དབུ་ཤོག>སྲིད་དོན།
  • ཅང་ཅེ་རང་སྐྱོང་ལྗོངས་ཀྱི་རིག་གནས་དང་རིག་དངོས་ཚན་པའི་རིག་གནས་གསར་གཏོད་ཐོན་རྫས་གསར་སྤེལ་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཚོཌ་ཆུང་གི་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛次仁   |     སྤེལ་དུས།  2016-10-17

    ཚེས་13ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཀྱི་རིག་གནས་དང་རིག་དངོས་ཚན་པའི་རིག་གནས་གསར་གཏོད་ཐོན་རྫས་གསར་སྤེལ་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་། རང་སྐྱོང་ལྗོངས་རིག་གནས་དང་རིག་དངོས་ཚན་པའི་རིག་གནས་གསར་གཏོད་ཐོན་རྫས་གསར་སྤེལ་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཅང་ཅེ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཅང་ཅེས་རིག་གནས་གསར་གཏོད་ཐོན་རྫས་གསར་སྤེལ་བྱ་རྒྱུ་ནི་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་རྒྱུན་འཛིན་བྱེད་པ་དང་། རིག་གནས་དང་རིག་དངོས་ཐོན་ཁུངས་ཀྱི་རིན་ཐང་དང་ནང་དོན་སྔོག་འདོན་གཏིང་ཟབ་བྱེད་པའི་བྱ་ཐབས་གསར་པ་ཞིག་ཡིན་པས། ངེས་པར་དུ་རིག་གནས་དང་རིག་དངོས་ཚན་པའི་རིག་གནས་གསར་གཏོད་ཐོན་རྫས་གསར་སྤེལ་གྱི་ལས་དོན་ལ་དམ་འཛིན་ནན་པོ་བྱས་ཏེ་གྲུབ་འབྲས་ཐོབ་པ་བྱེད་དགོས། རིམ་ཁག་སྲིད་གཞུང་དང་རིག་དངོས་ཚན་པས་ཚད་ལྡན་གྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། ལམ་སྲོལ་འཛུགས་པ། རོགས་སྐྱོར་སྲིད་ཇུས་ཆ་ཚང་དུ་གཏོང་བ། མ་དངུལ་གྱི་འདེགས་སྐྱོར་དང་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བཅས་བྱས་ཏེ། ཁྲོམ་རའི་གཙོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རིག་གནས་གསར་གཏོད་གསར་སྤེལ་ཆེད་ཁྲོམ་རའི་ཁོར་ཡུག་བཟང་པོ་གཏོད་དགོས་པ་དང་། སྤྱི་ཚོགས་ཀྱི་ནུས་པ་རྒྱ་ཁྱབ་ངང་ཞིབ་འཇུག་དང་། ཐོན་སྐྱེད། གཉེར་སྐྱོང་སོགས་བྱེད་སྒོའི་ནང་ཞུགས་པར་སྟབས་བདེ་བསྐྲུན་དགོས་ཁར། སྤྱི་ཚོགས་ཀྱི་ཕན་འབྲས་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་འཇོག་པ་དང་རིག་གནས་ཐོན་ཁུངས་སྲུང་སྐྱོང་རྒྱུན་འཛིན་བྱ་རྒྱུ་སྔོན་འགྲོའི་ཆ་རྐྱེན་དུ་བྱས་ནས། སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་གཅིག་ཏུ་འདུས་པའི་རིག་གནས་གསར་གཏོད་ཀྱི་ཐོན་རྫས་ཁག་གཅིག་ཐོན་སྐྱེད་བྱས་ཏེ། རིག་གནས་རིག་དངོས་བྱ་གཞག་ཚན་པའི་སྤྱི་ཕན་ཞབས་ཞུའི་འགན་ནུས་ལེགས་པར་སྒྲུབ་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།