དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་ནག་ཆུའི་དབུལ་སྒྲོལ་འགག་སྒྲོལ་ཐད་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-12-01

    ཚེས་28ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་ནག་ཆུ་ས་ཁུལ་སྙན་རོང་རྫོང་དང་ནག་ཆུ་རྫོང་དུ་ཕེབས་ཏེ་འབྲོག་དུད་དང་། མཉམ་ལས་རྩ་འཛུགས། སྨན་ཁང་དང་སློབ་གྲྭ ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་བཀོད་སྒྲིག་བྱ་ཡུལ་བཅས་སུ་གཟིགས་ཞིབ་གནང་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་དང་ཞིང་འབྲོག་ཁུལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་མཐོ་རུ་གཏོང་བའི་ཐད་བརྟག་ཞིབ་གནང་བ་རེད།

    ས་བབ་སྨི་4800ཡོད་པའི་སྙན་རོང་རྫོང་སེ་ཆེན་ཤང་ཕག་གཡུ་གྲོང་ཚོ་ཉེ་བའི་ལོ་ཤས་རིང་མཉམ་ལས་ཅན་གྱི་དབུལ་སྐྱོར་དབུལ་སྒྲོལ་གྱི་ལམ་བུར་བསྐྱོད་ཡོད། དེ་སྔའི“སྤྲང་པོའི་གྲོང་ཚོ”དེ་ད་ཆ་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་འབྱོར་འབྲིང་དཔེ་སྟོན་ཁུལ་གྱི་གྲོང་ཚོར་གྱུར་ཡོད། བློ་བཟང་རྒྱལ་མཚན་གྱིས་དགུན་གྱི་གྲང་རླུང་ལ་མ་འཛེམས་པར་གྲོང་ཚོའི་རྣམ་པར་ཞིབ་བཤེར་དང་། མཉམ་ལས་རྩ་འཛུགས་ལ་གཟིགས་ཞིབ། དུད་ཚང་དུ་བསྐྱོད་དེ་འཚམས་འདྲི་བཅས་གནང་བ་དང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་མི་དང་སྤེལ་རེས་གནང་ནས་མཐོ་གྲང་དང་ས་བབ་མཐོ་བའི་འབྲོག་ལས་གཙོ་བོར་བྱས་པའི་གྲོང་ཚོ་དེའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་གནས་ཚུལ་ཞིབ་ཕྲ་མཁྱེན་རྟོཌ་གནང་བ་རེད།

    མཉམ་ལས་རྩ་འཛུགས་ཀྱི་འགན་ཁུར་བ་དང་འབྲོག་ལས་ཐོན་རྫས་ལས་སྣོན་བྱེད་བཞིན་པའི་གྲོང་མིའི་ས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཕག་གཡུ་གྲོང་ཚོས“མཉམ་ལས་རྩ་འཛུགས་དང་འབྲོག་དུད་ཟུང་དུ་འབྲེལ་བའི”གཉེར་སྐྱོང་བྱ་ཐབས་སྤྱད་པ་དང་། འབྲོག་ལས་ཐོན་རྫས་དང་། སྣེ་མང་གཉེར་སྐྱོང་། ངལ་ནུས་ཕྱིར་གཏོང་བཅས་ཟུང་འབྲེལ་བྱས་པས་འདི་ལོའི་ལོ་མཇུག་ཏུ་མི་རེར་ཆ་སྙོམས་ཡོང་འབབ་སྒོར་11353ཟིན་པ་དེ་ནི་2008ལོར་མཉམ་ལས་ཁང་ཐོག་མར་བཙུགས་སྐབས་ཀྱི་ལྡབ་28ཡིན་པས་གཞི་རྩའི་ཆ་ནས་གྲོང་ཚོ་ཡོངས་གཅིག་སྡུད་དབུལ་སྒྲོལ་གྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད་པ་རེད།


            བློ་བཟང་རྒྱལ་མཚན་གྱིས་མཉམ་ལས་རྩ་འཛུགས་ཀྱིས་རྩྭ་ར་འགན་གཙང་འགན་འཁྲིའི་ལམ་ལུགས་ཀྱི་རྨང་གཞིའི་སྟེང་ཁ་ཐོར་གྱི་འབྲོག་དུད་དང་། རྩྭ་ར། ཕྱུགས་རིགས་སོགས་ཐོན་སྐྱེད་རྒྱུ་ཆ་སྒྲིག་འཛུགས་བྱས་པ་དང་། གཅིག་གྱུར་དང་ཁ་ཐོར་ཟུང་འབྲེལ་དང་གཅིག་གྱུར་གཙོ་བོ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ས་བབ་མཐོ་བའི་འབྲོག་ལས་ས་ཁུལ་གྱི་དབུལ་སྐྱོར་འགག་སྒྲོལ་དང་ཐོན་སྐྱེད་འཚོ་བ་ལེགས་སུ་བཏང་བ་ནི་ཕྱུག་འགྱུར་གྱི་ལམ་བུ་ཡག་པོ་ཞིག་ཡིན་པ་དང་། ཁོང་ཚོས་འཚོལ་ཞིབ་ཧུར་ཐག་བྱས་ནས་མང་ཚོགས་སྣེ་ཁྲིད་དང་། མང་ཚོགས་སྒྲིག་འཛུགས། མང་ཚོགས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ་ཐུན་མོང་ཐོག་ཕྱུག་འགྱུར་གྱི་ཕུགས་འདུན་མངོན་འགྱུར་བྱས་པར་ཁས་ལེན་གང་ལེགས་གནང་བ་རེད།

    གྲོང་ཚོའི་བུ་བཅོལ་ཁང་དང་སྨན་དོན་ཁང་དུ་ཕེབས་སྐབས་ཁང་པའི་སྒྲིག་བཀོད་དང་ཞག་སྡོད་བྱེད་ས་ནས་མི་སྣ་བཀོད་སྒྲིག་དང་སྒྲིག་གཞི་འཁོར་རྒྱུག་བཅས་ཚང་མའི་བར་བློ་བཟང་རྒྱལ་མཚན་གྱིས་ཞིབ་ཕྲ་གཟིགས་ཏེ་བྱམས་བརྩེའི་ངང་བཀའ་འདྲི་གནང་བ་རེད། བློ་བཟང་རྒྱལ་མཚན་གྱིས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་དབུལ་སྒྲོལ་ཕྱུག་འགྱུར་གྱི་རྩ་བའི་ཇུས་གཞིར་བརྩི་བ་དང་། སློབ་གསོ་དེ་དབུལ་སྒྲོལ་ཕྱུག་འགྱུར་གྱི་བཅོས་སྐྱོང་རྨང་གཞིར་བརྩི་བ། སྨན་བཅོས་འཕྲོད་བསྟེན་དེ་དབུལ་སྒྲོལ་ཕྱུག་འགྱུར་གྱི་འགན་ལེན་གལ་ཆེན་ལ་བརྩི་བ་བཅས་བྱས་ཏེ་དམངས་འཚོ་ལེགས་སུ་ཧུར་ཐག་བཏང་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམས་ཕྱུག་འགྱུར་དང་། ཞི་མཐུན། ཤེས་དཔལ། སྐྱོན་བྲལ་བཅས་ལྡན་པའི་དེང་རབས་ཀྱི་འཚོ་བ་བསྐྱལ་རྒྱུ་ཡོང་བ་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་དང་། མཉམ་ལས་རྩ་འཛུགས་ཀྱི་ལས་འཛིན་གཞོན་པ་པོ་ཏིའི་ཁྱིམ་དུ་བློ་བཟང་རྒྱལ་མཚན་གྱིས་ཁོང་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས། མཉམ་ལས་རྩ་འཛུགས་ཀྱི་འཁོར་སྐྱོད་ཀྱི་དགོས་མཁོ་བཀའ་འདྲི་གནང་བ་དང་། ཞིང་འབྲོག་ཚན་རྩལ་ལ་རེ་འདོད་བྱེད་པ་མཁྱེན་རྗེས། བློ་བཟང་རྒྱལ་མཚན་གྱིས་ཚན་རྩལ་གཤམ་སྤེལ་བྱེད་ཤུགས་ཆེ་རུ་བཏང་སྟེ་དབུལ་སྒྲོལ་འགག་སྒྲོལ་ཆེད་གནད་སྨིན་ཤུགས་འདོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    སྙན་རོང་རྫོང་ཉི་མ་ཤང་དུ་བློ་བཟང་རྒྱལ་མཚན་ཆ་ཚང་སློབ་ཆུང་དང་། འཕྲོད་བསྟེན་ཁང་། ཤང་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་བཅས་སུ་ཕེབས་ཏེ། ཤང་དེ་གའི་གཞི་རྩའི་སྤྱི་པའི་ཞབས་ཞུ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་འཕེལ་རྒྱས་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཉི་མ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲོའུ་ཁུན་གྱིས་ཤང་སློབ་ཆུང་དུ་སློབ་གྲྭ་ཚད་ལྡན་ཅན་བཙུགས་ཐུབ་པ་བྱུང་བ་དང་དགུན་དུས་དྲོད་རླངས་མཁོ་འདོན་བྱུང་བ་དང་། འདི་ལོ་དུད་ཚང་80དབུལ་སྒྲོལ་འགག་སྒྲོལ་བྱ་རྒྱུའི་ལས་འགན་དུས་བཀག་ལྟར་ལེགས་གྲུབ་ཐུབ་རྒྱུ་ཡིན་ལུགས་ཞུས། ཀྲོའུ་ཁུན་སོགས་རྒྱ་ཆེའི་གཞི་རིམ་ལས་བྱེད་པ་གཞི་རིམ་དུ་རྩ་བ་བརྟན་པོ་ཚུགས་པ་དང་སྙིང་སྟོབས་ཆེན་པོ་ཡོད་པ་གཟིགས་སྐབས་བློ་བཟང་རྒྱལ་མཚན་གྱིས་ཚང་མས་ས་བབ་མཐོ་བའི་ས་ཁུལ་དུ་ཡུན་རིང་གཞི་ཚུགས་པ་དང་། བློ་རྩ་བརྟན་པོ་དང་བརྩེ་སེམས་ཟབ་མོའི་སྒོ་ནས་རྒྱ་ཆེའི་ཞིང་འབྲོག་པར་ཞབས་འདེགས་ཞུས་པ་དང་། སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ། སེམས་རྣལ་དུ་ཕབ་ཏེ་ལས་དོན་བསྒྲུབས་པ་བཅས་ལ་རྗེས་སུ་ཡི་རངས་ཞུ་འོས་པ་ཞིག་འདུག ལོ་རྒྱུས་ཀྱི་འགན་འཁྲི་གསར་པའི་མདུན་དུ་ཕུལ་བྱུང་གི་སྲོལ་རྒྱུན་མུ་མཐུད་དར་སྤེལ་བཏང་སྟེ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་གཏོང་ཆེད་དུས་རབས་ཀྱི་ནང་དོན་གསར་པ་རྒྱུན་ཆད་མེད་པར་བསྣན་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་དམིགས་བསལ་ཐུགས་ཁུར་གནང་ལུགས་ཁྱིམ་དུད་ཚང་མར་དོན་འཁྱོལ་ཐུབ་པ་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།

    ནག་ཆུ་ས་ཁུལ་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དང་ནག་ཆུ་རྫོང་ཅིང་ཧུའེ་དབུལ་སྐྱོར་གསར་སྤེལ་ཚད་ཡོད་ཀུང་སིར་བློ་བཟང་རྒྱལ་མཚན་གྱིས་ལྗོངས་ཡོངས་ཀྱི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོར་འཕེལ་རྒྱས་བྱུང་ཚུལ་དང་ནག་ཆུ་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུལ་གཙོ་གནད་ཐོག་མཁྱེན་རྟོགས་གནང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་འཕེལ་རྒྱས་ལ་ཁས་ལེན་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་དབུལ་སྒྲོལ་འགག་སྒྲོལ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་ཆེན་ཨང་དང་པོ་དང་དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་འདུ་ཤེས་བསྒྱུར་བ་དང་། བསམ་ཕྱོགས་གསར་གཏོད། སྲིད་ཇུས་ཡག་པོ་སྤྱོད་པ་བཅས་ཀྱི་ཁར། ནག་ཆུ་ས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཞིབ་འཇུག་ནན་ཏན་གྱིས་མང་ཚོགས་དབུལ་པོ་ཕན་ཚུན་རོགས་རེས་དང་གཅིག་སྡུད་མཉམ་ལས་ཀྱི་བྱ་ཐབས་སྤྱད་དེ་དབུལ་སྒྲོལ་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་དགོས་པ་དང་། ཐོན་ཁུངས་ཀྱི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ཏེ་ལས་དོན་ཁག་དབུལ་སྒྲོལ་འགག་སྒྲོལ་ལ་དམིགས་པ་དང་། ཐོན་ཁུངས་ཁག་དབུལ་སྒྲོལ་འགག་སྒྲོལ་ལ་དམིགས་པ། ཕྱོགས་ཁག་གི་སྟོབས་ཤུགས་དབུལ་སྒྲོལ་འགག་སྒྲོལ་ཐད་གཅིག་སྒྲིལ་བཅས་མཐའ་འཁྱོངས་བྱས་ཏེ་སྲིད་ཇུས་འགན་ལེན་དམིགས་སར་འབྱོར་བ་དང་། མ་དངུལ་གཏོང་རྒྱུ་དམིགས་སར་འབྱོར་བ། ཐོན་ལས་སྐུལ་ཁྲིད་དམིགས་སར་འབྱོར་བ། རྣམ་གྲངས་བཀོད་སྒྲིག་དམིགས་སར་འབྱོར་བ། དམངས་འཚོའི་ཞབས་ཞུ་དམིགས་སར་འབྱོར་བ། སྤྱི་ཚོགས་རོགས་སྐྱོར་དམིགས་སར་འབྱོར་བ། བོད་སྐྱོར་རྒྱབ་སྐྱོར་དམིགས་སར་འབྱོར་བ། མང་ཚོགས་ཞུགས་རྒྱུ་དམིགས་སར་འབྱོར་བ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་དབུལ་པོ་ཚང་མ་དུས་བཀག་ལྟར་དབུལ་སྒྲོལ་དང་། རྫོང་དབུལ་པོ་ཚང་མ་དུས་བཀག་ལྟར་དབུལ་ཞྭ་ཕུད་ཐུབ་པ། གྲོང་ཚོ་དབུལ་པོ་ཚང་མ་དུས་བཀག་ལྟར་དབུལ་སྒྲོལ་ཐུབ་པ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།