དབུ་ཤོག>སྲིད་དོན།
  • ​ ཅང་ཅེས་ལྗོངས་ཐད་གཏོགས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་པའི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-05

    ཚེས་2ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཡིན་པའི་ཅང་ཅེས་ལྗོངས་ཐད་གཏོགས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་པའི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་པད་མ་རྣམ་རྒྱལ་ཚོགས་འདུར་ཞུགས་པ་རེད།

    ཅང་ཅེས་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི“བདུན་གཅིག”གི་གསུང་བཤད་གལ་ཆེན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་དང་། སློབ་སྦྱོང་། དྲིལ་བསྒྲགས་བཅས་གང་ལེགས་བྱས་ཏེ“འཐབ་ཕྱོགས་གཙོ་བོ་དང་། གཡུལ་ས་གཙོ་བོ། གཙོ་ཤུགས་དམག”བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། ལས་འགན་བློ་ལ་བརྟན་པོར་ངེས་ནས་འགན་འཁྲིར་ངོ་གནོང་མི་དགོས་པ་བྱེད་པ། སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ནུས་ཤུགས་ཡོད་རྒུ་འདོན་པ། གསུང་བཤད་གྱི་དགོངས་དོན་ལ་བརྟེན་ནས་ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ནང་སེམས་སུ་ཟུག་པ་དང་ཕྱི་ལག་ལེན་དུ་འཁྱོལ་བ་བཅས་བྱེད་དགོས་པ་དང་། སྒྲིག་འཛུགས་ཞིབ་ཚགས་དང་བཀོད་སྒྲིག་ཚགས་ཚུད་པོ་བྱས་ཏེ་དྲིལ་བསྒྲགས་འཆར་གཞི་བཟོ་བ་དང་རྣམ་པ་སྣ་ཚོགས་དང་ཐབས་ལམ་སྣ་ཚོགས་སྤྱད་དེ་སྨྱན་སྦྱོར་དུ་དྲིལ་བསྒྲགས་དང་། སྤྱི་ཚོགས་ལ་དྲིལ་བསྒྲགས། དྲ་ཐོག་ཏུ་དྲིལ་བསྒྲགས། དྲ་ཕྱིར་དྲིལ་བསྒྲགས། ནང་ཁུལ་དུ་དྲིལ་བསྒྲགས། ཕྱི་ཕྱོགས་སུ་དྲིལ་བསྒྲགས་བཅས་ལ་སྤྱི་འདོམས་ཀྱིས་དམ་འཛིན་ཡག་པོ་བྱེད་པ་དང་། པར་ངོས་གལ་ཆེན་དང་། དུས་མཚམས་གལ་ཆེན། འཕྲིན་ལམ་གཙོ་གནད་བཅས་སུ་ཆེད་དོན་ཆེད་སྒྲིག་བཟོས་ཏེ་ཕྱོགས་ཡོངས་དང་ལྟ་ཕྱོགས་མང་པོའི་ཐོག་ནས་དྲིལ་བསྒྲགས་བྱེད་དགོས་པ། དྲིལ་བསྒྲགས་ཐབས་ལམ་གསར་གཏོད་བྱས་ཏེ་རིམ་པ་ཁག་དང་རིགས་ཁག་གི་སྨྱན་སྦྱོར་གྱི་ཁྱད་ཆོས་དང་ལེགས་ཆ་འདོན་སྤེལ་བྱས་ནས་དྲིལ་བསྒྲགས་ཀྱི་མཉམ་ཤུགས་ཆགས་པ་བཅས་བྱས་ཏེ་གླེང་ཕྱོགས་ཀྱི་གཞི་ཁྱོན་ཆེན་པོ་ཞིག་མཉམ་དུ་གཏོད་དགོས་པ། སློབ་སྦྱོང་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་། དགོངས་དོན་གྱི་ངོ་བོ་ཁོང་དུ་ཆུད་པ། ཚན་རིག་དང་མཐུན་པའི་འགྲེལ་བཤད་རྒྱག་པ་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུར་རིགས་པའི་གཞུང་ལུགས་ཀྱིས་འདེགས་སྐྱོར་ནུས་ལྡན་བྱེད་པ་དང་། རིགས་པའི་གཞུང་ལུགས་སྒྲོག་འགྲེལ་ལ་ཤུགས་བརྒྱབ་སྟེ་ཁྱོན་ཡོངས་ལ་ཁྱབ་པར་བྱེད་པ། མང་ཚོགས་ཧུར་ཐག་ཞུགས་རྒྱུར་སྐུལ་སློང་བྱས་ཏེ་གཞི་རིམ་དང་མང་ཚོགས་ཁྲོད་སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་ཚ་རླབས་ཤིག་འཕྱུར་བ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི“བདུན་གཅིག”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་སྐབས་གླེང་ཕྱོགས་ཀྱི་རྣམ་པ་ཟབ་མོ་ཞིག་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

    པད་མ་རྣམ་རྒྱལ་དང་ལྗོངས་ཐད་གཏོགས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཁོངས་གཏོགས་ཀྱི་འཐུས་མིས་རང་ཉིད་ཀྱི་ལས་དོན་དང་བསམ་བློའི་དོན་དངོས་དང་ཟུང་འབྲེལ་གྱིས་སྤེལ་རེས་གཏམ་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།