དབུ་ཤོག>སྲིད་དོན།
  • ཅང་ཅེས་གོར་མོའི་བོད་མཚོ་བཟོ་ལས་གླིང་གི་ཁེ་ལས་ཁག་གཅིག་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-12-07

    ཚེས་4ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་གོར་མོའི་བོད་དང་མཚོ་སྔོན་གྱི་བཟོ་ལས་གླིང་དུ་ཕེབས་ནས་རུང་ཧུའེ་ལིས་ལས་རིགས་ཚན་རྩལ་ཚད་ཡོད་ཀུང་སིའི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཧའེ་ཀྲོའུ་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།

    རུང་ཧུའེ་ལིས་ལས་རིགས་ཚན་རྩལ་ཚད་ཡོད་ཀུང་སིར་ཅང་ཅེས་ཁེ་ལས་ཀྱི་ཐོན་སྐྱེད་འཁོར་ཁང་དང་ཀྲུང་དབྱང་ཚོད་འཛིན་མ་ལག་ཁང་སོགས་སུ་འབྲེལ་ཡོད་ཐོན་སྐྱེད་སྒྲིག་ཆས་བཟོ་རྩལ་དང་། ཐོན་རྫས་ཁྲོམ་རའི་མདུན་ལྗོངས། ཁེ་ལས་འཕེལ་རྒྱས་འཆར་འགོད་སོགས་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཅང་ཅེས་རུང་ཧུའེ་ལིས་ལས་རིགས་ཚན་རྩལ་ཚད་ཡོད་ཀུང་སིར་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་ཀྱི་ལྟེ་བའི་བཟོ་རྩལ་གྱི་ལག་རྩལ་དང་རྒྱལ་ཡོངས་ཀྱི་སྔོན་ཐོན་ཐོན་རྫས་ཀྱི་ཁྲོམ་ར་བཟུང་ཚད་སོགས་ལྡན་པར་ཁས་ལེན་གང་ལེགས་གནང་སྟེ་ཁེ་ལས་ཀྱིས་ཡང་འབད་བསྐྱར་འབད་ངང་ཐོན་སྐྱེད་འཕེལ་རིམ་མགྱོགས་སུ་བཏང་ནས་ལིས་གློག་རྫས་ལས་རིགས་ལ་སྤུས་ལེཌ་ཀྱི་རྨང་གཞིའི་རྒྱུ་ཆ་མཁོ་འདོན་དང་ནུས་རྒྱུ་གསར་པ་དང་རྒྱུ་ཆ་གསར་པའི་ཐོན་རྫས་འཕེལ་རྒྱས་གཏོང་ཆེད་སྐུལ་འདེད་ཀྱི་ནུས་པ་དེ་བས་ཆེ་བ་འདོན་དགོས་པའི་སྐུལ་མ་གནང་བ་རེད།

    ཅང་ཅེས་འབྲེལ་ཡོད་སྡེ་ཚན་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་བྱས་པའི་རྗེས་དང་འདྲུད་པའི་ཤུལ་གྱི་སྙིང་སྟོབས་བཏོན་ནས་བྱ་བ་སྒྲུབ་པ་དང་ལས་གཏོད་ཀྱི་སྤྲོ་སེམས་འཕེལ་བར་བྱེད་པ་དང་། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་སྙིང་སྟོབས་དར་སྤེལ་བཏང་ནས་བོད་དང་མཚོ་སྔོན་གྱི་བཟོ་ལས་གླིང་འཛུགས་སྐྲུན་དང་གསར་སྤེལ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། བོད་མཚོ་བཟོ་ལས་གླིང་དོ་དམ་ཨུ་ལྷན་གྱིས་བཟོ་ལས་གླིང་ཞི་མཐུན་དང་གོ་རིམ་ལྡན་པའི་སྒོ་ནས་འཕེལ་རྒྱས་གཏོང་བ་དང་གླིང་གི་ཁེ་ལས་ལ་རང་འགུལ་ངང་ཞབས་འདེགས་ཞུ་བའི་ཐད་ནུས་ཤུགས་བཏོན་ནས་ལུས་ཚུགས་པ་དང་སེམས་གནས་པར་བྱེད་པ་དང་། གླིང་གི་འཐབ་ས་དང་པོར་ལས་དོན་བསྒྲུབས་ཏེ་གླིང་གི་ཁེ་ལས་འཕེལ་རྒྱས་འགྲོ་ཚུལ་ལ་དུས་དང་རྣམ་པ་ཀུན་ཏུ་དོ་ཁུར་བྱས་ནས་གཅིག་འཐུས་རྣམ་པའི་ཞབས་ཞུའི་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་བཏང་སྟེ་གླིང་གི་ཁེ་ལས་ལ་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་གཏོད་དགོས། གླིང་གི་ཁེ་ལས་ཀྱིས་འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ་དང་། གླིང་གི་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། ཐོན་ཁུངས་ཀྱི་ལེགས་ཆ་ཕྱོགས་བསྡུས་ངང་སྤྱོད་པ། རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་སྔ་ཙམ་ཐོན་སྐྱེད་བྱེད་འགོ་ཚུགས་ནས་ཁེ་ལས་རང་ངོས་དང་གླིང་གི་གཉིས་ཕན་གྱི་དམིགས་ཚད་ཐུན་མོང་ཐོག་མངོན་འགྱུར་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།