དབུ་ཤོག>སྲིད་དོན།
  • ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་ཀྱིས་རྒྱུན་སྲིང་ལྷོད་མེད་ངང“སྤྱོད་ཚུལ་བཞི”ཡོ་བསྲང་བྱེད་དགོས་པའི་སྐོར་གྱི་བརྡ་ཐོ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-27

    ས་ཁུལ་ཁག་གི་གྲོང་ཨུད་དང་སྒྲིག་ཨུད་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་པུའུ་ཨུད་ཁག རང་སྐྱོང་ལྗོངས་ཨུ་ལྷན་དང་། གཞུང་དོན་ཁང་། ཐིང་། ཅུས་བཅས་ཏང་ཚོགས་ཆུང(ཏང་ཨུད)ཁག མི་དམངས་ཚོགས་སྤྱིའི་ཏང་ཚོགས་ཆུང་ཁག རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་མངགས་པའི་སྒྲིག་བཤེར་ཚོགས་ཆུང་ཁག་བཅས་ལ།

    2016ལོའི་ཞོ་སྟོན་དང་། ཟླ་མཆོད་དུས་ཆེན། རྒྱལ་སྟོན་བཅས་སླེབས་ཉེར་ཡོད་པའི་མཚམས་སུ་སྒྲིག་ཁྲིམས་ཀྱི་བླང་བྱ་ནན་པོར་གཞིགས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གྱི་གྲུབ་འབྲས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། “སྤྱོད་ཚུལ་བཞི”བསྐྱར་ཐོན་སྔོན་འགོག་བྱེད་པ་བཅས་བྱ་ཆེད། 2016ལོའི་ཞོ་སྟོན་དང་། ཟླ་མཆོད་དུས་ཆེན། རྒྱལ་སྟོན་བཅས་རིང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་རྒྱུན་སྲིང་ལྷོད་མེད་ངང“སྤྱོད་ཚུལ་བཞི”ཡོང་བསྲང་བྱེད་དགོས་པའི་འབྲེལ་ཡོད་ལས་ཀའི་བརྡ་ཐོ་གཤམ་གསལ།

    གཅིག བྱེད་པོའི་འགན་འཁྲིར་ཤུགས་སྣོན་བརྒྱབ་ནས་སྤྱོད་ཚུལ་འཛུཊ་སྐྱོང་བྱེད་ལེགས་སུ་གཏོང་དགོས།

    རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་ཕྲག་ཐོག་ཏུ་ཏན་ཏིག་འཁུར་བ་དང་། སྤྱོད་ཚུལ་འཛུགས་སྐྱོང་གི་ཡུན་རིང་རང་བཞིན་དང་དཀའ་ཚེགས་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ། བྱེད་ཕོད་པ་དང་འགན་འཁུར་ཕོད་པ་དང་བྱེད་མཁས་པ་དང་བྱས་རྗེས་འཇོག་མཁས་པའི་འགན་འཁྲི་འཁུར་བའི་སྙིང་སྟོབས་བཅས་ཀྱི་ཐོག་ནས་རྒྱུན་སྲིང་ལྷོད་མེད་ངང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི“སྲུང་བྱ་རྣམ་བཅུ”དང“བླང་བྱ་ཁག་དགུའི”ལས་དོན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་དགོས་པ་སྟེ། གཅིག་ནས་སྔ་ཙམ་ནས་བརྡ་གཏོང་བ་དང་དྲན་སྐུལ་བྱེད་དགོས་ཤིང་། སྔ་བར་ཕྱི་གསུམ་དུ“སློབ་གསོ་སྔོན་དུ་གཏོང་བ་དང་སྔོན་ནས་སྔོན་འགོག་བྱེད་པའི”རྩ་དོན་གཞིར་བཟུང་ཏང་ཡོན་ལས་བྱེད་པར་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་བ་དང་ཏང་ཡོན་ལས་བྱེད་པས་སྤྱོད་ཚུལ་འཛུགས་སྐྱོང་བྱེད་པའི་བླང་བྱ་ནང་སེམས་ལ་ཟུག་པ་དང་ཕྱིའི་བྱ་སྤྱོད་ཐོག་འཁྱོལ་རྒྱུར་སྣེ་ཁྲིད་བྱས་ཏེ་སྔ་བར་ཕྱི་གསུམ་དུ་ཚད་ལས་མི་འགལ་བ་དང་སྒྲིག་ཁྲིམས་ལས་མི་འགལ་བ་བྱེད་དགོས་པ་དང་། གཉིས་ནས་དམ་འཛིན་ནན་པོ་དང་དོ་དམ་ནན་པོ་བྱས་ནས་ཁུག་ཆ་མ་ལུས་པ་བྱེད་དགོས་ཤིང་། ས་ཁུལ་དེ་རང་དང་སྡེ་ཚན་དེ་རང་དུ་ལྷག་པའི་མངོན་གསལ་དོད་པའི་གནད་དོན་དང་ཉམས་ཞན་ལྷུ་ཚིགས་ལ་དམིགས་ནས་གང་དུ་གནད་དོན་མངོན་གསལ་དོད་པོ་ཡོད་ཚེ་དེར་སྒྱུར་བཅོས་བྱེད་དགོས་པ་དང་གང་དུ་ཞན་ཆ་ཡོད་ཚེ་དེ་གསབ་སྟེ། ལམ་ལུགས་འཛུགས་སྐྱོང་རྗེས་སུ་ལུས་ནས་གནད་དོན་ཐོན་རིགས་འབྲེལ་ཡོད་འགན་ནུས་སྡེ་ཚན་ལ་གནད་དོན་ཞིབ་འཇུག་བྱ་རྒྱུའི་སྐུལ་ལྕག་བྱས་ནས་སྲིད་ཇུས་ཀྱི་དབྱེ་མཚམས་གསལ་པོ་བཟོ་བ་དང་སློབ་གསོ་མ་བཏང་བར་ཆད་པ་གཅོད་རྒྱུ་སྔོན་འགོག་བྱེད་དགོས་པ་དང་། ལམ་ལུགས་ལག་བསྟར་བྱེད་ཤུགས་མི་འདང་བར་ཐ་ན་ཡ་མེད་སྒྲིག་འགལ་གྱི་བྱེད་སྤྱོད་ཐོན་ཕྱིན་ཐག་གཅོད་ནན་པོ་དང་ཐག་གཅོད་གང་མགྱོགས་མཐའ་གཅིག་ཏུ་བྱེད་དགོས་པ། གསུམ་ནས“སྤྱོད་ཚུལ་བཞིའི”ལྐོག་འགྱུར་དང་ངོ་བོ་འགྱུར་བའི་གནད་དོན་འཚོལ་ཞིབ་གང་ལེགས་བྱེད་དགོས་ཤིང་། གཙོ་གནད་དུས་ཚིགས་དང་རྒྱུན་གཏན་གྱི་ཞིབ་བཤེར་ཟུང་འབྲེལ་དང་། ཕྱོགས་བསྡུས་ཞིབ་བཤེར་དང་ཆེད་དོན་ཞིབ་བཤེར་ཟུང་འབྲེལ། འཕྲལ་རྒོལ་ཞིབ་བཤེར་དང་རྒྱུན་སྲོལ་ཞིབ་བཤེར་ཟུང་འབྲེལ། སྤྱིར་བཏང་ཞིབ་བཤེར་དང་ཚན་པའི་ནང་ཁུལ་དུ་ཞིབ་བཤེར་གཏིང་ཟབ་བྱ་རྒྱུ་ཟུང་འབྲེལ། གོང་རིམ་གྱི་ཞིབ་བཤེར་དང་ཕན་ཚུན་ཞིབ་བཤེར་ཟུང་འབྲེལ་བཅས་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་། རྩིས་བཤེར་གྱི་ལྟ་སྐུལ། ནོར་སྲིད་ཀྱི་ལྟ་སྐུལ། མང་ཚོགས་ཀྱི་ལྟ་སྐུལ་བཅས་ཀྱི་མཉམ་ཤུགས་འདོན་སྤེལ་གང་ལེགས་བྱས་ཏེ་ལྐོག་འགྱུར་དང་ངོ་བོ་འགྱུར་བའི“སྤྱོད་ཚུལ་བཞིའི”གནད་དོན་ཐོན་ས་མེད་པ་བཟོ་དགོས་པ་བཅས་རེད།

    གཉིས། སྒྲིག་ཁྲིམས་ཀྱི་བླང་བྱ་ནན་པོར་གཞིགས་ནས་སྒྲིག་ཁྲིམས་ཀྱི་དབང་ཆ་སྲུང་སྐྱོང་བྱེད་དགོས།

    སྒྲིག་ཁྲིམས་ཀྱི་བླང་བྱ་ནན་པོར་གཞིགས་ནས་སྒྲིག་ཁྲིམས་དང་སྒྲིག་སྲོལ་ལག་བསྟར་ཏན་ཏིག་བྱས་ནས་སྒྲིག་ཁྲིམས་ཀྱི“གློག་ཆེན”བརྟན་དུ་གཏོང་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱེད་པ་དང་། ཕུགས་བསམ་དད་སེམས་སློབ་གསོ་དང་ཏང་སྲོལ་ཏང་ཁྲིམས་སློབ་གསོ་གཏིང་ཟབ་སྤེལ་བ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི“འདུ་ཤེས་བཞི”ཟབ་ཏུ་འགྲོ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ། ཏང་ཡོན་ལས་བྱེད་པ་ཁག་གཅིག་གི་བསམ་བློའི་ངོས་འཛིན་གནས་ལ་མི་འཁེལ་བ་དང་འགན་འཁྲི་འཁུར་རྒྱུ་མི་འདང་བ་སོགས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་པ་བཅས་བྱས་ནས་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི“གཏན་འགོག་བཅུའི”བླང་བྱ་ཏན་ཏིག་སྲུང་དགོས་པ་སྟེ། “གཞུང་འཁོར་སྒེར་སྤྱོད་གཏན་འགོག་དང་། གཞུང་གྲོན་བཏང་ནས་ཡུལ་སྐོར་བྱ་རྒྱུ་གཏན་འགོག སྒྲིག་འགལ་ངང་གཞུང་དངུལ་སྤྱད་དེ་བཟའ་བཏུང་ལ་རོལ་རྒྱུ་གཏན་འགོག གཞུང་དངུལ་སྤྱད་དེ་དུས་ཆེན་གྱི་ལག་རྟགས་སྤྲོད་རྒྱུ་གཏན་འགོག གཞུང་དངུལ་སྤྱད་དེ་རོལ་རྩེད་ལ་རོལ་རྒྱུ་གཏན་འགོག གཞུང་དངུལ་སྤྱད་དེ་བཅར་འདྲི་དང་འཚམས་འདྲི་བྱ་རྒྱུ་གཏན་འགོག སྒྲིག་འགལ་ངང་ཕོགས་སྣོན་དང་ཁ་གསབ་སྤྲོད་རྒྱུ་གཏན་འགོག མནའ་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ་བྱེད་པར་བརྟེན་ནས་རྒྱུ་ནོར་བསྡུ་ལེན་བྱ་རྒྱུ་གཏན་འགོག དཔོན་གནས་རག་ཐབས་བྱེད་པ་དང་། དཔོན་གནས་བསྐོ་བ། དཔོན་གནས་རག་རྒྱུར་ཞུ་བ་འཐེན་པ་སོགས་གཏན་འགོག འབྲེལ་ཡོད་འགྲོ་གྲོན་ཁོངས་གཏོགས་ཚན་པའམ་ཡང་ན་ཁེ་ལས་སུ་བསྒྱུར་རྒྱུ་གཏན་འགོག”བཅས་རེད། ཏང་ཡོན་འགོ་ཁྲིད་ལས་བྱེད་པས《ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་རང་འདོམས་ཚད་གཞི》དང་། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》《ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་བདའ་འདེད་སྲོལ་ཡིག》 བཅས་ལག་བསྟར་དོན་འཁྱོལ་ནན་པོ་བྱས་ནས་རང་རྟོགས་ངང་སྤྱོད་གཙང་རང་འདོམས་ཐད་ཚད་གཞི་མཐོ་པོ་བརྩོན་གཉེར་དང་ཏང་ཁྲིམས་ནན་པོ་སྲུང་བའི་ཐད་སྒྲིག་འགལ་གྱི་དམར་ཐིག་ལས་མི་འགལ་བ་བྱས་ནས་སྒྲིག་ཁྲིམས་དང་སྒྲིག་ལམ་སྲུང་བའི་དཔེ་བཟང་བ་ཞིག་བྱེད་དགོས།

    གསུམ། འགན་འཁྲི་བདའ་འདེད་གཏོང་ཤུཊ་ཆེ་རུ་བཏང་ནས་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས།

    རིམ་ཁག་སྒྲིག་ཨུད(སྒྲིག་བཤེར་ཚོགས་ཆུང)ཀྱིས་ནུས་ཤུགས་ཡོད་རྒུས་རིམ་མཚུངས་ཏང་ཨུད(ཏང་ཙུའུ)ཀྱིས་དུས་ཆེན་རིང་མངོན་ཞིབ་ལྐོག་བཤེར་ལས་དོན་ལ་སྤྱི་འདོམས་བཀོད་སྒྲིག་བྱ་རྒྱུར་རམ་འདེགས་བྱས་ནས“གཏན་འགོག་བཅུ”ལ་དམིགས་པ་དང་། སྟོབས་ཤུགས་སྒྲིག་འཛུགས་ཧུར་ཐག་བྱེད་པ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཟིལ་གནོན་ཆེན་པོ་ཞིག་ཆགས་པ་བྱེད་དགོས། སྒྲིག་ཁྲིམས་ལག་བསྟར་བྱ་རྒྱུ་ཇི་ཙམ་གྱིས་ཕྱི་བ་ཡོད་ན་དེ་ཙམ་གྱིས་ལག་བསྟར་ནན་པོ་དང་ཐག་གཅོད་ནན་པོ་བྱས་ནས་ཡ་མེད་སྒྲིག་འགལ་གྱི་ཁུངས་སྣེ“དུས་དང་རྣམ་པ་ཀུན་ཏུ་ཞིབ་བཤེར་དང་། གོང་ཞུ། ཞིབ་དཔྱད”བཅས་ཀྱི་རྩ་དོན་གཞིར་བཟུང་གནས་ཚུལ་ཐོན་རིམ་བཞིན་ཐག་གཅོད་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང“སྤྱོད་ཚུལ་བཞི”ལས་འགལ་བའི་གནད་དོན་གྱི་འཕེལ་ཕྱོགས་གསར་པ་དང་གནས་ཚུལ་གསར་པར་དམིགས་ནས“ལྐོག་འགྱུར”དང“ངོ་འགྱུར”ལ་ཞིབ་བཤེར་ནན་པོ་བྱས་ཏེ་བསྐྱར་ཐོན་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་བདའ་འདེད་སྲོལ་ཡིག》དོན་འཁྱོལ་གཏིང་ཟབ་བྱེད་པ་དང་འགན་འཁྲི་རྩད་གཅོད་དང་འགན་འཁྲི་བདའ་འདེད་གཏོང་ཤུགས་ཆེ་རུ་བཏང་ནས“འགན་འཁྲི་གཉིས”ལག་ལེན་བསྟར་ཤུགས་ཆུང་བའི་དབང་གིས“སྤྱོད་ཚུལ་བཞིའི”གནད་དོན་མངོན་གསལ་དོད་དུ་གྱུར་རིགས་ལ“གྱོད་གཞི་གཅིག་ཐེངས་གཉིས་བཤེར་རྒྱུ”མཐའ་འཁྱོངས་བྱས་ཏེ་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་འགན་འཁྲི་མཐའ་གཅིག་ཏུ་རྩད་གཅོད་བྱེད་དགོས། བརྡ་ཁྱབ་གཏོང་བ་དང་དམར་རྗེན་དུ་འདོན་ཤུགས་ཆེ་རུ་གཏོང་བ་དང་བརྡ་ཁྱབ་བཏང་ནས་དམར་རྗེན་དུ་བཏོན་པའི་རྒྱུན་རྣམ་ཅན་ལ་སྐུལ་འདེད་བཏང་སྟེ། 2016ལོའི་རྗེས་སུ་མུ་མཐུད་ཡ་མེད་སྒྲིག་འགལ་དབང་གིས་ཆད་པ་ཕོག་མཁན་ལ་རྩ་དོན་ཐོག་ནས་མིང་ངོ་མ་བཏོན་ནས་བརྡ་ཁྱབ་གཏོང་བ་དང་དམར་རྗེན་དུ་འདོན་དགོས།

    ཀྲུང་གུང་བོད་རང་སྐྱོང་ལྗོངས་སྒྲིག་ཨུད།

    2016ལོའི་ཟླ་8ཚེས་25ཉིན།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།