མི་གང་དག་གནས་སྤོ་བྱ་རྒྱུ་ཡིན་ནམ།
《འཆར་གཞིའི》ནང་གནས་སྤོས་བྱེད་མི་གཙོ་བོ་ནི“གནས་དེར་འཚོ་མི་ཐུབ་པའི”ས་ཁུལ་དབུལ་སྐྱོར་གསར་སྤེལ་གྱི་ཡིག་ཚགས་དང་གཱ་བཟོས་པའི་ཆ་འཕྲིན་མ་ལག་ཐོག་ནས་ཞིབ་དཔྱད་ཐུབ་པའི་མི་འབོར་དབུལ་པོའི་མི་ཁྲི་981ཡིན་པ།
གནས་སྤོ་བྱེད་སའི་ས་ཁོངས་ཀྱི་ཁྱབ་ཁོངས་དེ་ཞིང་ཆེན་22ཀྱི་རྫོང་1400དང་འབྲེལ་བ་ཡོད་པ།
ས་ཆ་གང་དུ་གནས་སྤོ་བྱ་རྒྱུ་ཡིན་ནམ།
《འཆར་གཞིའི》ནང་། གཅིག་སྡུད་བཀོད་སྒྲིག་གཙོ་བོར་བཟུང་རྒྱུ་དང་གཅིག་སྡུད་བཀོད་སྒྲིག་དང་ཁ་ཐོར་བཀོད་སྒྲིག་ཕན་ཚུན་ཟུང་འབྲེལ་གྱི་བྱེད་ཐབས་སྤྱོད་དགོས་པ་བཏོན་ཡོད།
མི་འབོར་ཁྲོད་གནས་སྤོས་མི་འབོར་གྱིས་བཟུང་བའི་སྤྱིའི་གཞི་ཁྱོན་གྱི་བརྒྱ་ཆའི་བསྡུར་ཚད། ཁ་ཐོར་བཀོད་སྒྲིག་ཐད་23.6%བཟུང་རྒྱུ་དང་དེའི་ནང་གཅིག་སྡུད་བཀོད་སྒྲིག་ཐད་76.4%བཟུང་རྒྱུ།
ལྟེ་བའི་གྲོང་ཚོའམ་ཡང་ན་འགྲིམ་འགྲུལ་ཆ་རྐྱེན་ལེགས་ཙམ་གྱི་སྲིད་འཛིན་གྲོང་ཚོའི་ཉེ་འགྲམ་དུ་གཅིག་སྡུད་བཀོད་སྒྲིག་བྱེད་ཚད་39%བཟུང་རྒྱུ་དང་།
མཐའ་འཁོར་རྫོང་དང་ཤང་གྲོང་ངམ་ཡང་ན་སྲིད་འཛིན་གྲོང་ཚོའི་འཆར་འགོད་འཛུགས་སྐྲུན་གྱི་ཡུལ་མི་གནས་སྤོའི་གྲོང་ཚོ་གསར་པར་གཅིག་སྡུད་བཀོད་སྒྲིག་བྱེད་ཚད་15%བཟུང་རྒྱུ།
རྫོང་གྲོང་དང་གྲོང་རྡལ་ཆུང་ངུའམ་ཡང་ན་བཟོ་ལས་གླིང་གི་ཉེ་འགྲམ་དུ་བསྐྲུན་པའི་བཀོད་སྒྲིག་བྱ་ཡུལ་དུ་གཅིག་སྡུད་བཀོད་སྒྲིག་བྱེད་ཚད་37%བཟུང་རྒྱུ།
ཤང་གྲོང་གི་ཡུལ་སྐོར་ཁུལ་དུ་བཀོད་སྒྲིག་བྱེད་ཚད་5%བཟུང་རྒྱུ།
དེ་མིན་གྱི་གཅིག་སྡུད་བཀོད་སྒྲིག་བྱེད་ཐབས་ཀྱིས་4%བཟུང་རྒྱུ།
དངུལ་གང་ནས་གཏོང་རྒྱུ་ཡིན་ནམ།
《འཆར་འགོད》ནང་། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་981གི་ཡུལ་གཞན་དུ་གནས་སྤོས་བྱས་པའི་མ་དངུལ་གྲབས་གསོག་གི་ཡོང་ཁུངས་ཁ་གསལ་བཏོན་ཡོད།
ཀྲུང་དབྱང་སྔོན་རྩིས་ནང་ནས་དངུལ་སྒོར་དུང་ཕྱུར་800བཀོད་སྒྲིག་བྱ་རྒྱུ།
ཆེད་དོན་མཛུབ་སྟོན་ཐེབས་རྩའི་སྤྱིའི་གཞི་ཁྱོན་ནས་སྒོར་དུང་ཕྱུར་500བཀོད་སྒྲིག་བྱ་རྒྱུ།
ས་གནས་སྲིད་གཞུང་གི་བུ་ལོན་ནས་མ་དངུལ་སྒོར་དུང་ཕྱུར་1000བཀོད་སྒྲིག་བྱ་རྒྱུ།
མ་གནས་དམའ་བའི་ཡུན་རིང་དངུལ་བུན་གྱི་སྤྱིའི་གཞི་ཁྱོན་ནས་སྒོར་དུང་ཕྱུར་3400ལྷག་ཙམ་བཀོད་སྒྲིག་བྱ་རྒྱུ།
ཡིག་ཚགས་དང་གཱ་བཟོས་པའི་གནས་སྤོས་མི་འབོར་གྱིས་རང་གྲབས་སྒོར་དུང་ཕྱུར་300ཙམ་བྱ་རྒྱུ།
གནས་སྤོས་བྱས་རྗེས་ཇི་ལྟར་བྱས་ནས་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་ཡིན་ནམ།
《འཆར་འགོད》ནང་། གནས་སྤོས་བྱེད་མཁན་གནས་ཚུལ་དངོས་ལ་གཞིགས་ནས་ནོར་སྲིད་ཆེད་དོན་དབུལ་སྐྱོར་གྱི་མ་དངུལ་དང་འབྲེལ་ཡོད་ཞིང་འབྲེལ་མ་དངུལ་སྤྱི་འདོམས་བསྡུ་སྒྲིལ་བྱས་ཏེ་ཁྱད་ལྡན་ཞིང་འབྲོག་ལས་དང་། ངལ་ནུས་དཔལ་འབྱོར། དེང་རབས་ཞབས་ཞུའི་ལས་རིགས་སོགས་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་འབྲེལ་རྒྱུ་ནོར་ཕན་འབྲས་དབུལ་སྐྱོར་སོགས་ཀྱི་བྱེད་ཐབས་འཚོལ་ཞིབ་བྱས་ནས་མི་འབོར་དབུལ་པོ་ལས་ཞུགས་ཐུབ་རྒྱུ་འགན་ལེན་དང་བརྟན་པོའི་ངང་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་ཡིན་པ་བཏོན་ཡོད།