་ནང་དོན་གལ་ཆེན་ཞིག་ཡིན་པས། རིམ་ཁག་སྲིད་གཞུང་སྡེ་ཚན་གྱིས་སྲིད་དོན་ཡོངས་བསྒྲགས་ལས་ཀའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་ཡོངས་བསྒྲགས་བྱ་རྒྱུ་རྒྱུན་རྣམ་དང་ཡོངས་བསྒྲགས་མི་བྱེད་པ་དམིགས་བསལ་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སྲིད་ཇུས་གསལ་འགྲེལ་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་དམངས་ཞུགས་མང་དུ་གཏོང་བ། སྤྱི་ཚོགས་ཀྱི་དོ་ཁུར་ལ་བརྡ་ལན་སློག་པ། སྨྱན་སྦྱོར་གྱི་ནུས་པ་འདོན་པ་བཅས་བྱས་ཏེ་ཡོངས་བསྒྲགས་ཀྱི་སྲིད་དོན་གཏོད་དགོས། ཆ་འཕྲིན་ལས་ཀ་ནི་ཧ་ཅང་གལ་ཆེན་པོ་ཡིན་པས་སྲིད་དོན་ཆ་འཕྲིན་གྱི་ཁྱད་ཆོས་ཁོང་དུ་ཆུད་པ་བྱས་ཏེ་ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་ཞུ། དམངས་འཚོར་དོ་ཁུར། དོན་དངོས་མཚོན་པ་བཅས་ཀྱིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་ལ་ཚན་རིག་དང་མཐུན་པའི་ཐབས་ཇུས་འདོན་རྒྱུར་སྤུས་ལེགས་ཀྱི་ཆ་འཕྲིན་མཁོ་འདོན་བྱས་ཏེ་རང་ལྗོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་དགོས་ཞེས་གསུངས་པ་རེད།

    ལྗོངས་ཡོངས་ཀྱི་སྲིད་དོན་ཡོངས་བསྒྲགས་དང་སྲིད་དོན་ཆ་འཕྲིན་ལས་སྒོའི་གསོ་སྦྱོང་ཉིན་3སྤེལ་རྒྱུ་ཡིན་པ་དེའི་དམིགས་ཡུལ་ནི་གནད་དོན་བཙལ་འཚོལ་དང་། ཞན་ཆ་གསབ་པ། ལས་སྒོའི་བྱང་ཚད་མཐོར་གཏོང་། ལས་ཀའི་རྨང་གཞི་བརྟན་གཏོང་བཅས་བྱས་ཏེ་དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་དང་སྔར་བས་འཚམ་པ་དང་། སྲིད་དོན་ཡོངས་བསྒྲགས་དང་སྲིད་དོན་ཆ་འཕྲིན་ལས་ཀར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུར་འཕེལ་རྒྱས་གསར་པ་ཡོང་བ་བྱ་ཆེད་ཡིན་པ་རེད། དུས་ཡུན་ཉིན་གསུམ་གྱི་གསོ་སྦྱོང་ནང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་ཡོངས་བསྒྲགས་གཞུང་དོན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་དྲུང་ཡིག་ཅུས་དང་པོའི་ཆ་འཕྲིན་ཁྲུའུ། པེ་ཅིང་གྲོང་ཁྱེར་སྲིད་གཞུང་ཆ་འཕྲིན་དང་སྲིད་དོན་ཡོངས་བསྒྲགས་ཁྲུའུ། ཧྲན་ཏུང་ཞིང་ཆེན་གཞུང་དོན་ཐིང་ཆ་འཕྲིན་བརྟག་ཞིབ་ཁང་དང་སྲིད་དོན་ཡོངས་བསྒྲགས་གཞུང་དོན་ཁང་བཅས་ཀྱི་འབྲེལ་ཡོད་བློ་མཐུན་གྱིས་དུས་བབ་གསར་པའི་སྲིད་དོན་ཡོངས་བསྒྲགས་དང་སྲིད་དོན་ཆ་འཕྲིན་ལས་ཀ་ཇི་ལྟར་བྱས་ཏེ་ཡག་པོ་སྒྲུབ་དགོས་པའི་ཐད་ལ་ཆེད་དོན་འཆད་ཁྲིད་དང་ཉམས་མྱོང་སྤེལ་རེས་བྱ་རྒྱུ་ཡིན་པ་རེད།

    གྲོང་ཁྱེར་དང་ས་ཁུལ་ཁག་གི་མི་དམངས་སྲིད་གཞུང(སྲིད་འཛིན་ཀུང་ཧྲུའུ)གི་སྲིད་དོན་ཡོངས་བསྒྲགས་སམ་ཡང་ན་སྲིད་དོན་ཆ་འཕྲིན་ལས་ཀར་ཁག་བགོས་འགན་འཁུར་བྱེད་མཁན་དྲུང་ཆེ་དང་དྲུང་ཆེ་གཞོན་པ་དང་། དེ་བཞིན་ཞིབ་ཕྲའི་ལས་དོན་པ་དང་རང་སྐྱོང་ལྗོངས་ཀྱི་སྡེ་ཚན་ཁག་དང་ཀྲུང་དབྱང་ཐད་གཏོགས་ཚན་པའི་སྲིད་དོན་ཡོངས་བསྒྲགས་སམ་ཡང་ན་སྲིད་དོན་ཆ་འཕྲིན་ལས་ཀའི་སྒྲིག་གཞིའི་འགན་འཁུར་བ་དང་ཞིབ་ཕྲའི་ལས་དོན་པ་200ལྷག་ཙམ་གསོ་སྦྱོང་ནང་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།