དབུ་ཤོག>སྲིད་དོན།
  • ཝུའུ་དབྱིང་ཅེ་དང་བློ་བཟང་རྒྱལ་མཚན་གྱིས་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་འགོ་ཁྲིད་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2016-11-01

    ཉིན་ཤས་གོང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་རྣམ་གཉིས་ཀྱིས་པེ་ཅིང་དུ་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་ཏང་ཙུའུ་ཡི་ཧྲུའུ་ཅི་དབྱང་ཁྲོན་ཐང་དང་པུའུ་ཀྲང་ལི་ཞའོ་ཕུང་དང་བཞུགས་མོལ་གནང་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་ཀྱི་ཇུས་ཆེན་ཐད་ཐུན་མོང་ཐོག་གྲོས་བསྡུར་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན་གྱིས་ལས་དོན་སྙན་སེང་ཞུས་པ་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་ཏང་ཙུའུ་ཡི་ཁོངས་མི་སྤྱི་ཁྱབ་འཆར་འགོད་པ་གཅིག་ལྕོགས་འཆར་འགོད་སིའི་སི་ཀྲང་ཀྲའོ་ཁྲུང་ཅིའུ་ཕེབས་ཡོད་པ་རེད།

    ཝུའུ་དབྱིང་ཅེ་དང་བློ་བཟང་རྒྱལ་མཚན་རྣམ་གཉིས་ཀྱིས“ལོ་ལྔ་ཚན་བཅུ་གཉིས་པ”ཚུན་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཁབ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་སོགས་རྒྱལ་ཁབ་ཀྱི་པུའུ་ཨུད་དང་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་དེ་བཞིན་ཀྲུང་དབྱང་གི་ཁེ་ལས་གཙོ་བོའི་རྒྱབ་སྐྱོར་ཤུགས་ཆེན་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་གཉེར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ལག་ལེན་གཏིང་ཟབ་བསྟར་ཐོག་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ཀྱི་ལས་ཀའི་དམིགས་ས་དང་ཤུགས་རྒྱག་སར་བརྩི་བ་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩིས་ནས་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་གྱི་གོ་སྐབས་ཆེན་པོ་དམ་འཛིན་བྱས་ནས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། དམངས་འཚོ་ལེགས་གཏོང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། སྣོད་བཅུད་ལེགས་པ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། མཐའ་མཚམས་སྲ་བརྟན་བཅས་ཀྱི་རྣམ་པ་གསར་པ་གཏོད་ཡོད། རང་སྐྱོང་ལྗོངས་ཀྱིས་བོད་ཀྱི་འགྲིམ་འགྲུལ་བྱ་གཞག་སྔོན་ལ་འཕེལ་རྒྱས་གཏོང་རྒྱུར་སྐུལ་མ་ཤུགས་ཆེན་བཏང་བས་གཞུང་ལམ་འཛུགས་སྐྲུན་གྱི་བསྡོམས་འབོར་མང་དུ་ཕྱིན་པ་དང་། སྤུས་ཚད་ལེགས་སུ་ཕྱིན་པ། འཕེལ་རྒྱས་མགྱོགས་པོ་བྱུང་བ་མ་ཟད། མ་དངུལ་གཏོང་ཤུགས་ཧ་ཅང་ཆེ་བ་དང་འགྱུར་ལྡོག་ཤིན་ཏུ་མངོན་གསལ་དོད་པོ་ཡོད་པ་ནི་སྔར་བྱུང་མྱོང་མེད་པ་ཞིག་རེད། ལྕགས་ལམ་དང་། གཞུང་ལམ། དམངས་སྤྱོད་མཁའ་འགྲུལ། སྦྲག་ལས་སོགས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་དྲ་རྒྱ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་ནས་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་མ་ལག་རགས་ཙམ་ཆགས་ཏེ་བོད་དུ“སྲུང་ཡོལ་གཉིས་དང་། གནས་ལྔ། བགྲོད་ལམ་གཅིག”སྐྲུན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་ཆེད། འདེགས་སྐྱོར་ནུས་ལྡན་བྱས་ཡོད་སྟབས། དེ་དག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ནམ་ཡང་བློ་ལ་བརྟན་པོར་བཅངས་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་ཅིག རྒྱལ་ཁབ་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་མཛུབ་ཁྲིད་ནུས་ལྡན་དང་རྒྱབ་སྐྱོར་ཤུགས་ཆེན་ལ་ཡང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས།

    ཝུའུ་དབྱིང་ཅེ་དང་བློ་བཟང་རྒྱལ་མཚན་རྣམ་གཉིས་ཀྱིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནི་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པའི་དུས་མཚམས་ཤིག་ཡིན་ལ། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། འགྲིམ་འགྲུལ་གྱི་འཇུར་མིག་ཚོད་འཛིན་སེལ་བ། གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་ལེགས་སུ་གཏོང་བ་བཅས་ཀྱི་འགག་རྩའི་དུས་མཚམས་ཤིག་ཀྱང་ཡིན་པས། “ཕྱུག་པོ་བྱེད་བསམས་ན་སྔོན་ལ་ལམ་བཟོ་དགོས་པ”ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་ཐུན་མོང་གི་བསམ་འདུན་ཞིག་རེད། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་བོད་ལ《བོད་རང་སྐྱོང་ལྗོངས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཕེལ་རྒྱས་འཆར་འགོད》ལག་ལེན་བསྟར་བར་མུ་མཐུད་རྒྱབ་སྐྱོར་དང་མཛུབ་ཁྲིད་བྱས་ནས། བོད་ཀྱི་འཇུར་མིག་ཚོད་འཛིན་གང་མགྱོགས་སེལ་བ་དང་། འཕེལ་རྒྱས་ཀྱི་ཞན་ཆ་གསབ་པ། འགྲིམ་འགྲུལ་གྱི་རྨང་གཞི་བརྟན་དུ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་བྱེད་པ། འབྱོར་འབྲིང་གོམ་སྟབས་ཀྱི་རྗེས་སུ་སྙེག་པ་བཅས་ཀྱི་ཐད་རོགས་རམ་གནང་རོགས་ཞུ་རྒྱུ་ཡིན་ཞེས་གསུངས།

    དབྱང་ཁྲོན་ཐང་དང་ལི་ཞའོ་ཕུང་རྣམ་གཉིས་ཀྱིས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐའ་གཅིག་ཏུ་བསྟར་ནས་རྒྱབ་སྐྱོར་བྱེད་ཤུགས་སྔར་རྒྱུན་བཞིན་ཆེ་རུ་བཏང་སྟེ། བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག“ལོ་ལྔ་ཚན་བཅུ་གསུམ་པའི”རིང་འཕེལ་རྒྱས་གསར་པ་སྔར་བས་ཆེ་བ་ཡོང་རྒྱུར་སྐུལ་མ་གཏོང་རོགས་བྱ་རྒྱུ་ཡིན་ལ། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་ཀྱི་འཆར་གཞི་ཐུན་མོང་ཐོག་དོན་འཁྱོལ་ཡག་པོ་བྱས་ནས། བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཚན་རིག་དང་མཐུན་པའི་ངང་གོང་འཕེལ་ཡོང་བར་སྔར་བས་སྐུལ་མ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག་དམ་འཛིན་ཡག་པོ་བྱེད་པ་དང་། རྣམ་གྲངས་གལ་ཆེན་གྱི་ལོ་གསུམ་རེའི་རིམ་འདེད་འཆར་གཞིའི་སྲིད་ཇུས་ཕྱོགས་ཡོངས་ནས་ཡག་པོ་སྤྱོད་པ། ལས་འགོ་ཚུགས་ཟིན་པའི་རྣམ་གྲངས་དུས་བཀག་ལྟར་འཛུགས་སྐྲུན་གྱི་ལས་འགན་ལེགས་སྒྲུབ་བྱེད་པ། འཆར་གཞིའི་ནང་གི་རྣམ་གྲངས་བདེ་བླག་ངང་ལས་འགོ་འཛུགས་པ་དང་ཆ་རྐྱེན་འཛོམས་པའི་རྣམ་གྲངས་གང་མགྱོགས་ལག་ལེན་བསྟར་རྒྱུར་སྐུལ་མ་གཏོང་བ། དེ་མིན་ཁ་ཚ་དགོས་གཏུགས་ཀྱི་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་སྒྲུབ་པ་བཅས་ཀྱིས་བོད་ཀྱི་དོན་དངོས་དང་འཚམ་པའི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་མ་ལག་ཅིག་ཧུར་ཐག་བསྐྲུན་དགོས། བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པར་བྱས་ནས་བོད་ནས་འགྲོ་འོང་བྱེད་པའི་བགྲོད་ལམ་དང་། ལྷ་ས་ལྟེ་བར་བྱས་ནས་ས་ཁུལ་དང་གྲོང་ཁྱེར་ཁག་ལ་སྣུར་སྲིང་བྱས་པའི་རྫོང་དང་ཤང་གི་གཞུང་ལམ་འགྲིམ་འགྲུལ་གྱི་དྲ་རྒྱ་དང་ཐོན་ཁུངས་འབེལ་བའི་ས་ཁུལ་སོགས་ཀྱི་འགྲིམ་འགྲུལ་སྟབས་བདེ་ཡོང་བའི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས། རྒྱལ་ལམ་109ལམ་ཐིག་གི་གོར་མོ་ནས་ལྷ་ས་བར་གྱི་ལམ་དུམ་བུ་སོགས་ཀྱི་རྣམ་གྲངས་གལ་ཆེན་ལ་ཞིབ་འཇུག་ནན་ཏན་དང་རྒྱབ་སྐྱོར་ཧུར་ཐག་བྱེད་དགོས། བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་ཀྱི་གནད་དོན་ཆེན་པོར་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱས་ནས་བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་ཚན་རིག་དང་མཐུན་པའི་ངང་གོང་འཕེལ་ཡོང་བར་ཐུན་མོང་ཐོག་སྐུལ་མ་གཏོང་དགོས་ཞེས་གསུངས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།