དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་མཁའ་ཟོན་ཚོགས་འདུ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛次仁   |     སྤེལ་དུས།  2016-10-17

    ཚེས་14ཉིན་བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་མཁའ་ཟོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”རིང་མི་དམངས་མཁའ་ཟོན་ལས་དོན་ལ་ཐོབ་པའི་གྲུབ་འབྲས་དང་ཉམས་མྱོང་ཕྱོགས་སྡོམ་བྱས་པ་དང་། དུས་བབ་གསར་པའི་འོག་གི་མི་དམངས་མཁའ་ཟོན་ལས་དོན་གྱི་ཁྱད་ཆོས་དང་ཆོས་ཉིད་སྟངས་འཛིན་བྱས་པ་དང་འབྲེལ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་མི་དམངས་མཁའ་ཟོན་ལས་དོན་གྱི་ལས་འགན་གཙོ་བོ་བཀོད་སྒྲིག་ཀྱང་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། བོད་དམག་ཁུལ་ཁང་གི་སི་ལིང་ཡོན་ཞུས་ཡུང་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཝུན་ཧན། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བསོད་ནམས་རིག་འཛིན་བཅས་ཚོགས་འདུར་ཕེབས་ཡོད་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཆི་མེད་རིག་འཛིན་གྱིས་སྔ་དྲོའི་འགོ་ཚུགས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། བོད་དམག་ཁུལ་ཁང་གི་སི་ལིང་ཡོན་གཞོན་པ་ཐུབ་བསྟན་འཕྲིན་ལས་ཀྱིས་ཕྱོགས་སྡོམ་གསུང་བཤད་གནང་བ་དང་། བོད་དམག་ཁུལ་ཁང་གི་ཚན་མོའུ་ཀྲང་གཞོན་པ་ངག་དབང་རྡོ་རྗེས་ཕྱི་དྲོའི་ཚང་འཛོམས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་གསུང་བཤད་གནང་སྐབས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་ཧྲུའུ་ཅི་ཝུའུ་དབྱིང་ཅེ་བཅས་ཀྱི་ཚབ་ཞུས་ཏེ་མི་དམངས་མཁའ་ཟོན་འཐབ་ཕྱོགས་ཐོག་དཀའ་ཚེགས་ཆེན་པོས་ལས་དོན་སྒྲུབ་མཁན་བློ་མཐུན་ཚོར་བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་མི་དམངས་མཁའ་ཟོན་ནི་རྒྱལ་སྲུང་གི་གྲུབ་ཆ་གལ་ཆེན་དང་། དམག་དོན་འཐབ་རྩོད་གྲ་སྒྲིག་གི་ཕྱོགས་གལ་ཆེན། དམངས་ཡོངས་རང་བཞིན་གྱི་འགོག་སྲུང་ལས་དོན་དང་རྒྱལ་ཕན་དམངས་ཕན་གྱི་སྤྱི་ཕན་བྱ་གཞག་བཅས་ཡིན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་རིམ་ཁག་འགོ་ཁྲིད་ལས་བྱེད་པ་ཚོས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། དམག་དམངས་མཉམ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་མཐོ་ཚད་ཐོག་ནས་མི་དམངས་མཁའ་ཟོན་ལས་དོན་ལ་ཤུགས་སྣོན་རྒྱག་པའི་དངོས་ཡོད་དོན་སྙིང་གལ་ཆེན་དང་ཁ་ཚ་དགོས་གཏུགས་ཀྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། མི་དམངས་མཁའ་ཟོན་ལས་དོན་ལ་ཚད་མཐོའི་མཐོང་ཆེན། མི་དམངས་མཁའ་ཟོན་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བཅས་བྱས་ཏེ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་མི་དམངས་མཁའ་ཟོན་བྱ་གཞག་གི་རྣམ་པ་གསར་པ་གཏོད་དགོས་ཞེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས“ལོ་ལྔ་ཚན་བཅུ་གསུམ་པ”ནི་རང་ལྗོངས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྒྱུའི་འགག་རྩའི་དུས་སྐབས་ཤིག་ཡིན་ལ། མི་དམངས་མཁའ་ཟོན་བྱ་གཞག་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུའི་འགག་རྩའི་གོ་སྐབས་ཀྱང་ཡིན། མི་དམངས་མཁའ་ཟོན་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་མི་དམངས་མཁའ་ཟོན་འཕེལ་རྒྱས་གཏོང་བའི་བྱེད་ཐབས་མགྱོགས་སུ་གཏོང་བ་དང་། དམག་དམངས་མཉམ་ལས་ཀྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་གཏིང་ཟབ། མི་དམངས་མཁའ་ཟོན་གྱི་རྩ་བའི་འོས་འགན་མཐའ་འཁྱོངས། མཁའ་ཐོག་འཇབ་རྒོལ་གྱི་ཉེན་ཁ་སྔོན་འགོག་དང་ཉུང་དུ་གཏོང་རྒྱུ་དང་རྒྱལ་ཁབ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་དེ་མི་དམངས་མཁའ་ཟོན་སྒྱུར་བཅོས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བྱེད་པ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ཁྲོད་མི་དམངས་མཁའ་ཟོན་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། མི་དམངས་མཁའ་ཟོན་ཐོན་ཁུངས་ཀྱི་སྤྱི་པའི་ཞབས་ཞུའི་ནུས་པ་འདོན་སྤེལ་བྱ་རྒྱུར་གཙིགས་ཆེན། མི་དམངས་མཁའ་ཟོན་སྡེ་ཚན་གྱི་འཕྲལ་སྡོམ་རོགས་སྐྱོབ་ཀྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱ་རྒྱུར་གཙིགས་ཆེན་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་རང་ལྗོངས་ཀྱི་མི་དམངས་མཁའ་ཟོན་བྱ་གཞག་འཕེལ་རྒྱས་ཆེན་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་མཉམ་ལས་ལས་དོན་གྱི་ལམ་སྲོལ་འཛུགས་པ་དང་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་རྣམ་པ་བཟང་པོ་དང་མི་དམངས་མཁའ་ཟོན་ལས་དོན་གྱི་མཉམ་ཤུགས་ཆེན་པོ་ཆགས་པ་བྱེད་དགོས་པ་དང་། སྒྲིག་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་དམག་སྲིད་གལ་ཆེ་མཉམ་དུ་འཇོག་པའི་འགོ་ཁྲིད་སྒྲིག་སྲོལ་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་འགན་འཁྲི་ཁ་གསལ་དང་ཕན་ཚུན་གཞོགས་འདེགས་བྱས་ཏེ་མི་དམངས་མཁའ་ཟོན་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ། མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཡོངས་ཀྱི་འདུ་ཤེས་འཛུགས་པ་དང་། ཁྲིམས་གཏན་གྱི་འགན་འཁྲི་ནན་ཏན་སྒྲུབ་པ། སྲིད་ཇུས་ཁྲིམས་སྲོལ་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་མི་དམངས་མཁའ་ཟོན་གྱི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ། དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ་དང་མི་དམངས་མཁའ་ཟོན་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་ངང་སྤེལ་བ། དམངས་ཡོངས་ཀྱི་རྒྱལ་སྲུང་འདུ་ཤེས་དང་། བདེ་འཇགས་ཀྱི་འདུ་ཤེས། མི་དམངས་མཁའ་ཟོན་གྱི་འདུ་ཤེས་བཅས་ལ་ཤུགས་སྣོན་རྒྱག་པ། བྱེད་ཐབས་མང་བ་དང་། ཐབས་ལམ་ཡངས་པ། བྱེད་ཐབས་གསར་གཏོད་བཅས་བྱེད་པ། མི་དམངས་མཁའ་ཟོན་གྱི་དྲིལ་བསྒྲགས་སློབ་གསོའི་འབོད་སྐུལ་ནུས་པ་དང་ཡིད་དབང་འགུག་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་མི་དམངས་མཁའ་ཟོན་འཛུགས་སྐྲུན་ལ་སྤྱི་ཚོགས་ཡོངས་ཀྱིས་དོ་ཁུར་དང་། རྒྱབ་སྐྱོར། ཞུགས་པ་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།