དབུ་ཤོག>སྲིད་དོན།
  • རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་སྐབས་གསུམ་པའི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་སྒོའི་ལས་དོན་མཐུན་སྦྱོར་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-08

    ཟླ་8ཚེས་5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་སྐབས་གསུམ་པའི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་སྒོའི་ལས་དོན་མཐུན་སྦྱོར་ཚོགས་འདུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་། ལྗོངས་དྲ་སྦྲེལ་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་བཅས་ཡིན་པའི་ཅང་ཅེ་ཚོགས་འདུར་ཕེབས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད།

    ཅང་ཅེས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་དྲ་སྦྲེལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཐོག དྲ་རྒྱའི་བདེ་འཇགས་ལ་སྲུང་སྐྱོང་བྱ་རྒྱུ་ནི་འདུ་ཤེས་འཛིན་སྟངས་ཐད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེན་ནང་གི་འགངས་ཆེན་ཏུ་བརྩིས་པ་དང་། ལྗོངས་ཏང་ཨུད་ཀྱིས་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ལས་དོན་སྔར་ནས་བཟུང་མཐོང་ཧ་ཅང་ཆེན་པོ་གནང་ནས་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་ཚུད་པའི་བྱེད་ཐབས་ནན་པོ་དང་ཐབས་ཤེས་གསར་པ་སྤྱད་དེ་རང་ལྗོངས་ཀྱི་དྲ་རྒྱའི་བདེ་འཇགས་ལ་སྲུང་སྐྱོང་ནུས་ལྡན་བྱས་ཡོད་ཅེས་གསུངས་པ་རེད།

    ཅང་ཅེས། རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་སྐབས་གསུམ་པར་གཞི་ཁྱོན་ཆེ་བ་དང་། ཚད་གཞི་མཐོ་བ། འབྲེལ་བ་ཡོད་སའི་སྡེ་ཚན་མང་བ། དུས་ཡུན་རིང་བ། ཁྱབ་ཁོངས་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན་པས། ལྗོངས་ཏང་ཨུད་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་གིས་སྣེ་ཁྲིད་དང་སྤྱི་ཡོངས་ལ་དམ་འཛིན་བྱས་ནས་ཇུས་འགོད་སྒྲིག་འཛུགས་དང་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་པའི་ཁར“གཏན་འབེབས་བྱ་སྤྱོད”དག་ལེགས་སྒྲུབ་དང“རང་འདེམས་བྱ་སྤྱོད”ཐད་གསར་གཏོད་བྱས་ཏེ་གཞི་ཁྱོན་སྔར་བས་ཆེ་བ་དང་། ཁྱབ་ཁོངས་སྔར་བས་མང་བ། ཚད་གཞི་སྔར་བས་མཐོ་བ་བཅས་ཀྱིས་དྲ་རྒྱའི་བདེ་འཇགས་འདུ་ཤེས་ཐད་ཀྱི་ཐུན་མོང་ངོས་འཛིན་རྒྱ་ཁྱབ་ངང་ཆགས་པར་བྱེད་དགོས། རང་ལྗོངས་ཀྱི་དྲ་སྦྲེལ་འཛུགས་སྐྲུན་ལ་དོ་དམ་བྱེད་པའི་ཐད་ཀྱི་ས་གནས་ཀྱི་ཁྲིམས་འཛུགས་ལས་དོན་ལ་སྔར་བས་སྐུལ་འདེད་བཏང་ནས་དྲ་རྒྱའི་བདེ་འཇགས་སྲུང་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུར་ཤུགས་སྣོན་དང་། དྲ་ཐོག་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་མཐའ་གཅིག་ཏུ་རྡུང་རྡེག དྲ་ཐོག་དྲིལ་བསྒྲགས་འཐབ་ས་གཏོད་པ། གཞུང་ཕྱོགས་དང་། དམངས་ཁྲོད། གཞུང་ཕྱོགས་དང་མང་ཚོགས་མཉམ་འདྲེས་ཀྱི་སྤྱོད་སྣེ“ཕྲ་མོ”འཛུགས་མགྱོགས་སུ་གཏོང་བ། གཙོ་ཁྲིད་སྨྱན་སྦྱོར་གྱིས་དྲ་རྒྱའི་རིག་གནས་ཀྱི་ཞབས་འདེགས་ཞུ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་དྲ་རྒྱའི་བར་མཐོངས་ཀུན་ཏུ་དྲང་ནུས་ཀྱིས་ཁེངས་པར་བྱེད་དགོས། དྲིལ་བསྒྲཌ་སྤེལ་གཏོང་ལ་ཇུས་འགོད་ཞིབ་ཚགས་བྱེད་དགོས་པ་སྟེ། དྲིལ་བསྒྲཌ་སྤེལ་གཏོང་གི་ནང་དོན་འདམ་སྒྲུག་ལ་ཤུགས་སྣོན་དང་། རང་འགུལ་སྒོས་གྲོས་དོན་འདོན་པ། དྲིལ་བསྒྲཌ་གཙོ་གནད་འབུར་དུ་ཐོན་པ། སྨྱན་སྦྱོར་གསར་པ་ཁག་གི་ལེགས་ཆ་འདོན་སྤེལ་བྱེད་པ། དྲ་རྒྱའི་ཐ་སྙད་སྤྱོད་པ་བཅས་བྱས་ནས་དྲ་རྒྱ་ལ་སྐད་ཆ་ཡག་པོ་ཤོད་དུ་བཅུག་པ་དང་དྲང་ནུས་མང་པོ་འདོན་དུ་བཅུག་སྟེ་དྲ་རྒྱའི་བར་མཐོངས་དྭངས་གཙང་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།