དབུ་ཤོག>སྲིད་དོན།
  • ཅང་ཅེ་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་ཆེད་དོན་ཚོགས་འདུར་ཕེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-15

    ཚེས་11ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་ཆེད་དོན་ཚོགས་འདུ་འཚོགས་ཏེ་2016ལོའི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་ལས་དོན་བཀོད་སྒྲིག་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཡིན་པའི་ཅང་ཅེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཅང་ཅེ་ཡི“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་རིགས་པའི་གཞུང་ལུགས་དེ་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་ལག་ལེན་དང་ཟུང་འབྲེལ་བྱེད་པ་དང་། གྲོང་ཚོར་བཅའ་སྡོད་ལས་དོན་དེ“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་དང་། སྦྱོང་བརྡར་སྤྲོད་ཡུལ་དུ་བརྩི་དགོས། དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་གྱི་ལེགས་ཆ་དང་ཟུང་འབྲེལ་གྱིས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་དྲིལ་བསྒྲགས་ལས་དོན་ལ་དམ་འཛིན་ཏན་ཏིག་དང་དམ་འཛིན་ཡག་པོ་བྱེད་པ་དང་། ལས་ཀའི་ཆ་འཕྲིན་བཤུ་སྐྱེལ་དང་དུས་ཐོག་གོང་ཞུའི་ལས་དོན་གྱི་ཕན་འབྲས་ཆེ་རུ་གཏོང་བ། འཐབ་ཕྱོགས་དང་པོའི་ལེགས་ཆར་མུ་མཐུད་བརྟེན་པ་དང་རྩ་བ་འཛུགས་པ། བརྗོད་དོན་གཙོ་བོ་བཀོད་སྒྲིག་དང་ཁུངས་སྣེ་བཙལ་འཚོལ་ཟབ་མོ་བྱེད་པ། གྲོང་ཚོར་བཅའ་སྡོད་ལས་དོན་སྤེལ་ཚུལ་མུ་མཐུད་དྲིལ་བསྒྲགས་ཡག་པོ་བྱེད་པ་བཅས་ཀྱི་ཐོག་ནས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་དང་གྲོང་ཚོར་བཅའ་སྡོད་ལས་དོན་ཡག་པོ་སྤེལ་རྒྱུར་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།