དབུ་ཤོག>སྲིད་དོན།
  • ལྷ་ས་ནས་ལྷོ་ཁ་བར་གྱི་མགྱོགས་ལམ་བཟོ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-29

    ཚེས་26ཉིན་གྱི་སྔ་དྲོ་ལྷ་ས་ནས་ལྷོ་ཁ་བར་གྱི་མགྱོགས་ལམ་དངོས་སུ་བཟོ་འགོ་ཚུགས་པ་ལས། ལྷ་ས་དང་ལྷོ་ཁའི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཀྱི་གོམ་སྟབས་ཆེན་པོ་ཞིག་སྤོས་པ་མཚོན་གྱི་ཡོད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ལྷ་ས་ནས་ལྷོ་ཁ་བར་གྱི་མགྱོགས་ལམ་གྱི་ལས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷས་གསུང་བཤད་གནང་བ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་རྡོ་ཐོགས་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཝང་གཡུང་ཅུན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཙེང་དབན་མིང་བཅས་མཛད་སྒོར་ཞུགས་པ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཡིན་པའི་ཅང་ཅེས་ལས་འགོ་ཚུགས་པའི་མཛད་སྒོ་གཙོ་སྐྱོང་གནང་བ་རེད།

    ཆེ་དགྲ་ལྷས་ལྷ་ས་ནས་ལྷོ་ཁ་བར་གྱི་མགྱོགས་ལམ་བཟོ་བའི་རྣམ་གྲངས་ཀྱི་ལས་འགོ་ཚུགས་པ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཚུགས་ལོའི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་དོན་ཆེན་དང་བཀྲ་ཤིས་པའི་བྱ་བ་ཞིག་ཡིན་ཞེས་གསུངས་པ་རེད།

    ལྷ་ས་ནས་ལྷོ་ཁ་བར་གྱི་མགྱོགས་ལམ་བཟོ་རྒྱུ་ནི་ལྷ་ས་དང་ལྷོ་ཁའི“གཞི་གཅིག་ཅན་བཅུ”དང་ལྷག་པར་དུ་འགྲིམ་འགྲུལ་གཞི་གཅིག་ཅན་གྱི་རྨང་གཞིའི་ལས་གྲྭ་ཆེན་པོ་ཞིག་ཡིན་ལ།  ལྷ་ས་གྲོང་ཁྱེར་གྱིས་གཙོ་ཁྲིད་དང་ཁྲོམ་རར་ཕྱོགས་པའི་གཉེར་སྐྱོང་བྱེད་སྟངས་གསར་པའི་མཚོན་བྱེད་ཀྱི་ལས་གྲྭ་ཆེན་པོ་ཞིག་ཀྱང་ཡིན། དེའི་འགོ་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་བདེ་ཆེན་གྲོང་རྡལ་དང་ལྷ་ཉིང་རིམ་མཐོའི་གཞུང་ལམ་འབྲེལ་མཚམས་ནས་ཡིན་པར་ལྷ་ས་གྲོང་ཁྱེར་ནས་ལྷོ་ཁ་གྲོང་ཁྱེར་བར་གྱི་གནའ་ལམ་བར་འཁྱམས་སུ་འཁེལ་བའི་མདོག་གཞུང་ནང་དང་རྒོད་འཁར་ལ་ཕུག་ལམ་བརྒྱུད་སྨོན་ལམ་ནས་ལྷོར་ཕྱོགས་ཏེ་བསམ་ཡས་གྲོང་རྡལ་གྱི་བྱང་དུ་བཙུགས་པའི་བསམ་ཡས་ཞབས་ཞུ་ཁུལ་དང་གཅིག་ཏུ་སྦྲེལ་ནས་མཇུག་ད་ལྟ་བཟོ་བཞིན་པའི་གོང་དཀར་གནམ་ཐང་ནས་རྩེད་ཐང་བར་གྱི་ཆེད་སྤྱོད་གཞུང་ལམ་ལ་ཐུག་ཡོད། བསྡོམས་སྒོར་དུང་ཕྱུར་98འགྲོ་བཟོ་ཡོད་པའི་མགྱོགས་ལམ་ཧྲིལ་པོར་ཟམ་པ་11དང་། ཕུག་ལམ་1 ཞབས་ཞུའི་ཁུལ་1 ལམ་ཨ་མར་ཕན་ཚུན་ཤར་བགྲོད་བྱ་ཡུལ་2བཅས་ཡོད་པར་ཁྱོན་རིང་ཚད་སྤྱི་ལེ་47ཟིན་པ་དང་ཕྱོགས་གཉིས་ནས་རླངས་འཁོར་བཞི་འགྲོ་འོང་ཐུབ་པའི་རིམ་པ་དང་པོའི་གཞུང་ལམ་ལག་རྩལ་གྱི་ཚད་གཞི་ལྟར་བཟོ་རྒྱུ་ཡིན་པས་ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ་80བཏང་ཆོག་གི་ཡོད།

    ལྷ་ས་དང་ལྷོ་ཁ་གཞི་གཅིག་ཅན་འཕེལ་རྒྱས་ཀྱི་འཐབ་ཇུས་གསར་པ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ”དང་ཀྲུང་དབྱང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་དང་ལྗོངས་ཡོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་སྤྱི་ཡོངས་ལ་དམིགས་ཏེ་བཟོས་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་པ་མ་ཟད། རང་འགུལ་ངང“རྒྱུད་གཅིག་ལམ་གཅིག”འཐབ་ཇུས་དང་མཉམ་འདྲེས་ཡོང་བ་དང་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་འབྱེད་པའི་བགྲོད་ལམ་གལ་ཆེན་བསྐྲུན་པའི་བཀོད་སྒྲིག་གལ་ཆེན་ཞིག་དང་འཕེལ་རྒྱས་ཀྱི་འཇུར་མིག་མེད་པ་བཟོ་བ་དང་། ས་ཁོངས་སྤྱི་འདོམས་མཐུན་སྦྱོར་བྱེད་པ། བོད་ཀྱི་ལྟེ་བའི་དཔལ་འབྱོར་ཁུལ་གཏོད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།