དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2016-11-23

    ཚེས་21ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་ནས་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཆབ་སྲིད་སྙན་སྒྲོན་དང་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏེང་ཞའོ་ཀང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན་ཚོགས་འདུར་ཕེབས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཡིན་པའི་ཅང་ཅེ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་སྤེན་པ་བཀྲ་ཤིས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཝུན་ཧའོ་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་རེད། རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཁོངས་མི་དང་། སྲིད་གཞུང་གི་ཁོངས་མི་ཆ་ཚང་། སྲིད་གཞུང་གི་སྡེ་ཚན་ཁག་དང་ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གཞུང་བཅས་ཀྱིས་སློབ་སྦྱོང་ནན་ཏན་དང་གོ་བ་ཡང་ཡང་བླངས་ནས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དངོས་ཡོད་དོན་སྙིང་གལ་ཆེན་དང་རྒྱང་རིང་གཏིང་ཟབ་ཀྱི་ལོ་རྒྱུས་ཀྱི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱེད་པ། ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཆབ་སྲིད་སྙན་སྒྲོན་དང་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་པ། རང་འགུལ་ངང་བྱས་རྗེས་ཧུར་ཐག་འཇོག་པ། གསར་གཏོད་རང་བཞིན་ལྡན་པའི་ངང་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་ཏང་གི་འཐུས་མི་ཚོགས་ཆེན་ཐོག་གཏན་འཁེལ་བྱས་པའི་ཐབས་ཇུས་བཀོད་སྒྲིག་ཁག་དང་། དམིགས་ཚད་ལས་འགན་ཁག དམིགས་ཚད་བླང་བྱ་ཁག་བཅས་དོན་ཐོག་ཏུ་ཡག་པོ་འཁྱོལ་བའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པར་ངེས་པར་དུ“སྲོག་ཤིང་གཅིག”ལ་སྲུང་བརྩི་ཞུ་བ་དང“འདུ་ཤེས་བཞི”བརྟན་པོ་བཙུགས་ཏེ་བསམ་བློའི་ཐད་སྲོག་ཤིང་གོང་བཀུར་དང་། ཆབ་སྲིད་ཐད་སྲོག་ཤིང་ལ་ཡིད་ཆེས། རྩ་འཛུགས་ཐད་སྲོག་ཤིང་ལ་ལྷག་བསམ་རྣམ་དག བྱ་སྤྱོད་ཐད་སྲོག་ཤིང་ལ་སྲུང་སྐྱོབ་བཅས་བྱས་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་བྱ་རྒྱུར་ཚད་མཐོའི་རང་འགུལ་དང་རྦད་དེ་བློ་དཀར་སེམས་དཀར་བྱེད་པ་དང་། བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་རྣམ་འགྱུར་བརྟན་ལ་ནུས་ལྡན་ཞིག་དང་། བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་རྦད་དེ་བློ་དཀར་སེམས་དཀར་བྱེད་པའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་ནི“འཐབ་ཇུས་གཅིག”ལག་བསྟར་བྱས་ནས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་དམིགས་ཚད་ལ་དམ་འཛིན་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ལྷག་པར་དུ་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་བ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་དགོས་ཞེས་པའི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཏང་གི་བོད་སྐྱོང་མཛད་ཇུས་ལྷོད་གཡེང་མི་གཏོང་བར་བློ་སེམས་གཅིག་མཐུན་དང་འདུན་པ་གཅིག་མཐུན་གྱི་སྒོ་ནས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུ་དེ་རེད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་ནི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་དཔལ་འབྱོར་ལས་དོན་གྱི་གཙོ་རྐང་དུ་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་རང་འགུལ་ངང་འཚམ་པར་བྱེད་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ནུས་ལྡན་མ་འཇོག་གིས་བརྟན་པོའི་ངང་འཕར་རྒྱུ་དང་། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། སྣོད་བཅུད་སྲུང་སྐྱོང་བཅས་ཐད་ཀྱི་འགག་རྩའི་ནུས་པ་འདོན་སྤེལ་བྱས་ནས་སྲིད་ཇུས་མཁོ་སྤྲོད་ཆེ་རུ་གཏོང་བ་དང་སྒོ་འབྱེད་ཁོངས་ཡངས་ཀྱི་སྲིད་ཇུས་མ་ལག་ཆགས་པར་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་ཀྱི་མཁོ་སྤྲོད་ཆེ་རུ་གཏོང་བ་དང་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། ཁྱད་ལྡན་ལེགས་ཆའི་ཐོན་ལས་ཀྱི་མཁོ་སྤྲོད་ཆེ་རུ་གཏོང་བ་དང་ནང་སྐྱེས་འཕེལ་རྒྱས་སྒུལ་ཤུགས་ཆེ་རུ་གཏོང་བ། གཞི་རྩའི་སྤྱི་པའི་ཞབས་ཞུའི་ཐོན་རྫས་ཀྱི་མཁོ་སྤྲོད་ཆེ་རུ་གཏོང་བ་དང་དམངས་འཚོའི་ལས་དོན་གྱི་གཞི་རྩའི་འགན་ལེན་ནས་འཕེལ་རྒྱས་འགན་ལེན་བར་འགྱུར་ལྡོག་གཏོང་དགོས་པ་དེ་རེད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་ནི“སྟོན་ཕྱོགས་གཅིག”མཐའ་འཁྱོངས་དང་མི་དམངས་གོང་བཀུར་མཐའ་འཁྱོངས་བྱས་ནས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་དེ་བས་མངོན་གསལ་དོད་པའི་གནས་སུ་བཞག་སྟེ་རང་འགུལ་ངང་བྱས་རྗེས་འཇོག་པ་དང་། འགན་འཁྲི་འཁུར་ཕོད་པ། དམངས་ཀྱི་འདོད་བློ་དང་མཐུན་པ་དང་དམངས་འཚོར་ཕན་པའི་དོན་དངོས་མང་ཙམ་སྒྲུབ་པ། མི་རིགས་ཁག་གི་མང་ཚོགས་ཀྱིས་སེམས་ཁྲལ་ཆེན་པོ་བྱེད་པའི་གནད་དོན་མང་ཙམ་ཐག་གཅོད་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཏང་དང་སྲིད་གཞུང་གི་མཐའ་འཁོར་ཏུ་མཐུན་སྒྲིལ་དམ་ཟབ་བྱེད་དགོས་པ་དེ་རེད་ཅེས་ནན་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་གཙོ་གནད་ནི་དོན་འཁྱོལ་དང་འགག་རྩ་ནི་སྒྲུབ་རྒྱུར་ཐུག་ཡོད། རང་སྐྱོང་ལྗོངས་སྲིད་གཞུང་གིས་ཏང་ཙུའུ་ཡི་ཁོངས་མི་དང་། སྲིད་གཞུང་གི་གྲུབ་ཆའི་མི་སྣ་ཡོངས། སྲིད་གཞུང་སྡེ་ཚན་ཁག་དང་ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གཞུང་གིས་ཚད་གཞི་མཐོ་པོ་དང་བླང་བྱ་ནན་པོའི་ཐོག་ནས“སྣེ་ཁྲིད་བདུན”སྟེ། ཆབ་སྲིད་ལ་སྣང་ཆེན་བྱ་རྒྱུར་སྣེ་ཁྲིད་དང་། སློབ་སྦྱོང་ལ་སྣང་ཆེན་བྱ་རྒྱུར་སྣེ་ཁྲིད། འགན་འཁྲི་འཁུར་བར་སྣང་ཆེན་བྱ་རྒྱུར་སྣེ་ཁྲིད། དགོངས་དོན་ལ་སྣང་ཆེན་བྱ་རྒྱུར་སྣེ་ཁྲིད། མཐུན་སྒྲིལ་ལ་སྣང་ཆེན་བྱ་རྒྱུར་སྣེ་ཁྲིད། སྤྱོད་གཙང་ལ་སྣང་ཆེན་བྱ་རྒྱུར་སྣེ་ཁྲིད་བཅས་ཏན་ཏིག་བྱེད་པ་དང་སྔོན་ལ་ལག་ལེན་དང་ལག་ལེན་དངོས་སུ་བྱས་ཏེ་ཕུགས་བསམ་དང་དད་སེམས་བརྟན་པོ་དང་། བསམ་བློའི་འཁྱེར་སོ་ལེགས་པོ། ལས་ཀའི་སྤྱོད་ཚུལ་ཏན་ཏིག་བཅས་ཀྱི་ཐོག་ནས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བ་དང་། དམ་པ་དོན་གཉེར་གྱི་ལས་ཀའི་ཕན་འབྲས་ཐོག་ནས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་ལག་བསྟར་བྱས་པའི་ཕན་འབྲས་ལ་ཞིབ་བཤེར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་ཉེ་དུས་རང་སྐྱོང་ལྗོངས་སྲིད་གཞུང་ཚན་ཁག་གི་ཁོངས་མིས་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་གཞི་རིམ་དང་འཐབ་ཕྱོགས་དང་པོར་བསྐྱོད་དེ་དུས་ཡུན་གཟའ་འཁོར་གཅིག་གཡས་གཡོན་གྱི་ལྟ་སྐུལ་མཛུབ་ཁྲིད་བྱེད་པ་དང་འབྲེལ། ངོ་ཐུག་གདོང་འཕྲད་ཀྱིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་དྲིལ་བསྒྲགས་བྱས་པའི་ཐོག ས་ཆ་དངོས་སུ་བརྟག་ཞིབ་དང་གཞུང་དོན་བསྒྲུབས་ནས་ལོ་འཁོར་གྱི་གཙོ་གནད་ལས་ཀའི་ལས་འགན་ཁག་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐག་བཅད་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།