དབུ་ཤོག>སྲིད་དོན།
  • བློ་མཐུན་བསྟན་པའི་ཉི་མ་སྐུ་གཤེགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-11-21

    བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་རྒྱུན་ཨུ(ཐིང་རིམ་པ་རྒན་པ)བློ་མཐུན་བསྟན་པའི་ཉི་མར་སྙུང་གཞི་ཕོག་ནས་སྨན་བཅོས་བྱས་ཀྱང་ཕན་ནུས་མ་ཐོན་པར། 2016ལོའི་ཟླ་11ཚེས་16ཉིན་ཉིང་ཁྲིར་སྐུ་གཤེགས་པ་དང་སྐུ་གཤེགས་དུས་དགུང་ལོ་73ཡིན་པ་རེད།

    བློ་མཐུན་བསྟན་པའི་ཉི་མ་1943ལོའི་ཟླ་12པར་བོད་ལྗོངས་ཀོང་པོ་རྒྱ་མདའ་རྫོང་དུ་སྐུ་འཁྲུངས་པ་དང་། 1985ལོའི་ཟླ་དང་པོར་ལས་ཀར་ཞུགས། གླང་རུ་དགོན་གྱི་སྤྲུལ་སྐུ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་པ་དང་བཅུ་གཅིག་པའི་ཨུ་ཡོན། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བདུན་པ་དང་། བརྒྱད་པ། དགུ་པ་བཅས་ཀྱི་ཨུ་ཡོན། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་རྒྱུན་ཨུ་བཅས་རེད། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྲིད་གྲོས་ཀྱི་རྒྱུན་ཨུ་དང་ཉིང་ཁྲི་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སོགས་ཀྱི་གོ་གནས་འཁུར་གནང་བ་དང་། 1998ལོའི་ཟླ་བཅུ་པར་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་2015ལོའི་ཟླ་དྲུག་པར་ཐིང་རིམ་པ་རྒན་པའི་གོ་གནས་འཁུར་གནང་བ་རེད།

    ཁོང་སྐུ་གཤེགས་པས་ང་ཚོར་བློ་མཐུན་བཟང་པོ་ཞིག་མེད་པར་གྱུར་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།