དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-12-03

    སྒེར་རྩེ་རྫོང་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཙེང་ཧྭ་ཀྲུང་དང་དགེ་རྒྱས་རྫོང་མི་དམངས་འཐུས་ཚོགས་རྒྱུན་ཨུད་ནས་ཟླ་ཚེ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་འཐུས་མིར་གསབ་འདེམས་བྱ་རྒྱུ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་བརྒྱད་པའི་ཐོག་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་སྙན་ཞུར་མོས་མཐུན་བྱ་རྒྱུ་དང་ཙེང་ཧྭ་ཀྲུང་དང་ཟླ་ཚེ་རྣམ་གཉིས་ལ་འཐུས་མིའི་ཐོབ་ཐང་ལྡན་པ་གཏན་འཁེལ་བྱ་རྒྱུ།

    ས་དགའ་རྫོང་དང་སྒེར་རྩེ་རྫོང་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱིས་ཁག་སོ་སོར་ལྷག་པ་ཚེ་རིང་དང་ཕུན་ཚོགས་ནོར་བུའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་འཐུས་མིའི་གོ་གནས་དགོངས་ཞུའི་རེ་འདུན་དང་ལེན་བྱེད་རྒྱུའི་གཏན་འབེབས་བྱ་རྒྱུ། འཐུས་མིའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ལྷག་པ་ཚེ་རིང་དང་ཕུན་ཚོགས་ནོར་བུའི་འཐུས་མིའི་ཐོབ་ཐང་མཚམས་འཇོག་བྱ་རྒྱུ།

    རུ་ཐོག་རྫོང་གིས་བདམས་པའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་འཐུས་མི་ཏུང་མིང་ཅུན(བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་དེ་སྔའི་ཀྲུའུ་ཞི་གཞོན་པ)དང་། ལྷ་ས་གྲོང་ཁྱེར་གྱིས་བདམས་པའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་འཐུས་མི་མཱ་ཤིན་མིང(ཀྲུང་གུང་ལྷ་ས་གྲོང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་གཞོན་པ)རྣམ་གཉིས་བོད་རང་སྐྱོང་ལྗོངས་ནས་ལས་བསྒྱུར་ཟིན་པས་འཐུས་མིའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཏུང་མིང་ཅུན་དང་མཱ་ཤིན་མིང་གི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་འཐུས་མིའི་ཐོབ་ཐང་མཚམས་འཇོག་བྱ་རྒྱུ།

    ད་ལྟ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པར་དངོས་སུ་འཐུས་མི་430ཡོད།

    ཆེད་དོན་སྤྱི་བསྒྲགས་བྱ་རྒྱུ།

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།

    2016ལོའི་ཟླ་12ཚེས་1ཉིན།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།