དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བརྗེའི་སྒྲིག་ཁྲིམས་གཏན་འབེབས།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-11-14

    སྐབས་བརྗེ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་དོན་ཆེན་ཞིག་ཡིན་པས། སྐབས་བརྗེའི་སྒྲིག་ཁྲིམས་ནན་པོས་བསྲུངས་ཏེ་སྐབས་བརྗེའི་སྤྱོད་ཚུལ་གཞུང་དྲང་ཡོང་ཆེད་ཀྲུང་དབྱང་གིས“གཏན་འགོག་དགུའི”སྐབས་བརྗེ་སྒྲིག་ཁྲིམས་བླང་བྱ་བཏོན་པ་སྟེ།

    གཅིག ངན་པ་ཁྱུ་སྒྲིག་གཏན་འགོག་བྱས་ཏེ་ཁྱུ་ཤོག་སྒྲིག་པ་དང་ངན་རུབ་སྒེར་གཉེར་ལ་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་རྒྱུ།

    གཉིས། རྔན་བསླུས་འདེམས་བསྐོ་གཏན་འགོག་བྱས་ཏེ་དམངས་གཙོའི་འོས་སྦྱོར་དང་འདེམས་བསྐོའི་ཁྲོད་འཕེན་སྐུལ་དང་འཕེན་རོགས་སོགས་རྩ་འཛུགས་མིན་པའི་བྱེད་སྒོའི་རིགས་ལ་བདམས་ཐོན་མིང་ཐོའམ་ཡང་ན་འོས་མིའི་ཐོབ་ཐང་མེད་པར་བཟོ་རྒྱུ་དང་འབྲེལ། གནས་ཚུལ་ཚབས་ཆེ་ཆུང་གཞིར་བཟུང་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་རྒྱུ་དང་རྔན་བསླུས་འདེམས་བསྐོར་ཁྲིམས་ལྟར་ཆད་པ་གཅོད་རྒྱུ།

    གསུམ། དཔོན་གནས་ཉོ་ཚོང་གཏན་འགོག་བྱས་ཏེ་ལས་གནས་ལེགས་སྒྲིག་དང་གོ་གནས་སྤོར་བ་སོགས་དམིགས་ཡུལ་དུ་བྱས་ཏེ་གཞན་ལ་རྔན་པ་སྤྲོད་པའམ་ཡང་ན་ལྐོག་རྔན་ལེན་རིགས་མཐའ་དག་སྔོན་ལ་ལས་གནས་མཚམས་འཇོག་བྱེད་པའམ་ཡང་ན་གནས་དབྱུང་གཏོང་རྒྱུ་མ་ཟད། སྒྲིག་ཁྲིམས་དང་བཅའ་ཁྲིམས་གཞིར་བཟུང་ཆད་པ་གཅོད་རྒྱུ།

    བཞི། དཔོན་གནས་རག་ཐབས་གཏན་འགོག་བྱས་ཏེ་འབྲེལ་བ་འཛུགས་པའམ་བཙན་ཤེད་ཀྱིས་གོ་གནས་རག་ཐབས་བྱེད་པ། ཡང་ན་གོ་གནས་སྤོར་ཐབས་བྱེད་མཁན་མཐའ་དག་གནས་སྤོར་དང་བཀོལ་སྤྱོད་མི་བྱ་རྒྱུ།

    ལྔ། རྫུན་བཟོས་ནས་དཔོན་གནས་ཞུ་སློང་གཏན་འགོག་བྱས་ཏེ་ལས་བྱེད་པའི་ཡིག་ཚགས་དང་དཔྱད་གཞིའི་ཡིག་རིགས་གཡོ་བཅོས་དང་རྫུན་བཟོ་བྱེད་པའི་འབྲེལ་ཡོད་མི་སྣར་རྩ་འཛུགས་ཀྱི་ཆད་པའམ་ཡང་ན་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་རྒྱུ།

    དྲུག ངོ་ཆེན་ཞུ་བ་ལྟ་སྐྱོང་གཏན་འགོག་བྱས་ཏེ་གནས་སྤར་རྒྱུའི་ཁས་ལེན་པའམ་ཡང་ན་མི་གཞན་ལས་གནས་སྤར་རྒྱུར་ངོ་ཆེན་ཞུ་བ་དང་། འོག་རིམ་ལས་བྱེད་པའི་གནས་སྤོར་བཀོལ་སྤྱོད་ལ་རང་འདོད་ངང་ཐེ་ཇུས་བྱེད་རིགས་ལ། ཡིག་ཚགས་ནང་འགོད་རྒྱུ་མ་ཟད། གནས་ཚུལ་ཚབས་ཆེ་རིགས་ལ་འགན་འཁྲི་བདའ་འདེད་གཏོང་རྒྱུ།

    བདུན། ཁྲིམས་ལས་འགལ་ཏེ་མི་སྤྱོད་པ་གཏན་འགོག་བྱས་ཏེ་ལས་བྱེད་པ་འཕྲལ་དུ་གནས་སྤོར་བྱེད་པ་དང་། ལས་གནས་ཀྱི་དགོས་མཁོ་ལས་བརྒལ་བའི་ལས་བྱེད་པ་བསྐོ་གཞག་བྱེད་པ། གཏན་འབེབས་བྱས་པའི་གོ་རིམ་ལས་འགལ་ནས་ལས་བྱེད་པ་གོ་གནས་སྤོར་བའི་རིགས་གོ་མི་ཆོད་རྒྱུའི་ཁྱབ་བསྒྲགས་བྱ་རྒྱུ་དང་འབྲེལ། གནས་ཚུལ་ཚབས་ཆེ་ཆུང་གཞིར་བཟུང་འབྲེལ་ཡོད་མི་སྣར་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་རྒྱུ།

    བརྒྱད། གསང་བ་ཕྱིར་གྱར་གཏན་འགོག་བྱས་ཏེ་སྐབས་བརྗེའི་མི་སྣ་བཀོད་སྒྲིག་སོགས་ཀྱི་གསང་བའི་ནང་དོན་ཕྱིར་གྱར་བ་དང་བཀྲམ་རིགས་མཐའ་དག་འབྲེལ་ཡོད་མི་སྣའི་འགན་འཁྲི་བདའ་འདེད་གཏོང་རྒྱུ།

    དགུ སྐབས་བརྗེར་འགལ་རྐྱེན་བཟོ་བ་གཏན་འགོག་བྱས་ཏེ་མི་གཞན་ལ་དཀྲོག་གཏམ་བཟོ་བ་དང་གཞན་ལ་སྙོན་འཛུགས་སྙན་ཞུ་འབུལ་བའམ་ཡང་ན་གཞན་གྱིས་འདེབས་བསྐོའི་དབང་ཆ་སྤྱོད་རྒྱུར་འགོག་རྐྱེན་བཟོ་རིགས་མཐའ་དག་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་རྒྱུ་དང་། ཁྲིམས་འགལ་གྱི་ཉེས་གསོག་དོགས་པ་ཡོད་རིགས་ཁྲིམས་འཛིན་ལས་ཁུངས་སུ་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་རྒྱུ།

    ལྗོངས་ཏང་ཨུད་ཀྱི་སྐབས་བརྗེའི་རིང་གི་སྤྱོད་ཚུལ་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་ཆེད། ད་ལྟ་ལྗོངས་སྒྲིག་ཨུད་དང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་ཐེར་འདོན་ཁ་པར་ཨང་གྲངས་དང་དེ་བཞིན་དྲ་ཚིགས་གཤམ་དུ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པས། གལ་སྲིད་གོང་གསལ་གྱི་སྒྲིག་འགལ་ཁྲིམས་འགལ་གནད་དོན་དག་ཐོན་ཚེ་དུས་ཐོག་ཏུ་ང་ཚོར་ཚུར་ལན་ཡོད་པར་ཞུ།

    ལྗོངས་སྒྲིག་ཨུད་ཀྱི་ཐེར་འདོན་ཁ་པར་ཨང་གྲངས། (0891)12388

    ལྗོངས་ཏང་ཨུད་རྩ་འཛུགས་པུའི་ཐེར་འདོན་ཁ་པར་ཨང་གྲངས་(0891)12380དང་། དྲ་ཚིགས། http://www.xz12380.gov.cn:8080

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།