དབུ་ཤོག>སྲིད་དོན།
  • དམངས་སྲིད་པུའི་བོད་སྐྱོད་ལས་དོན་ཚོགས་ཆུང་གིས་བོད་ཀྱི་དམངས་སྲིད་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2016-07-27

    ཚེས་21ཉིན་ནས་ཚེས་25ཉིན་བར་དམངས་སྲིད་པུའི་ཏང་ཙུའི་ཧྲུའུ་ཅི་པུའུ་ཀྲང་ལི་ལི་གོ་དང་དམངས་སྲིད་པུའི་པུའུ་ཀྲང་གཞོན་པ་ཀུང་ཕུའུ་ཀོང་གིས་སྣེ་ཁྲིད་གནང་བའི་དམངས་སྲིད་པུའི་བོད་སྐྱོད་ལས་དོན་ཚོགས་ཆུང་ལྷ་ས་གྲོང་ཁྱེར་དང་། མངའ་རིས་ས་ཁུལ། ཉིང་ཁྲི་གྲོང་ཁྱེར་བཅས་སུ་བསྐྱོད་ནས་དམངས་སྲིད་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བདེ་སྐྱིད་དང་རྡོ་རྗེ་ཚེ་སྒྲུབ་སོགས་ཀྱིས་ཕེབས་རོགས་ཞུས་ནས་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད།

    ཚེས་21ཉིན་ལི་ལི་གོ་དང་བློ་བཟང་རྒྱལ་མཚན་དང་བཅས་པ་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པའི་ཀྲུང་ཧྭའི་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པའི་ཐུམ་འབུའི་ནད་སྨན་བཅོས་ལྟེ་གནས་དང་བཅིངས་འགྲོལ་དམག་སྨན་ཁང་302ཀྱི་ལག་རྩལ་རོགས་སྐྱོབ་སྨན་ཁང་གི་ཡོལ་བ་ཕྱེ་བའི་མཛད་སྒོར་ཞུགས་པ་དང་འབྲེལ། གཤགས་བཅོས་བྱས་ཚར་བའི་ཐུམ་འབུའི་ནད་ཕོག་མཁན་ལ་གཟིགས་པ་རེད། 2015ལོ་ནས་བཟུང་། རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་ཀྲུང་ཧྭའི་དགེ་སྒྲུབ་ཚོགས་པ་དང་མཐུན་སྦྱོར་བྱས་ཏེ་ལོ་ལྟར་བོད་དུ་ཐུམ་འབུའི་ནད་ཕོག་མཁན་དབུལ་པོར་སྨན་བཅོས་བྱེད་པའི་བྱེད་སྒོ་སྤེལ་གྱི་ཡོད་པ་དང་། སྔ་རྗེས་སུ་བཅིངས་འགྲོལ་དམག་སྨན་ཁང་302དང་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་སྨན་ཁང་གི་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་གཞིས་རྩེ་གྲོང་ཁྱེར་གྱི་ས་དགའ་རྫོང་དང་ངམ་རིང་རྫོང་དུ་བསྐྱོད་དེ་ནད་པར་བརྟག་དཔྱད་དང་གཤགས་བཅོས་སྨན་བཅོས་ཀྱི་ལས་དོན་སྤེལ་བ་དང་འབྲེལ། བརྟག་དཔྱད་བྱས་པ་བརྒྱུད་ཐུམ་འབུའི་ནད་ཕོག་མཁན་2000ཙམ་ཡོད་པའི་ནང་ནས་ནད་པ་77ལ་གཤགས་བཅོས་སྨན་བཅོས་བྱས་པར་བརྟེན། རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བསྔགས་བརྗོད་ཟབ་མོ་ཐོབ་ཡོད། ལི་ལི་གོ་དང་བློ་བཟང་རྒྱལ་མཚན་གྱིས་ནད་པ་ཚོར་བྱམས་བརྩེའི་ངང་འཚམས་འདྲི་གནང་ནས་ཁོང་ཚོ་སྔ་ཙམ་དྲག་སྐྱེས་ཡོང་བའི་སྨོན་འདུན་ཞུས་པ་རེད།

    དམངས་སྲིད་པུའི་རོགས་སྐྱོར་ཤུགས་ཆེན་འོག་རང་ལྗོངས་ཀྱིས་བསྡུ་སྒྲིལ་དང་གྲབས་གསོག་བྱས་པའི་མ་དངུལ་སྒོར་དུང་ཕྱུར་30འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་དང་དྭ་ཕྲུག་གཅིག་སྡུད་འཚོ་སྐྱོང་གི“གཅིག་སྡུད་གཉིས་ཀྱི་གཅེས་སེམས་འདུ་འགོད”ལ་སྤྱད་པ་རེད། ལོ་གསུམ་རིང་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་གྱི་སྒྲིག་གཞི་80དང་དྭ་ཕྲུག་གཅིག་སྡུད་འཚོ་སྐྱོང་གི་སྒྲིག་གཞི་10འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་པ་དང་། ཞུགས་འདོད་པའི་འགན་ལེན་ལྔའི་མི་ཁྲི་1.4རྫོང་རིམ་པ་ཡན་དུ་གཅིག་སྡུད་བསྙེན་བཀུར་དང་དྭ་ཕྲུག་5652ས་ཁུལ་དང་གྲོང་ཁྱེར་རིམ་པ་ཡན་དུ་གཅིག་སྡུད་འཚོ་སྐྱོང་བྱས་པ་རེད། བོད་དུ་བཞུགས་རིང་དམངས་སྲིད་པུའི་བོད་སྐྱོད་ལས་དོན་ཚོགས་ཆུང་གིས་ལྷ་ས་གྲོང་ཁྱེར་དང་། མངའ་རིས་ས་ཁུལ། ཉིང་ཁྲི་གྲོང་ཁྱེར་བཅས་ཀྱི་བྱིས་པའི་ཕན་བདེ་ཁང་དང་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་ལྟེ་གནས་སུ་རྟོག་ཞིབ་གནང་ནས་རང་ལྗོངས་ཀྱིས་དམངས་འཚོ་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་རྒྱལ་ཡོངས་ཀྱི་སྔོན་དུ་སྤེལ་བའི་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་དང་དྭ་ཕྲུག་གཅིག་སྡུད་འཚོ་སྐྱོང་གི་ལས་དོན་ལ་གདེང་འཇོག་གང་ལེགས་གནང་བ་རེད།

    ལི་ལི་གོ་ཡིས་མངའ་རིས་ས་ཁུལ་གྱི་སྤུ་ཧྲེང་རྫོང་དང་། རྩྭ་མདའ་རྫོང་། རུ་ཐོག་རྫོང་བཅས་ཀྱི་དམངས་སྲིད་ལས་དོན་དང་ལྷ་སའི་ཀྲུང་དབྱང་རིམ་པའི་རྒུད་སྐྱོབ་དངོས་ཟོག་གྲ་སྒྲིག་མཛོད་ཁང་གི་གནས་ཚུལ་ལ་རྟོག་ཞིབ་གནང་བ་རེད།

    བོད་དུ་བཞུགས་རིང་། ལི་ལི་གོས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་རག་སྡིས། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་རྒན་གྲས་ལེགས་མཆོག་དང་པ་སངས་བཅས་ལ་གཟིགས་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།