དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་ནག་ཆུར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-12-03

    ཟླ་11ཚེས་29དང་30ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་ནག་ཆུ་སྨན་ཁང་དང་། བཟོ་གྲྭ། སྡེ་ཁུལ། དགོན་སྡེ། “གཅིག་སྡུད་གཉིས”ཀྱི་སྒྲིག་གཞི། ཞིང་ཞོར་ཉོ་ཚོང་ཁྲོམ་ར། གེགས་སྐྱོབ་མཛོད་ཁང་བཅས་སུ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཚབ་ཞུས་ནས་བོད་བྱང་ཐང་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་བྱམས་བརྩེའི་ངང་གཟིགས་པ་རེད།

    ནག་ཆུ་གྲོང་རྡལ་གྱི“ལས་གྲྭ་ཁག་གསུམ”ཕྱོགས་ཡོངས་ནས་འཁོར་སྐྱོད་བྱེད་པའི་དུས་མཚམས་སུ་སླེབས་ནས་དྲོད་རླངས་ཁྱབ་ཚད་70%ཡན་ཟིན་པ་དང་ཆུ་མཁོ་སྤྲོད་བྱེད་ཚད་80%ཡན་ཟིན་ཡོད་པ་རེད། ཚ་ཁུངས་བཟོ་གྲྭ་དང་ཆུ་དྭངས་གཙང་བཟོ་གྲྭར་ཕེབས་སྐབས་བློ་བཟང་རྒྱལ་མཚན་གྱིས་བཟོ་གྲྭའི་ལས་བྱེད་པ་དང་ལས་བཟོ་ཚོར་བྱམས་བརྩེའི་ངང་གཟིགས་པ་དང་ས་གནས་ས་ཐོག་ཏུ་རྣམ་གྲངས་འཁོར་སྐྱོད་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། གྲོང་མི་ཉི་མ་དབང་འདུས་ཀྱི་ཁྱིམ་དུ་ཆུ་ཀ་ལ་ཁ་ཕྱེ་ནས་ཆུ་ཤུགས་ཆེ་ཆུང་གཟིགས་པ་དང་གཅིག་སྡུད་དྲོད་རླངས་མཁོ་སྤྲོད་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཉི་མ་དབང་འདུས་ཀྱིས་སེམས་འགུལ་ཐེབས་བཞིན་ཆུ་ཀ་ལ་དང་དྲོད་རླངས་མཁོ་སྤྲོད་ཐུབ་པ་དེས་སླར་ཡང་ལྕི་བ་དང་རྡོ་སོལ་ལ་བརྟེན་ནས་དྲོད་སྲུང་ལེན་དགོས་ཀྱི་མེད། འཚོ་བ་སྐྱིད་པོ་དེ་ལྟ་བུ་སྐྱེལ་རྒྱུ་ཡོང་གི་རེད་བསམ་མྱོང་མེད་ཅེས་བཤད། བློ་བཟང་རྒྱལ་་མཚན་གྱིས“ལས་གྲྭ་ཁག་གསུམ”པོ་དེར་ལོ་6འཆར་འགོད་ཞིབ་ཕྲ་བྱས་པ་དང་། ལོ་2ལས་འགོ་བཙུགས་ནས་སྐུལ་མ་བཏང་བ། ད་ཆ་ཕྱོགས་ཡོངས་ནས་འཁོར་སྐྱོད་བྱས་པ་བཅས་ལས“ལྕི་བར་བརྟེན་ནས་དྲོད་ལེན་པ་དང་འཁྱགས་པ་གཏོར་ནས་ཆུ་ལེན་པའི”ལོ་རྒྱུས་མཇུག་འགྲིལ་བ་དེ་ནི་ནག་ཆུའི་འཕེལ་རྒྱས་ལོ་རྒྱུས་ཐོག་སྔར་བྱུང་མྱོང་མེད་པའི་དོན་ཆེན་དང་དགའ་འོས་པའི་དོན་དག་ཅིག་རེད། ནག་ཆུ་གྲོང་རྡལ་གྱི་གྲོང་ཁྱེར་གྱི་གནས་བབ་མཐོ་རུ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་བ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ། དེང་རབས་ཅན་གྱི་འཕེལ་རྒྱས་ལམ་བུའི་ཐོག་སྐྱོད་པ། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་འཕེལ་རྒྱས་གསར་པ་དང་འགྱུར་ལྡོག་གསར་པ་མངོན་པ་བཅས་ཐད་མཚོན་བྱེད་རང་བཞིན་གྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།

    ནག་ཆུ་ས་ཁུལ་མི་དམངས་སྨན་ཁང་དུ་བློ་བཟང་རྒྱལ་མཚན་གྱིས་འཆར་འགོད་ལ་གཟིགས་པ་དང་། ཚན་ཁག་ཏུ་ཕེབས་པ། ངོ་སྤྲོད་གསན་པ་བཅས་གནང་ནས། བོད་སྐྱོར་སྨན་པ་དང་ནད་པ་ཚོ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་དང་སྨན་ཁང་གིས“ཀ་པ་རིམ་པ་གསུམ་པ”ཧུར་ཐག་བཏོད་པ་དང་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་དང་སྨན་བཅོས་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྦྱོང་དང་སྒྲིག་ཆས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད་བོད་སྐྱོར་སྨན་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད། བློ་བཟང་རྒྱལ་མཚན་གྱིས་སྨན་བཅོས་འཕྲོད་བསྟེན་ནི་དུད་ཚང་ཁྲི་སྟོང་མང་པོར་འབྲེལ་བའི་དམངས་འཚོའི་གནས་ཚུལ་གལ་ཆེན་ཞིག་ཡིན་པས་ནག་ཆུའི་མི་དམངས་སྨན་ཁང་བསྐྱར་སྐྲུན་དང་རྒྱས་སྐྲུན་རྣམ་གྲངས་ཡག་པོ་སྒྲུབ་པ་དང་། སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གཞི་ཁྱོན་ཆེ་རུ་གཏོང་བ། “བརྒྱུད་རོགས་ཁྲིད་གསུམ”ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ས་གནས་དེ་གར་ནམ་ཡང་གནས་ཐུབ་པའི་ལག་རྩལ་མཐོ་བའི་སྨན་བཅོས་དཔུང་ཁག་ཅིག་སྐྱེད་སྲིང་བྱེད་དགོས་ཞེས་གསུངས་པ་རེད།

    སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་བཏང་ནས་མི་སེམས་ལ་སྐུལ་མ་ཐེབས་པ་བྱས་པ། བློ་བཟང་རྒྱལ་མཚན་ནག་ཆུ་ས་ཁུལ་བྱིས་པའི་ཕན་བདེ་ཁང་དང་ནག་ཆུ་རྫོང་གི་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སུ་ཕེབས་ནས་འགན་ལེན་ལྔའི་རྒན་རྒོན་དང་དྭ་ཕྲུག་དང་དབང་པོ་སྐྱོན་ཅན་བྱིས་པར་གཟིགས་ནས“གཅིག་སྡུད་གཉིས”ཀྱི་སྒྲིག་གཞི་འཁོར་སྐྱོད་དོ་དམ་ཐད་བརྟག་ཞིབ་གཏིང་ཟབ་གནང་བ་དང་། ནག་ཆུ་ས་ཁུལ་གྱི་ཞིང་ཞོར་ཁྲོམ་ར་དང་གེགས་སྐྱོབ་མཛོད་ཁང་དུ་ཕེབས་ཏེ་ཚལ་འཚོང་མཁན་དང་། གྲོང་མི། དམངས་སྲིད་ལས་བྱེད་པ་བཅས་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བ་མ་ཟད་རིན་གོང་བཀའ་འདྲི་ཡང་གནང་བ་དང་། མཁོ་སྤྲོད་ལ་གཟིགས་པ། གྲབས་གསོག་ལ་གཟིགས་པ་བཅས་གནང་ཞིང་། ཁོང་གིས་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་ལ་མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་ཀྱི་ཡོད། སྔར་ཡོད་ཀྱི་ཆ་རྐྱེན་བཟང་པོའི་རྨང་གཞིའི་ཐོག་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པ་དང་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་མ་ཧུར་ཐག་བཏང་སྟེ་སྤྱི་ཚོགས་བྱ་གཞག་གི་ཞབས་ཞུའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་ཞེས་གསུངས་པ་རེད།

    ནག་ཆུ་ས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་རུ་ཕེབས་སྐབས་བློ་བཟང་རྒྱལ་མཚན་གྱིས། ཚང་མར་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་དང་རྫོང་ཁག་དང་བརྙན་བརྡའི་འགུལ་ཚད་ཐད་འབྲེལ་གྱིས་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ས་དང་པོ་བརྟན་སྲུང་བྱེད་མཁན་བློ་མཐུན་ཚོར་སྙིང་དབུས་ནས་ཐུགས་རྗེ་ཆེ་དང་བླ་ན་མེད་པའི་གུས་འདུད་ཞུས་གནང་ཞིང་། ཁོང་གིས་ནུས་མེད་ཟབ་ཟོབ་ཀྱི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱས་ཏེ་ཡུན་རིང་འཐབ་རྩོད་ཀྱི་བསམ་བློ་བརྟན་པོ་བཙུགས་ནས། རང་སྐྱོང་ལྗོངས་ཀྱི་སྤྱོད་གོ་ཆོད་པའི་བརྟན་ལྷིང་སྲུང་སྐྱོང་བྱེད་ཐབས་དང་བརྟན་ལྷིང་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་རབ་དང་རིམ་པ་གཏིང་ཟབ་དང་། ཞིབ་ཚགས། ཏན་ཏིག་བཟོས་ནས་འཐབ་ཇུས་ཡག་པོ་འདིང་བ་དང་རང་འགུལ་དམག་འཐབ་ཡག་པོ་བརྒྱབ་སྟེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ཐོག་སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཞབས་བརྟན་དགོན་པར་ཕེབས་སྐབས་བློ་བཟང་རྒྱལ་མཚན་གྱིས་དགོན་སྡེར་བཅའ་སྡོད་ལས་བྱེད་པ་དང་དགོན་སྡེའི་གྲྭ་པར་གཟིགས་པ་རེད། དགོན་སྡེ་དོ་དམ་ལས་དོན་ལ་ཤུགས་སྣོན་དང་གསར་གཏོད་བྱ་རྒྱུའི་སྐོར་གྱི་སྤྲུལ་སྐུ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱི་ངོ་སྤྲོད་གསན་རྗེས་བློ་བཟང་རྒྱལ་མཚན་གྱིས། སྤྲུལ་སྐུ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ནི་རྒྱལ་གཅེས་ཆོས་གཅེས་དང་ནང་བསྟན་གྱི་སྐུ་ཡོན་མཐོ་པོ་ཡོད་པ་ཞིག་ཡིན་པས་ཁོང་གིས་དགོན་སྡེ་དང་གྲྭ་དམངས་ཀྱི་སྣེ་འཁྲིད་དེ་དགོན་སྡེ་ཞི་མཐུན་དང་བསྟན་དོན་ལམ་ལྷོངས་ཡོང་རྒྱུར་སྐུལ་མ་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པས་ཞབས་བརྟན་དགོན་གྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་འཚམ་མཐུན་ཡོང་རྒྱུར་སྐུལ་མ་ཧུར་ཐག་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཟླ་11ཚེས་30ཉིན་གྱི་སྔ་དྲོ་བློ་བཟང་རྒྱལ་མཚན་གྱིས་ནག་ཆུ་ས་ཁུལ་དང་རྫོང་ཁག་གི་ལས་དོན་སྙན་ཞུ་གསན་ནས་ནག་ཆུ་ས་ཁུལ་གྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་དོན་ཆེན་ཨང་དང་པོ་དང་ལས་འགན་གལ་ཆེན་ལ་བརྩིས་ནས། སྲོག་ཤིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། དབང་གྲགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ལག་བསྟར་དམ་འཛིན་མཐའ་གཅིག་ཏུ་བྱས་ནས་ཚོགས་འདུའི་དགོངས་དོན་ལ་བརྟེན་སྟེ་བསམ་བློར་དྲག་ཆས་སྤྲོས་པ་དང་། བསམ་བློ་གཅིག་གྱུར་ཡོང་བ། ལག་ལེན་ལ་མཛུབ་སྟོན། ལས་དོན་ལ་སྐུལ་མ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་ནག་ཆུ་ནི་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་འགག་སྒྲོལ་ཁུལ་ཆེ་གྲས་གསུམ་གྱི་གྲས་ཤིག་ཡིན་པས། དབུལ་སྒྲོལ་འགག་སྒྲོལ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་ཆེན་ཨང་དང་པོ་དང་དམངས་འཚོའི་འདུ་འགོད་དང་པོར་བརྩི་རྒྱུ་དང་། ཐོན་སྐྱེད་འཕེལ་རྒྱས་དེ་དབུལ་སྒྲོལ་ཕྱུག་འགྱུར་གྱི་གཞི་རྩའི་ཐབས་ཇུས་ལ་བརྩི་རྒྱུ། སློབ་གསོ་དབུལ་སྒྲོལ་ཕྱུག་འགྱུར་གྱི་རྩ་བཅོས་རྨང་གཞིར་བརྩི་རྒྱུ། སྨན་བཅོས་འཕྲོད་བསྟེན་དབུལ་སྒྲོལ་ཕྱུག་འགྱུར་གྱི་འགན་ལེན་གལ་ཆེན་ལ་བརྩི་རྒྱུ་བཅས་མཐའ་འཁྱོངས་བྱས་ཏེ་ས་ཁུལ་ཡོངས་ཀྱི་མི་འབོར་དབུལ་པོ་ཚང་མ་དུས་ཐོག་ཏུ་དབུལ་སྒྲོལ་ཐུབ་པ་དང་། རྫོང་དབུལ་པོ་ཚང་མའི་དབུལ་པོའི་ཞྭ་མོ་དུས་ཐོག་ཏུ་ཕུད་ཐུབ་པ། གྲོང་ཚོ་དབུལ་པོ་ཚང་མ་དུས་ཐོག་ཏུ་ཕྱིར་འཐེན་ཐུབ་པ་བཅས་བྱེད་དགོས། མང་ཚོགས་སྒྲིག་འཛུགས་དང་། མང་ཚོགས་སྣེ་ཁྲིད། མང་ཚོགས་གཅིག་སྡུད་བཅས་བྱས་ཏེ་རང་ངོས་འཕེལ་རྒྱས་དང་རང་ངོས་དབུལ་སྒྲོལ་གྱི་མང་ཚོགས་དབུལ་པོའི་རང་འགུལ་རང་བཞིན་དང་ཧུར་སེམས་ཆེ་རུ་བཏང་སྟེ་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།