དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་བོད་ལྗོངས་ཀྱི་གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-11-28

    ཚེས་25ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ལྗོངས་ཡོངས་ཀྱི་གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཁོང་གིས་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྣེ་འདྲེན་དང་དམ་འཛིན་བྱེད་ས་ཨང་དང་པོ་དེ་རེད།རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་།ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ།དོན་འཁྱོལ་ལ་དམ་འཛིན་བྱེད་པ།སྟོབས་ཤུགས་གཅིག་སྡུད་བྱེད་པ་བཅས་བྱས་ཏེ་ཞན་ཆ་གསབ་པའི་རྣམ་གྲངས་འགངས་ཆེན་ཁག་གཅིག་ལག་བསྟར་བྱ་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་ནས་མ་འཇོག་ནུས་ལྡན་བྱས་ཏེ་འཕར་རྒྱུ་བརྟན་པོ་དང་།གྲུབ་ཆ་ལེགས་སྒྲིགདམངས་འཚོར་ཕན་འདོགས་པ་བཅས་ཀྱི་ཐད་འགག་རྩའི་ནུས་པ་ཐོན་པ་བྱས་ཐོག་རྨང་གཞིའི་སྒྲིག་བཀོད་ཀྱི་འཇུར་མིག་ཚོད་འཛིན་ཧུར་ཐག་ངང་སེལ་དགོས་པའི་ནན་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་ཞན་ཆ་གསབ་པའི་རྣམ་གྲངས་ཁག་གཅིག་ལག་བསྟར་བྱ་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་དེ་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་རེད།འབྲེལ་ཡོད་ཕྱོགས་ཀྱིས་དུས་མཚམས་གོང་མར་ཐུན་མོང་ཐོག་འབད་བརྩོན་བྱས་ནས་གཙོ་གནད་རྣམ་གྲངས་ཁག་གཅིག་མགྱོགས་མྱུར་ལག་བསྟར་བྱ་རྒྱུར་ལས་ཀའི་རྨང་གཞི་ཡག་པོ་ཞིག་བཏིང་ཡོད།མིག་སྔར་ཕྱི་ལོ་ལས་འགོ་ཁག་གཅིག་འཛུགས་རྒྱུའི་དམིགས་ཚད་ལ་དམིགས་ནས་དམ་འཛིན་དང་སླར་ཡང་དམ་འཛིན་ནན་པོ་བྱས་ཏེ་སྐུལ་འདེད་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་སྟེ།གཅིག་ནས་བསམ་བློ་གཅིག་གྱུར་བྱེད་དགོས་ཤིང་། “འདུ་ཤེས་བཞིབརྟན་པོ་བཙུགས་ཏེ་ལས་སྒྲུབ་ལས་གཏོད་ཐད་ནུས་ཤུགས་དངོས་སུ་འདོན་པ་དང་དཀའ་སྤྱད་སྙིང་རུས་ཀྱིས་ཧུར་བརྩོན་རང་འགུལ་གྱི་ནུས་པ་འདོན་པ་དང་ཆ་རྐྱེན་མཐའ་དག་བསྐྲུན་ནས་བྱ་གཞག་སྒྲུབ་སེམས་དང་འགན་འཁྲི་ཁུར་སེམས་ཆེན་པོ་དང་།དུས་ཚོད་ཀྱིས་མི་མི་སྒུག་པ།དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བཅས་བྱེད་པའི་ལས་ཀའི་རྣམ་འགྱུར་བཟང་པོར་བརྟེན་ནས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་ཡག་པོ་བྱེད་དགོས་པ་དང་།གཉིས་ནས་གནད་དོན་ཐག་གཅོད་བྱེད་དགོས་ཤིང་།རྣམ་གྲངས་འཛུགས་སྐྲུན་བྱེད་པར་དུས་འགོའི་འགྲོ་ལུགས་དང་།གཙོ་རྒྱུ་འགན་ལེན།འཆར་འགོད་འབྲེལ་མཐུད།མ་འཇོག་དང་མ་དངུལ་མཉམ་བསྡུའི་དཔེ་དབྱིབས།སྐུལ་འདེད་གཏོང་བའི་ལྷུ་ཚིགས་སོགས་ཐད་དངོས་ཡོད་དཀའ་ངལ་དང་ཞིབ་ཕྲའི་བླང་བྱ་གང་དག་ཡོད་མེད་རིགས་དབྱེའི་སྒོ་ནས་གསེད་དཀྲོལ་དང་།ཆ་ཡོད་རྒྱུས་ཡོད།གདེང་ཚོད་ཡོད་པ་བཅས་བྱས་ཏེ་རེ་རེ་བཞིན་བྱེད་ཐབས་ནུས་ལྡན་སྤྱད་ནས་དམིགས་བསལ་གྱི་བྱ་བ་དམིགས་བསལ་དུ་སྒྲུབ་པ་དང་རིམ་པ་བཞིན་ཐག་གཅོད་བྱེད་དགོས་པ།གསུམ་ནས་བསམ་ཕྱོགས་གསར་གཏོད་བྱེད་དགོས་ཤིང་།རྒྱུན་སྲོལ་ལས་བརྒལ་བ་དང་བློ་གཤོག་ཡངས་པོ་བྱས་ཏེ་སྒྱུར་བཅོས་ཀྱི་སྙིང་སྟོབས་དང་།གསར་གཏོད་ཀྱི་བསམ་ཕྱོགས།བབ་བསྟུན་གྱི་བྱེད་ཐབས་བཅས་ཀྱི་ཐོག་ནས་ཐབས་ལམ་འཚོལ་བ་དང་མྱུར་ཚད་ཡོད་པ་བྱེད་དགོས། PPPདཔེ་དབྱིབས་སྤྱད་དེ་གཙོ་གནད་རྣམ་གྲངས་ཁ་ཤས་བསྐྲུན་རྒྱུར་སྐུལ་འདེད་བཏང་ཐོག་སྲིད་གཞུང་གི་ནུས་ལྡན་མ་འཇོག་གི་འགྲོ་གྲོན་ཉུང་ལ་སྤྱོད་གོ་ཆོད་པའི་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས་པ།བཞི་ནས་འགན་འཁྲི་ཤུགས་ཆེར་གཏོང་དགོས་ཤིང་།ལས་བགོས་དོ་དམ་འགོ་ཁྲིད་ཀྱིས་འབྲེལ་ཡོད་སྡེ་ཚན་ཁག་གང་མགྱོགས་སྐོང་བསྡུ་བྱས་ནས་ཆེད་དོན་ཚོགས་འདུ་འཚོགས་ཏེ་རྣམ་གྲངས་རེ་རེ་བཞིན་ཞིབ་འཇུག་བྱེད་པ་དང་།གཅིག་སྡུད་བཀོད་སྒྲིག་བྱེད་པ།དུས་ཚོད་རེའུ་མིག་གསལ་པོ་བཟོ་བ།ལས་འགན་ཞིབ་ཚགས་སུ་གཏོང་བ།འགན་འཁྲི་དམ་ནན་བྱེད་པ་བཅས་བྱས་ཏེ་ལས་དོན་མགྱོགས་མྱུར་སྒྲུབ་པའི་བླང་བྱ་གཞིར་བཟུང་།རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་དུས་ཚོད་དང་།འགན་འཁྲིའི་བྱེད་པོ།མ་འཇོག་དང་མ་དངུལ་མཉམ་བསྡུའི་དཔེ་དབྱིབས་སོགས་འགག་རྩའི་དོན་ཚན་གཏན་འཁེལ་བཟོས་ཏེ་ཐད་ཀར་ཐག་གཅོད་བྱེད་འགན་འཁུར་བ་དང་ནུས་ཤུགས་མཉམ་འདོན་གྱིས་སེམས་ཁྲལ་དང་དཀའ་ངལ་སེལ་དགོས་པ།ལྔ་ནས་དངོས་ཕན་ཐོབ་པ་བྱེད་དགོས་ཤིང་།རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུ་དེ་དེང་སྐབས་དཔལ་འབྱོར་ལས་ཀའི་གནས་བབ་གལ་ཆེན་ཐོག་བཞག་ནས་གཙོ་གནད་རྣམ་གྲངས་སྔ་ཙམ་ལས་འགོ་འཛུགས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་།ཞིབ་མཆན་བཀོད་ཟིན་པ་དང་མ་འཇོག་དམིགས་སར་འབྱོར་བའི་རྣམ་གྲངས་དུས་ཚོད་དམ་འཛིན་ངང་ལས་འགོ་འཛུགས་པ།གཏན་འཁེལ་ཟིན་པ་དང་ཆ་རྐྱེན་ཚང་བའི་རྣམ་གྲངས་ཁག་དུས་མཚམས་དང་དུས་ཐེངས་དབྱེ་ནས་ལག་བསྟར་བྱེད་དགོས་པ་བཅས་རེད།རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཞབས་ཞུའི་འགན་ལེན་ལམ་སྲོལ་དང་།ལྕག་སྐུལ་ཞིབ་བཤེར་ལམ་སྲོལ།འགན་འཁྲི་དཔྱད་ཞིབ་ལམ་སྲོལ།དམིགས་ཚད་ཀྱི་བྱ་དགའ་དང་ཆད་གཅོད་ལམ་སྲོལ་བཅས་སྔར་བས་འཐུས་སྒོ་ཚང་དུ་བཏང་ཐོག་གཙོ་གནད་རྣམ་གྲངས་བདེ་བླག་ངང་སྐུལ་འདེད་གཏོང་ཆེད་ཁོར་ཡུག་དང་ཆ་རྐྱེན་བཟང་པོ་ཞིག་སྐྲུན་དགོས་པ་བཅས་བསྟན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།