དབུ་ཤོག>སྲིད་དོན།
  • ཅང་ཅེས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དྲིལ་བསྒྲགས་གཏོང་སྤེལ་གྱི་གསར་འགྱུར་ལས་དོན་པར་གཟིགས་པ་དང་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-11-17

    ཚེས་15ཉིན། བློ་མཐུན་ཅང་ཅེས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་གསར་འགྱུར་ལྟེ་གནས་སུ་ཕེབས་ནས། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་གསར་འགྱུར་དྲིལ་བསྒྲགས་གཏོང་སྤེལ་ལས་ཀའི་བཅར་འདྲི་རྩོམ་སྒྲིག་པ་དང་ལས་དོན་པར་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་སྟེ། ཁོང་ཚོ་དང་ཁོང་ཚོ་བརྒྱུད་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་གསར་འགྱུར་ལས་དོན་པས་དཀའ་སྤྱད་ལེགས་སྐྱེས་དང་འབད་འབུངས་གནང་བར་ལྷག་བསམ་དག་པའི་འཚམས་འདྲི་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད།

    འཚམས་འདྲི་གནང་རིང་། ཅང་ཅེས་ལས་དོན་པ་རེ་རེ་བཞིན་དང་ཕྱག་གཏོང་རེས་དང་སྤྲོ་སེམས་འཁོལ་བའི་བཀའ་མོལ་གནང་སྟེ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དྲིལ་བསྒྲགས་གཏོང་སྤེལ་ལས་ཀའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་རེད།

    ཅང་ཅེས། རྒྱ་ཆེའི་གསར་འགྱུར་ལས་དོན་པས་མུ་མཐུད་ནན་ཏན་ངང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་བླང་བྱ་གཞིར་བཟུང་། དུས་ཐོག་ཏུ་དབང་གྲགས་ལྡན་པའི་སྒོ་ནས་ཚོགས་འདུའི་དགོངས་དོན་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་བརྒྱུད་བསྒྲགས་བྱས་ཏེ། སྤྲོ་སེམས་འཁོལ་བ་དང་། གཟབ་རྒྱས། མཐུན་སྒྲིལ། ངར་ཤུགས་འཕེལ་བ། འབད་འབུངས་བཅས་ཀྱི་ཚོགས་ཆེན་གྱི་རྣམ་པ་སྔར་བས་གཏོད་དགོས། ཕྲག་ཐོག་ཏུ་འཁུར་བའི་འགན་འཁྲི་དང་ལས་འགན་བློ་ལ་བརྟན་པོར་ངེས་ནས། ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བཙུགས་ཁར། ད་ཐེངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་གྱི་གསར་འགྱུར་དྲིལ་བསྒྲགས་གཏོང་སྤེལ་ལེགས་གྲུབ་བྱ་རྒྱུ་འགོ་འཛུགས་ས་གསར་པར་བརྩིས་ནས། ཡང་དག་པའི་གླེང་ཕྱོགས་ཀྱི་སྟོན་ཕྱོགས་ལ་སྟངས་འཛིན་ནན་པོ་བྱེད་པ་དང་། མཐུན་སྒྲིལ་བརྟན་ལྷིང་དང་ངར་ཤུགས་འཕེལ་བའི་མཛད་ཕྱོགས་མཐའ་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། ཀྲུང་དབྱང་གི་བོད་སྐྱོང་མཛད་ཇུས་བོད་དུ་ལེགས་གྲུབ་ལྡན་པའི་ངང་ལག་ལེན་བསྟར་བ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་མ་ཟད། བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་རང་འགུལ་དམག་འཐབ་ཡག་པོ་བརྒྱབ་སྟེ། བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།