དབུ་ཤོག>སྲིད་དོན།
  • རྒྱལ་ཡོངས་བསྡོམས་རྩིས་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་དོན་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-26

    305330_yis_1469420809021.jpg

    ཟླ་7ཚེས་23ཉིན་རྒྱལ་ཡོངས་བསྡོམས་རྩིས་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་ དོན་ཚོགས་འདུ་ཉིང་ཁྲིར་འཚོགས་ཤིང་། འདི་ནི་ཚོགས་འདུ་གྲོལ་རྗེས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་ པ་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ཅུས་ཀྲང་གཅིག་ལྕོགས་ཉིང་ཅི་ཀྲེ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་ རྒྱལ་མཚན་གྱིས་ཉིང་ཁྲི་གྲོང་ཁྱེར་བསྡོམས་རྩིས་ཅུས་ཀྱི་ལས་བཟོར་འཚམས་འདྲི་ གནང་བཞིན་པ།

    ཚེས་23ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་བསྡོམས་རྩིས་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་དོན་ཚོགས་འདུ་ཉིང་ཁྲིར་འཚོགས་པ་རེད།

    རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ཅུས་ཀྲང་གཅིག་ལྕོགས་ཉིང་ཅི་ཀྲེ་ཡིས་གསུང་བཤད་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཤིས་ཚིག་གསུངས་པ།

    ཟླ་7ཚེས་23ཉིན་རྒྱལ་ཡོངས་བསྡོམས་རྩིས་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཉིང་ཁྲིར་འཚོགས་ཤིང་། འདི་ནི་ཚོགས་འདུ་གྲོལ་རྗེས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ཅུས་ཀྲང་གཅིག་ལྕོགས་ཉིང་ཅི་ཀྲེ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཉིང་ཁྲི་གྲོང་ཁྱེར་བསྡོམས་རྩིས་ཅུས་ཀྱི་ལས་བཟོར་འཚམས་འདྲི་གནང་བཞིན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཅི་གོ་ཀང་ཚོགས་འདུར་ཕེབས་ཡོད་པ་རེད།

    ཉིང་ཅི་ཀྲེ་ཡིས་གསུང་བཤད་གནང་སྐབས། བསྡོམས་རྩིས་ཁོངས་གཏོགས་ཀྱིས་བོད་འདི་ཉིད་ལ་རྒྱལ་ཁབ་འཕེལ་རྒྱས་འཐབ་ཇུས་ཀྱི་ཁྱོན་ཡོངས་ཁྲོད་དམིགས་བསལ་གནས་བབ་དང་ནུས་པ་ལྡན་ཡོད་པ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ཁོང་དུ་གཏིང་ཟབ་ཆུད་པ་བྱེད་པ། བོད་སྐྱོར་ལས་དོན་སྐོར་གྱི་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། “བོད་ཀྱི་བྱ་བ་ནི་རྒྱལ་ཡོངས་ཀྱི་བྱ་བ་ཡིན་པ་དང་། བོད་ཀྱི་བསྡོམས་རྩིས་ཀྱི་བྱ་བ་ནི་རྒྱལ་ཡོངས་བསྡོམས་རྩིས་ཀྱི་བྱ་བ་ཡིན་པ”མཐའ་འཁྱོངས་བྱས་ནས་བསྡོམས་རྩིས་བོད་སྐྱོར་གྱི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་འབད་བརྩོན་ལྷོད་མེད་བྱས་ཏེ་བསྡོམས་རྩིས་བོད་སྐྱོར་གྱི་ལས་དོན་དེ་མཐོ་ཚད་གསར་པའི་ཐོག་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་ཤིས་ཚིག་གསུང་སྐབས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཁྲེན་ཆོན་གོ ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་བཅས་ཀྱི་ཚབ་ཞུས་ནས་དུས་ཡུན་རིང་པོ་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་བསྡོམས་རྩིས་ཅུས་དང་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་བསྡོམས་རྩིས་སྡེ་ཚན་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་གནང་ཞིང་། ཁོང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྔར་ནས་བཟུང་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཡོད། ཀྲུང་དབྱང་གིས་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་འཚོགས་ནས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་རྒྱབ་སྐྱོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་དང་དམིགས་བསལ་གྱི་བྱེད་ཐབས་རབ་དང་རིམ་པ་བཟོས་ཏེ་རྒྱལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བོད་ཀྱི་ལས་དོན་ལ་རོགས་སྐྱོར་དང་ནུས་ཤུགས་ཡོད་རྒུས་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་བཏང་ལུགས་བསྟན་གནང་ཡོད།

    བློ་བཟང་རྒྱལ་མཚན་གྱིས་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ལ་སྣང་ཆེན་དང་ཁྱོན་ཡོངས་ལ་ལྟ་རྟོག་བྱས་ནས་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་མ་དངུལ་དང་། ལག་རྩལ། ཤེས་ལྡན་མི་སྣ་སོགས་ཐད་བོད་ལ་བྱམས་བརྩེའི་ཐུགས་ཁུར་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་། བོད་ཀྱི་བསྡོམས་རྩིས་ལས་དོན་འཕེལ་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་སྟེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། བོད་ཀྱི་རིམ་ཁག་བསྡོམས་རྩིས་སྡེ་ཚན་གྱིས་བསྡོམས་རྩིས་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་བརྒྱབ་སྟེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འཐབ་ཇུས་ཁག་ལ་ཚན་རིག་དང་། དངོས་ཡོད། ཡང་དག་བཅས་ཀྱི་བསྡོམས་རྩིས་ཀྱི་རྨང་གཞི་མཁོ་འདོན་བྱེད་དགོས། བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་རྒྱལ་ཡོངས་ཀྱི་རོགས་སྐྱོར་དང་ཁ་འབྲལ་ཐབས་མེད་པས་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་རིག་སྟོབས་བོད་སྐྱོར་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ལས་བྱེད་དཔུང་ཁག་འཛུགས་སྐྱོང་སོགས་ཐད་རོགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུའི་རེ་བ་བཏོན་གནང་ཡོད། ང་ཚོས་ངེས་པར་དུ་ད་རེས་ཀྱི་ཚོགས་འདུ་དེ་གོ་སྐབས་སུ་བྱས་ནས་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་རྒྱུའི་ཐད་ཤུགས་སྣོན་བརྒྱབ་ཏེ་རྒྱལ་ཡོངས་ཀྱི་རོགས་སྐྱོར་དང་རང་ངོས་ཀྱི་དཀའ་སྤྱད་འབད་བརྩོན་ཟུང་འབྲེལ་དམ་ཟབ་བྱས་ནས་བསྡོམས་རྩིས་བྱ་གཞག་དེ་སྐས་རིམ་གསར་པའི་ཐོག་སླར་ཡང་སླེབས་རྒྱུར་སྐུལ་འདེད་བཏང་སྟེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་གྱི་དྲིན་གསོ་བ་དང་། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་བསྡོམས་རྩིས་ཁོངས་གཏོགས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་གྱི་དྲིན་གསོ་དགོས་ལུགས་བསྟན་གནང་ཡོད།

    ཚོགས་འདུའི་རིང་། ཉིང་ཅི་ཀྲེ་དང་བློ་བཟང་རྒྱལ་མཚན་ཉིང་ཁྲི་གྲོང་ཁྱེར་བསྡོམས་རྩིས་ཅུས་དང་། རྒྱལ་ཁབ་བསྡོམས་རྩིས་ཅུས་ཉིང་ཁྲི་བརྟག་དཔྱད་རུ་ཁག་ཏུ་ཕེབས་ཏེ་ལས་བྱེད་ལས་བཟོར་གཟིགས་པ་དང་འཚམས་འདྲི་གནང་བ་དང་འབྲེལ་ལྗོངས་ཡོངས་ཀྱི་བསྡོམས་རྩིས་འཐབ་ཕྱོགས་ཀྱི་ལས་དོན་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲིའང་གནང་བ་རེད།

    ལོ་བཅུའི་རིང་བསྡོམས་རྩིས་ཁོངས་གཏོགས་ཀྱིས་རང་ལྗོངས་ཀྱི་བསྡོམས་རྩིས་བརྟག་དཔྱད་སྒྲིག་གཞིར་ལས་བྱེད་པ་མི་ཐེངས་1600ལྷག་ཙམ་གསོ་སྦྱོང་དང་ཕྱོགས་གཉིས་ཀྱི་ལས་བྱེད་སྤེལ་རེས་མི་ཐེངས་100ལྷག་ཙམ་བྱས་པ་དང་། མ་དངུལ་སྣ་ཚོགས་སྒོར་ཁྲི་5650བཀོད་སྒྲིག་དང་གཞུང་ལས་ཁང་གི་སྒྲིག་ཆས་མང་དག་ཅིག་རོགས་སྐྱོར་བྱས་པ། ལམ་ལུགས་དང་བྱེད་ཐབས་ལ་མཐུན་སྦྱོར་སྐུལ་འདེད་བཏང་ནས་ཆ་འཕྲིན་ཅན་འཛུགས་སྐྲུན་དང་གྲངས་གཞི་ཐག་གཅོད་བྱ་རྒྱུར་མཛུབ་ཁྲིད་དང་སྦྲགས་དེའི་ནང་ཞུགས་ནས་དབྱེ་ཞིབ་དང་ཞིབ་འཇུག་གི་ནུས་པ་ལེགས་སུ་བཏང་ཡོད། བསྡོམས་རྩིས་བོད་སྐྱོར་གྱིས་བོད་ཀྱི་བསྡོམས་རྩིས་དཔུང་ཁག་འཛུགས་སྐྲུན་ཐད་ཤུགས་སྣོན་ནུས་ལྡན་བརྒྱབ་ནས་རྨང་གཞིའི་སྒྲིག་བཀོད་དང་ལས་ཀའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། ལམ་ལུགས་དང་བྱེད་ཐབས་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་། གྲངས་གཞིའི་སྤུས་ཚད་དང་བསྡོམས་རྩིས་ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ནས་བོད་ཀྱི་བསྡོམས་རྩིས་འཕེལ་རྒྱས་ས་ཚིགས་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་སླེབས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།