དབུ་ཤོག>སྲིད་དོན།
  • ཅང་ཅེས་རྒྱལ་ཁབ་ཆ་འཕྲིན་ལག་རྩལ་བདེ་འཇཊ་ཞིབ་འཇུག་ལྟེ་གནས་ཀྱི་བོད་སྐྱོད་རྟོག་ཞིབ་ཚོགས་པ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-01

    ཚེས་29ཉིན་གྱི་ཕྱི་དྲོར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཡིན་པའི་ཅང་ཅེས་ལྷ་སར་རྒྱལ་ཁབ་ཆ་འཕྲིན་ལག་རྩལ་བདེ་འཇགས་ཞིབ་འཇུག་ལྟེ་གནས་ཀྱི་ཧྲུའུ་ཅི་ཡུན་ཐིང་ཧུད་དང་བཅས་པའི་བོད་སྐྱོད་རྟོག་ཞིབ་ཚོགས་པ་དང་མཇལ་འཛོམས་གནང་བ་རེད།

    ཅང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཁྲེན་ཆོན་གོ་དང་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་བཅས་ཀྱི་ཚབ་ཞུས་ཏེ། རྒྱལ་ཁབ་ཆ་འཕྲིན་ལག་རྩལ་བདེ་འཇགས་ཞིབ་འཇུག་ལྟེ་གནས་ཀྱིས་དུས་ཡུན་རིང་པོར་བོད་ཀྱི་དྲ་རྒྱའི་བདེ་འཇགས་ལས་ཀར་རྒྱབ་སྐྱོར་ཆེན་པོ་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད།

    ཅང་ཅེས་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་ཀའི་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་དྲ་རྒྱའི་བདེ་འཇགས་ཞིབ་བཤེར་ལས་ཀར་མཐོང་ཆེན་བྱེད་ཀྱི་ཡོད་ལ། རྒྱལ་ཁབ་ཆ་འཕྲིན་ལག་རྩལ་བདེ་འཇགས་ཞིབ་འཇུག་ལྟེ་གནས་ནི་རྒྱལ་ཁབ་ཆ་འཕྲིན་བདེ་འཇགས་ལ་ཉེན་ཁ་ཡོད་མེད་ཚོད་སྐོར་བྱེད་པའི་ཆེད་ལས་དང་དབང་གྲགས་ལྡན་པའི་སྒྲིག་གཞི་ཞིག་ཡིན་པས། ལྟེ་གནས་དེས་སྔར་རྒྱུན་བཞིན་བོད་ཀྱི་དྲ་རྒྱའི་བདེ་འཇགས་ལས་ཀར་དོ་ཁུར་དང་རྒྱབ་སྐྱོར་གནང་སྟེ། རྩེར་སོན་གྱི་ལག་རྩལ་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་རང་ལྗོངས་སུ་དྲ་རྒྱའི་བདེ་འཇགས་ལ་ཉེན་ཁ་ཡོད་མེད་ཀྱི་དཔྱད་ཞིབ་ལས་ཀ་སྤེལ་ཏེ། རང་ལྗོངས་ཀྱི་དྲ་རྒྱའི་བདེ་འཇགས་གནས་བབ་ཤེས་རྟོགས་དང་སྔོན་བརྡའི་མ་ལག་སོགས་འཛུགས་རྒྱུར་རོགས་རམ་དང་། གནས་སྦྱར་དང་གསོ་སྦྱོང་སོགས་བྱས་ཏེ་རང་ལྗོངས་ཀྱི་ཆེད་ལས་ལག་རྩལ་པ་གསོ་སྐྱོང་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།

    ཡུན་ཐིང་ཧུད་ཀྱིས་ལས་འགན་དང་འགན་འཁྲི་ཁུར་ཏེ་རྒྱལ་ཁབ་ཆ་འཕྲིན་ལག་རྩལ་བདེ་འཇགས་ཞིབ་འཇུག་ལྟེ་གནས་ཀྱི་ལག་རྩལ་གྱི་ལེགས་ཆ་བཏོན་ནས། བོད་ཀྱི་དྲ་རྒྱའི་བདེ་འཇགས་ལས་ཀར་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།