དབུ་ཤོག>སྲིད་དོན།
  • སྐབས་གསུམ་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་མཇུག་འགྲིལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2016-09-18

    ཟླ་9ཚེས་16ཉིན་གྱི་སྔ་དྲོ་སྐབས་གསུམ་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་མཇུག་འགྲིལ་མཛད་སྒོ་དང་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་ལ་གཅིག་སྡུད་ཐོག་གན་རྒྱ་འཇོག་པའི་མཛད་སྒོ་ལྷ་སར་འཚོགས་ཤིང་། སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ཀྱི་གན་འཇོག་རྣམ་གྲངས་146ཟིན་པར་གྲོས་མཐུན་གྱི་མ་དངུལ་སྒོར་དུང་ཕྱུར་1084.3བཏང་བས། ཚོང་འགུགས་རྣམ་གྲངས་ཀྱི་གྲོས་མཐུན་ལ་མ་དངུལ་གཏོང་ཚད་སྐབས་གོང་མ་ལས་43.3%འཕར་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་དང་བཟོ་ལས་དང་ཆ་འཕྲིན་ཅན་པུའི་ཏང་ཙུའི་ཁོངས་མི་དང་ཀྲུང་དབྱང་སྒྲིག་ཨུད་ཀྱིས་པུའུ་རུ་བཅའ་སྡོད་སྒྲིག་བཤེར་ཙུའུ་ཀྲང་ཅིན་ཧྲུའུ་པོ་ཕེབས་པ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་གིས་ཕྱོགས་སྡོམ་གནང་བ་དང་འབྲེལ་འགྲེམས་ཚོགས་མཇུག་འགྲིལ་བའི་ཁྱབ་བསྒྲགས་ཀྱང་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་ཅང་ཅེས་གཙོ་སྐྱོང་གནང་བ་རེད།

    ཏེང་ཞའོ་ཀང་གིས་སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ནི་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་གསར་པ་ཐུན་མོང་ཐོག་རྩོམ་པའི་འཕེལ་རིམ་ཁྲོད་ཀྱི་སྟོན་མོ་ཞིག་དང་།རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་པའི་དུས་མཚམས་གསར་པར་འཚོགས་པའི་སྟོན་མོ་ཞིག ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་འོག ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཧུར་ཐག་བྱེད་པའི་དུས་བབ་གསར་པའི་འོག་འཚོགས་པའི་སྟོན་མོ་ཤིག་བཅས་ཡིན་པས། རང་ལྗོངས་ཀྱི་ཡུལ་སྐོར་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། རང་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་དུ་སྒོ་མོ་དབྱེ་བ། རང་ལྗོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་ལ་སྐུལ་འདེད་ནུས་ལྡན་ཐེབས་ངེས་རེད་ཅེས་གསུངས་པ་རེད།

    ཏེང་ཞའོ་ཀང་གིས་བསྟན་དོན། སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ཐོག“མི་ཡུལ་གྱི་གནས་མཆོག མཁའ་དབྱིངས་ཀྱི་བོད་ལྗོངས”ཞེས་པའི་བརྗོད་བྱ་གཙོ་བོ་གང་ལེགས་མངོན་ནས་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཤུགས་དང་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ཀྱི་བརྗོད་བྱ་གཙོ་བོ་མངོན་གསལ་དོད་ལ་བཀྲག་མདངས་འཚེར་ས་མང་བ་དང་། གཞི་ཁྱོན་ཆེ་བ། ནང་དོན་ཕུན་སུམ་ཚོགས་པ། མ་འོངས་ལ་རྒྱང་ལྟ་བྱེད་པ། གདེང་འཇོག་བཟང་པོ་ཐོབ་པ། གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་བཅས་བྱུང་ནས་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་རེད། མིག་སྔ་བར། མི་རིགས་ཁག་གི་མང་ཚོགས་ཁྲི་3ཙམ་རིག་རྩལ་འགྲེམས་སྟོན་ནང་ཞུགས་པ་དང་། ཚོང་པ་དང་མི་རིགས་ཁག་གི་མང་ཚོགས་ཁྲི་20ལྷག་ཙམ་འགྲེམས་སྟོན་ནང་ཞུགས་པས། མང་ཚོགས་ཞུགས་ཚད་དང་སྤྱི་ཚོགས་ཕྱོགས་ཁག་ཞུགས་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་། སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ནང་རྒྱལ་ཁབ་15ཡི་སྲིད་དོན་མི་སྣ་དང་། ཀྲུང་གོར་བཅའ་སྡོད་གཞུང་ཚབ་པ། མ་རྩ་འཇོག་མཁན། ཡུལ་སྐོར་ཚོང་པ། རིགས་གཅིག་མཁས་ཅན་གྱི་འཐུས་མི་བཅས་དང་། རྒྱལ་ཁབ་ཀྱི་པུའུ་ཨུད་16གི་འབྲེལ་ཡོད་ཚན་པའི་འགོ་ཁྲིད་ཡོད་པ། ཞིང་ཆེན་དང་གྲོང་ཁྱེར་25ཡི་འཐུས་མི་ཚོགས་པ་སོགས་ཁྱོན་སྐུ་མགྲོན་1067ཕེབས་པས། སྐུ་མགྲོན་གྱི་ཚད་གཞི་མཐོ་ལ་གཞི་ཁྱོན་དེ་ལྟ་བུ་སྔར་བྱུང་མྱོང་མེད་པ་རེད། སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ཐོག་གླེང་སྟེགས་6བཙུགས་ནས་རྒྱལ་ཁབ་ཕྱི་ནང་གི་གྲགས་ཅན་རིགས་གཅིག་མཁས་ཅན་དང་མཁས་དབང་70གདན་དྲངས་ཏེ་གྲོས་བསྡུར་གཏིང་ཟབ་དང་སྤེལ་རེས་རྒྱ་ཁྱབ་བྱས་པས། བོད་ལྗོངས་ཀྱི་ཡུལ་སྐོར་དང་རིག་གནས་ཐོན་ལས་སྔར་བས་སྤུས་དག་དང་སྟོབས་ཆེར་གཏོང་བའི་མཐོང་རྒྱ་ཆེ་རུ་སོང་ནས་ཐོན་ལས་ཐེངས་གསུམ་མཉམ་འདྲེས་འཕེལ་རྒྱས་ཡོང་བའི་བསམ་ཕྱོགས་ཡངས་སུ་སོང་བ་དང་ས་ཁོངས་མཉམ་ལས་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་གཅིག་ཏུ་འགྲིལ་ཡོད། སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ནང་ཞུགས་མཁན་སྨྱན་སྦྱོར་ཚན་པ་64ཙམ་ཟིན་ཞིང་། རིམ་རྩིས་བྱས་ན། འབྲེལ་ཡོད་གནས་ཚུལ་ཐེངས་640ལྷག་ཙམ་གཏོང་སྤེལ་བྱས་པ་དང་ཨ་རི་དང་། ཨུ་རུ་སུ། དབྱིན་ཇི། རི་པིན་སོགས་རྒྱལ་ཁབ་ཀྱི་སྐད་གྲགས་ཆེ་བའི་ཕྱི་རྒྱལ་གྱི་རྒྱ་ཡིག་ཚགས་པར་12ཐོག་བོད་ལྗོངས་འགྲེམས་ཚོགས་ཀྱི་ཆེད་སྒྲིག་ལེ་ཚན་དང་ཆེད་གཏོང་གནས་ཚུལ་སྤེལ་ཞིང་། ད་ཆ་བོད་ལྗོངས་འགྲེམས་ཚོགས་འདི་ཉིད་བོད་ཀྱི“གདན་དྲངས་བ་དང་ཕྱིར་སྐྱོད་པ”དང་། བོད་ཀྱི་གཟུགས་བརྙན་གསར་པ་དང་གྲུབ་འབྲས་གསར་པ་ངོམས་སྟོན་བྱེད་པ། རྒྱལ་ཁབ་ཀྱི་སྤྱིའི་ཕྱི་འབྲེལ་ལས་དོན་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད། སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཅིང་། གན་འཇོག་རྣམ་གྲངས་ཀྱི་གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར་སྟོང་ལས་ཐོག་མར་བརྒལ་བ་དང་འགྲེམས་སྟོན་ཐོག་ཕྱིར་ཚོང་བྱེད་འབོར་སྒོར་ཁྲི་5000ཙམ་ཟིན་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་ཆེན་པོ་ཞིག་སྦྱིན་ཡོད། བོད་ལྗོངས་འགྲེམས་ཚོགས་འདི་ཉིད་རྒྱལ་སྤྱིར་ཤུགས་རྐྱེན་ལྡན་པ་དང་། རྒྱལ་ཡོངས་སུ་ཁྱབ་འགྱེད་ནུས་པ་ལྡན་པ། ས་ཁོངས་ཀྱི་སྐུལ་ཁྲིད་ནུས་པ་ལྡན་པ་བཅས་ཀྱི་འགྲེམས་སྟོན་རྩེ་གྲ་དང་། སྒོ་དབྱེ་མཉམ་ལས། དཔལ་འབྱོར་ཚོང་དོན་སྤེལ་རེས་བཅས་ཀྱི་ལས་སྟེགས་གསར་པ་ཞིག་ཏུ་གྱུར་བཞིན་ཡོད་ལ། གསར་གཏོད་འཕེལ་རྒྱས་ཀྱི་གཞི་རྟེན་གསར་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་སྣེ་འདྲེན་གསར་པ། ཚན་རིག་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་བཅས་སུ་གྱུར་བཞིན་ཡོད།

    གན་འཇོག་ཁེ་ལས་མཁས་ཅན་གྱི་འཐུས་མི་དང་། ཞིང་ཆེན་དང་གྲོང་ཁྱེར་17གྱི་བོད་སྐྱོར་གཞུང་དོན་ཁང་གི་འགོ་ཁྲིད། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་འགན་ཁུར་བ་བཅས་མི་400ལྷག་ཙམ་མཇུག་འགྲིལ་མཛད་སྒོར་ཞུགས་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།