དབུ་ཤོག>སྲིད་དོན།
  • བོད་ལྗོངས་འགྲེམས་ཚོགས་ཟླ་9ཚེས་10ནས་ཚེས་16ཉིན་བར་ལྷ་སར་འཚོག་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-13

    སྐབས་གསུམ་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས་འདི་ལོའི་ཟླ་9ཚེས་10ནས་ཚེས་16ཉིན་བར་ལྷ་སར་འཚོག་རྒྱུའི་གཏན་འཁེལ་བ་རེད། ཟླ་7ཚེས་11ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། སྐབས་གསུམ་པའི་བོད་ལྗོངས་འགྲེམས་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་སྐབས་གསུམ་པའི་བོད་ལྗོངས་འགྲེམས་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཚང་འཛོམས་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་བ་དང་། སྐབས་གསུམ་པའི་བོད་ལྗོངས་འགྲེམས་ཚོགས་གྱི་གྲ་སྒྲིག་ལས་དོན་ཁག་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ་མ་ཟད། སྐུལ་སློང་དང་བཀོད་སྒྲིག་ཀྱང་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། སྐབས་གསུམ་པའི་བོད་ལྗོངས་འགྲེམས་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ཏེང་ཞའོ་ཀང་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི། ངེས་པར་དུ་ཀྲུང་དབྱང་གི་བོད་སྐྱོང་མཛད་ཇུས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་ཀྲུང་དབྱང་གིས་བོད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་མཛད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་དང་བོད་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་དང་རྣམ་པ་གསར་པ་དྲིལ་བསྒྲགས་བྱེད་པ་དང་ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་ཀྱིས་བོད་ལ་བཅངས་པའི་ཐུགས་ཁུར་དང་། རྒྱབ་སྐྱོར། རོགས་རམ་བཅས་ཇི་མ་ཇི་བཞིན་དང་རྒྱུན་ཆད་མེད་པར་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་བརྒྱུད་བསྒྲགས་བྱེད་པ་དང་བོད་ཀྱི་འཕེལ་རྒྱས་དང་ཡར་རྒྱས་རྒྱལ་ཡོངས་མི་དམངས་ལ་བརྒྱུད་བསྒྲགས་བྱས་ཏེ་མི་རིགས་ཁག་གི་མི་དམངས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཡང་དག་གི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་པའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་དགོས།

    བོད་ལ་ད་ཆའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་ལྟ་བུ་ཐོབ་པ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཡང་དག་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་པས་རེད། མི་རིགས་ཁག་གི་མང་ཚོགས་ཁྲོད་དྲིན་ཚོར་གྱི་སློབ་གསོ་ཤུགས་ཆེན་སྤེལ་ནས་མི་རིགས་ཁག་གི་མང་ཚོགས་སྣེ་འཁྲིད་ཀྱིས་ཏང་གི་བཀའ་དྲིན་དང་། རྒྱལ་ཁབ་ཀྱི་བཀའ་དྲིན། སྤྱི་ཚོགས་རིང་ལུགས་ཀྱི་བཀའ་དྲིན། བོད་ཀྱི་འཕེལ་རྒྱས་དང་འཛུགས་སྐྲུན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་མི་རྣམས་ཀྱི་བཀའ་དྲིན་བཅས་དྲན་པ་བྱེད་དགོས། ཁ་ཕྲལ་ལ་ངོ་རྒོལ་དང་སིམ་འཛུལ་ལ་ངོ་རྒོལ་བྱེད་པའི་སློབ་གསོ་དེ་ཆེས་གལ་ཆེའི་ལས་དོན་ལ་བརྩིས་ནས་ཏང་གི་མི་རིགས་དང་ཆོས་ལུགས་སྲིད་ཇུས་དྲིལ་བསྒྲགས་གཏིང་ཟབ་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་མེས་རྒྱལ་ཁ་ཕྲལ་གཏོང་བའི་ངོ་བོ་དང་འདུལ་ཁྲིམས་དང་བསྟན་དོན་གཏོར་བཤིག་གཏོང་བའི་སྡིག་ཉེས་ལ་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཡིན་མིན་གསལ་འབྱེད་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། རྒྱུན་སྲིང་ལྷོད་མེད་ངང་མར་ཁེ་སི་རིང་ལུགས་ཀྱི་མེས་རྒྱལ་གྱི་ལྟ་བ་དང་མི་རིགས་ཀྱི་ལྟ་བ་དྲིལ་བསྒྲགས་དང་སློབ་གསོ་ཤུགས་ཆེན་སྤེལ་ནས་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱེད་པའི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་བཏང་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ཐུན་མོང་ངོས་འཛིན་གཅིག་སྒྲིལ་ཐུབ་པ་བྱེད་དགོས།

    མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་ནི་མི་རིགས་མཐུན་སྒྲིལ་ཡག་པོ་བྱེད་དགོས་པ་དང་གོ་ཆོད་ཤོས་ནི་མི་སེམས་ཐོབ་ཐབས་བྱེད་པ་དེ་ཡིན། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བའི་འགག་རྩ་ནི་དྲིལ་བསྒྲགས་སློབ་གསོ་དེ་མི་རྣམས་ཀྱི་བསམ་བློ་ཀུན་སྤྱོད་དང་བརྩེ་སེམས་ཀྱི་མཐུན་འཚམ་འཚོལ་ཞིབ་ཡང་དག་དང་། མི་རིགས་བརྩེ་སེམས་ཀྱི་མཉམ་སྐྱེས་ཁུལ་དང་མང་ཚོགས་ཁེ་ཕན་གྱི་འབྲེལ་མཐུད་བྱ་གཞི་འཚོལ་ཞིབ་ཡང་དག་བྱེད་དགོས་པ་དེ་ཡིན་། དྲིལ་བསྒྲགས་སློབ་གསོ་གཏོང་ཐབས་གསར་གཏོད་ཀྱིས་གསོན་ཉམས་ལྡན་པའི་གཏམ་རྒྱུད་བརྗོད་པ་དང་མི་སེར་དཀྱུས་མའི་གཏམ་རྒྱུད་བརྗོད་པ་བརྒྱུད་རིམ་པ་བཞིན་མི་གཞན་སྣེ་འཁྲིད་དང་སློབ་གསོ་གཏོང་དགོས། སློབ་གྲྭའི་སློབ་གསོའི་ནུས་པ་འདོན་སྤེལ་བྱས་ཏེ་ཕྲུ་གུ་ནས་དམ་འཛིན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དེ་གཞོན་ནུ་ལོ་ཆུང་འཚར་ལོངས་ཡོང་བ་བྱེད་པའི་དུས་མཚམས་ཁག་ཏུ་ཁྱབ་པ་བྱེད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་དཔེ་མཚོན་གྱི་དཔེ་སྟོན་སྣེ་འཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་བོད་ལྗོངས་འདི་ཉིད་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་ཁུལ་དུ་བསྐྲུན་ཐོག་མི་རིགས་བསྐྱར་དར་སྔ་ཙམ་ཡོང་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།