དབུ་ཤོག>སྲིད་དོན།
  • ​ ལོ་སྟོད་ཀྱི་དཔལ་འབྱོར་འཁོར་སྐྱོད་ཐད་དབྱེ་ཞིབ་བྱས་པ་དང་འབྲེལ་སྲིད་དོན་ཡོངས་བསྒྲགས་ལ་སྐུལ་འདེད་དང་རིག་དངོས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-23

    ཚེས་21ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་ལོ་སྟོད་ཀྱི་དཔལ་འབྱོར་འཁོར་སྐྱོད་ཐད་ཞིབ་འཇུག་དང་དབྱེ་ཞིབ་བྱས་པ་དང་འབྲེལ་སྲིད་དོན་ཡོངས་བསྒྲགས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་དང་རིག་དངོས་སྲུང་སྐྱོབ་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་རེད།

    ཚོགས་འདུའི་ཐོག་འདི་ལོ་ཚུན་རང་ལྗོངས་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་དཔལ་འབྱོར་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་སྟོན་བླང་བྱ་ཁག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་འགུལ་ངང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་འཚམ་ཐུབ་པ་དང་། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཐད་སྟངས་འཛིན་ཡང་དག “དམ་འཛིན་བྱེད་ས་དྲུག”མཐའ་འཁྱོངས་དང“བྱེད་ཐབས་དྲུག”ལ་ཤུགས་སྣོན། “མཐའ་ཚད་གསུམ”བརྟན་སྲུང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད། དཔལ་འབྱོར་འཁོར་སྐྱོད་མྱུར་ཚད་ལ་ཤུགས་སྣོན། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་མགྱོགས་མྱུར་བསྟར་བ་བཅས་བྱས་པར་བརྟེན་རང་ལྗོངས་ཀྱི་དཔལ་འབྱོར་ལེགས་ལ་མྱུར་བའི་འཕེལ་རྒྱས་ཀྱི་དུས་བབ་བཟང་པོ་མུ་མཐུད་རྒྱུན་འཁྱོངས་ཐུབ་པ་བྱུང་བའི་ཐོག་དུས་ཚོད་ཕྱེད་ཀ་བརྒལ་བ་དང་ལས་འགན་ཕྱེད་ཀ་བརྒལ་བའི་དམིགས་ཚད་རྩ་བའི་ཆ་ནས་མངོན་འགྱུར་ཐུབ་ཡོད། མཚོན་ཚུལ་གཙོ་བོ་ནི། དཔལ་འབྱོར་འཕར་ཚད་མགྱོགས་པ་དང་ལྗོངས་ཡོངས་ཀྱི་ཐོན་སྐྱེད་བསྡོམས་འབོར་10.6%འཕར་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་དང་། སྤྱི་ཚོགས་ཀྱི་འཛད་རྫས་བསིལ་འཚོང་བསྡོམས་འབོར། གྲོང་གསེབ་ཀྱི་གྲོང་མིའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོགས་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་མ་ཟད། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཡག་པོ་བཙུགས་ཐུབ་པ་བྱུང་བ། གཙོ་གནད་ལས་དོན་ལ་སྐུལ་མ་ཏན་ཏིག་ཐེབས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཁག་ཚགས་ཚུད་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་ཐུབ་པ་བྱུང་བའི་ཐོག་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་85.2དབུལ་སྐྱོར་འགག་སྒྲོལ་ཐད་བཏང་བ་དང་། ས་གནས་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་པའི་ལས་དོན་ཐད་མ་དངུལ་སྒོར་དུང་ཕྱུར་157.8བཏང་ནས་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་20ལྷག་ཙམ་ལེགས་གྲུབ་བྱུང་བ། གེགས་རྗེས་བསྐྱར་སྐྲུན་དང་གཙོ་གནད་ལས་གྲྭ་སོགས་རྣམ་གྲངས་ཁག་གཅིག་ལ་སྐུལ་མ་ཤུགས་ཆེན་ཐེབས་པ་དང་མ་འཇོག་ཐད་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་པ། དམངས་འཚོ་ལེགས་སུ་གཏོང་བ་དང་ཐོན་ལས་འཕེལ་རྒྱས་ཀྱི་དུས་བབ་བཟང་པོ་ཡོད་པ་དང་དམངས་འཚོའི“དོན་དངོས་བཅུ”དོན་འཁྱོལ་ཏན་ཏིག་བྱུང་བ་དང་སྤྱི་ཚོགས་འགན་སྲུང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། ཡུལ་སྐོར་ཐོན་ལས་དང་། འཐུམ་སྒྲིལ་འཐུང་ཆུ། བཟའ་བཅའ་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཁག་གཅིག་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་ཐོན་ལས་སྣེ་ཁྲིད་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་བ་དང་། གཏིང་ཤུགས་འདང་ངེས། གསོན་ཤུགས་ཆེ་བ་བཅས་ཀྱི་རྣམ་པ་ཐོན་པ། མ་འཇོག་འགན་ལེན་གྱི་བྱེད་ཐབས་འཐུས་ཚང་དང་། སྔོན་རྩིས་ལག་བསྟར་མགྱོགས་པ། དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་བ། ཀྲུང་དབྱང་སྲིད་གཞུང་གི་མ་དངུལ་གཏོང་ཚད་དེ་ལོ་འཁོར་གྱི་88%བཟུང་བ། སྣུམ་གློག་རླངས་དང་སྐྱེལ་འདྲེན་བཅས་ཀྱི་འདེགས་སྐྱོར་ནུས་པ་ཆེ་བ་བཅས་བྱུང་ཡོད་ཅེས་བསྟན་ཡོད།

    ཚོགས་འདུའི་ཐོག་ལོ་སྨད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས་ན། ཀྲུང་དབྱང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་སྲིད་གཞུང་ལས་དོན་གྱི་སྙན་སྒྲོན་ནང་གཏན་ལ་འཁེལ་བའི་དམིགས་ཚད་ལས་འགན་ཁག་ལ་དམ་པོར་དམིགས་ནས་བསམ་བློར་སྔར་བས་བཅིངས་འགྲོལ་གཏོང་བ་དང་། ཀྲུང་དབྱང་གི་གཟིགས་སྐྱོང་སྲིད་ཇུས་ཡག་པོ་སྤྱོད་པ། འགག་རྩའི་གནད་དོན་དམ་འཛིན། གཙོ་གནད་ཁྱབ་ཁོངས་མངོན་གསལ། ཞན་ཆའི་ལྷུ་ཚིགས་ལ་བསྡིགས་པ། ལྟ་སྐུལ་དོ་དམ་ཞབས་ཞུའི་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན། རྣམ་གྲངས་ཀྱི་སྣེ་ཁྲིད་ལ་དམ་པོར་དམིགས་པ། དབུལ་སྒྲོལ་འགག་སྒྲོལ་ལ་དམ་འཛིན། དམངས་འཚོའི་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་གཏོང་བ། དངུལ་རྩའི་ནོར་སྲིད་མ་དངུལ་ཡག་པོ་སྤྱོད་པ། ཐོན་ལས་ཆུ་ཚད་མཐོ་རུ་གཏོང་བ། མ་གནས་གཅོག་པ་དང་ཞན་ཆ་གསབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཁག་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག《སྲིད་དོན་ཡོངས་བསྒྲགས་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། ཚོགས་འདུའི་ཐོག་ཡོངས་བསྒྲགས་དང་ཁ་གསལ་ནི་ཁྲིམས་སྐྱོང་སྲིད་གཞུང་གི་རྩ་བའི་ཁྱད་ཆོས་ཡིན། ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཡོངས་བསྒྲགས་བྱ་རྒྱུ་དེ་རྒྱུན་རྣམ་ཅན་དང་ཡོངས་བསྒྲགས་མི་བྱེད་པ་དམིགས་བསལ་དུ་བྱས་ཏེ་འཐབ་ཇུས་ཡོངས་བསྒྲགས་དང་། ལག་བསྟར་ཡོངས་བསྒྲགས། དོ་དམ་ཡོངས་བསྒྲགས། ཞབས་ཞུ་ཡོངས་བསྒྲགས། གྲུབ་འབྲས་ཡོངས་བསྒྲགས་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། གཤམ་སྤྲོད་དང་དོ་དམ་ཟུང་འབྲེལ། ཞབས་ཞུ་སྒྱུར་བཅོས་ལེགས་གཏོང་བཅས་ལ་སྐུལ་འདེད་བཏང་ནས་ཁྲིམས་སྐྱོང་སྲིད་གཞུང་དང་། གསར་གཏོད་སྲིད་གཞུང་། སྤྱོད་གཙང་སྲིད་གཞུང་། ཞབས་ཞུ་རྣམ་པའི་སྲིད་གཞུང་བཅས་ནུས་ཤུགས་ཡོད་རྒུས་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག《རིག་དངོས་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། ཚོགས་འདུའི་ཐོག་རང་ལྗོངས་ནི་རིག་གནས་ལྗོངས་ཆེན་ཞིག་ཡིན་པ་དང་། རིག་དངོས་ཐོན་ཁུངས་ཕུན་སུམ་ཚོགས་ལ། རྨང་གཞི་བརྟན་པ་དང་། ཉམས་འགྱུར་ཁྱད་དུ་འཕགས་པ་བཅས་ཀྲུང་ཧྭ་མི་རིགས་ཀྱི་འོད་སྟོང་འཕྲོ་བའི་ཤེས་དཔལ་ཁྲོད་ཀྱི་མུ་ཏིག་ལྟ་བུ་ཞིག་ཡིན། རྨང་གཞི་བརྟན་དུ་གཏོང་བ་དང་། སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་འཛིན་ལ་ཤུགས་སྣོན་རྒྱག་པ། སྤྱོད་རྒྱ་ཆེ་རུ་གཏོང་བ། ནུས་པ་ཆེ་རུ་གཏོང་བ། ཁྲིམས་ལྟར་དོ་དམ་བཅས་བྱས་ཏེ་རིག་དངོས་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། རིག་དངོས་ལྗོངས་ཆེན་ནས་རིག་དངོས་སྟོབས་ཆེའི་ལྗོངས་བར་གྱི་མཆོང་སྐྱོད་གསར་པ་མངོན་འགྱུར་ཧུར་ཐག་ཡོང་བ་བྱས་ཏེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་བསྟན་ཡོད།

    ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་ལ་ཞིབ་འཇུག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།