དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གི་འགོ་ཁྲིད་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2016-11-02

    ཉིན་ཤས་གོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་པེ་ཅིང་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་ལིའུ་ཡུང་ཧྥུའུ་དབར་བཞུགས་མོལ་གནང་ནས་བོད་ཀྱི་གནད་སྨིན་དབུལ་སྒྲོལ་གྱི་འཆར་གཞི་ཆེ་མོར་གྲོས་བསྡུར་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན་གྱིས་ལས་དོན་སྙན་སེང་ཞུས་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཨོའུ་ཆིང་ཕིང་ཕེབས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གིས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་སོགས་ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་དང་། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་གི་ཁེ་ལས་བཅས་ཀྱིས་སྔ་བར་ཕྱི་གསུམ་དུ་བོད་ཀྱི་དབུལ་སྐྱོར་གསར་སྤེལ་བྱ་གཞག་ལ་རྒྱབ་སྐྱོར་བྱ་རྒྱུ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་བཀོད་སྒྲིག་གནང་སྟེ་སྤྱི་འདོམས་བཀོད་སྒྲིག་དང་གོ་རིམ་ལྡན་པའི་ངང་འཆར་འགོད་བྱས་ཏེ་རང་ལྗོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་ཆེད་སྒུལ་ཤུགས་ཆེན་པོ་ཞིག་བསྣན་པར་བརྟེན། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ནམ་ཡང་སེམས་ནང་བརྟན་པོར་ངེས་ཏེ་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་འདི་ལོ་ཚུན་དུ་རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་། ཀྲུང་དབྱང་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུ། ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་བཞུགས་མོལ་ཚོགས་འདུ་བཅས་ཀྱི་དགོངས་དོན་དང་། ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་དུས་སྐབས་གསར་པའི་དབུལ་སྐྱོར་གསར་སྤེལ་གྱི་འཐབ་ཇུས་དགོངས་པ་ལག་ལེན་གཏིང་ཟབ་་བསྟར་ནས་དབུལ་སྒྲོལ་འགག་སྒྲོལ་དེ་ཉིད་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་དམངས་འཚོའི་ལས་དོན་ཨང་དང་པོར་བརྩིས་ཏེ་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཐོན་ཁུངས་སྤྱི་འདོམས་ཡོང་རྒྱུར་ཤུགས་རྒྱག་པ། གནད་སྨིན་སྲིད་ཇུས་ལག་ལེན་བསྟར་ཤུགས་ཆེ་རུ་གཏོང་བ། འགག་སྒྲོལ་མཉམ་ཤུགས་ཆེ་རུ་གཏོང་བ། དམིགས་ཚད་འགན་འཁྲི་དོན་འཁྱོལ་བྱེད་པ་བཅས་བྱས་པས། ལྗོངས་ཡོངས་སུ་རྫོང་དང་ཆུས་7གྱིས་ཟླ་གསུམ་སྔ་སྣུར་དུ་རྫོང་དབུལ་པོའི་དབུལ་ཞྭ་ཕུད་པའི་ལས་འགན་འགྲུབ་པ་དང་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གིས་མུ་མཐུད་དམིགས་བསལ་ཐུགས་ཁུར་གནང་ནས་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་སོགས་གཙོ་གནད་ལས་དོན་ཐད་མཛུབ་ཁྲིད་ནུས་ལྡན་དང་རྒྱབ་སྐྱོར་ཤུགས་ཆེན་གནང་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད། རང་སྐྱོང་ལྗོངས་ཀྱིས་རྒྱལ་ཡོངས་དབུལ་སྐྱོར་བོད་སྐྱོར་ལས་དོན་ཚོགས་འདུ་གོ་སྐབས་སུ་བྱས་ནས་བོད་ཀྱི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་ཆེད་དོན་བརྟག་ཞིབ་བསམ་འཆར་དང་གྲོས་འགོ་དོན་འཁྱོལ་ཡག་པོ་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

    ལིའུ་ཡུང་ཧྥུའུ་ཡིས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཐོབ་པའི་འཕེལ་རིམ་བཟང་པོར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གིས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་བསལ་དོན་དངོས་དང་ལས་ཀའི་དགོས་མཁོར་བསམ་གཞིག་གང་ལེགས་བྱེད་པ་དང་། མུ་མཐུད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དམིགས་བསལ་བྱ་བ་དམིགས་བསལ་ངང་སྒྲུབ་པ། སྟབས་བསྟུན་དཀའ་སེལ་བྱེད་པ་བཅས་བྱས་ནས་བོད་ཀྱི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་རོགས་བྱས་ཏེ།“ཡུལ་ཕྱོགས་ཤིག་གིས་ས་ཆུས་ཡུལ་ཕྱོགས་དེའི་མི་གསོ་མི་ཐུབ་པའི”གནད་དོན་ཐག་གཅོད་ཧུར་ཐག་བྱ་རྒྱུ་རེད། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་མཐའ་འཁྱོངས་ཀྱིས་ཐོན་ལས་འདེགས་སྐྱོར་བྱ་རྒྱུ་མངོན་གསལ་དོད་དུ་གཏོང་བ་དང་། སྤེལ་རེས་དང་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། བོད་ལ་ལྗང་མདོག་འཕེལ་རྒྱས་དང་ཐོན་ལས་གནད་སྨིན་དབུལ་སྐྱོར་གྱི་ལམ་བུ་གསར་པ་འཚོལ་ཞིབ་བྱེད་རོགས་བྱེད་པ། དུད་ཚང་དབུལ་པོའི་ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་ལེགས་སུ་གཏོང་བ་བཅས་བྱས་ནས་གནས་སྤོའི་མང་ཚོགས་རྣམས་ཐོན་ལས་ལ་བརྟེན་ནས་ཡུན་རིང་བརྟན་པོའི་ངང་དབུལ་སྒྲོལ་ཐུབ་རྒྱུའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།