དབུ་ཤོག>སྲིད་དོན།
  • 2015ལོའི་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཏང་ནང་ཁུལ་གྱི་བསྡོམས་རྩིས་སྤྱི་བསྒྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-04

    གཅིག  ཏང་ཡོན་དཔུང་ཁག་གི་གནས་ཚུལ།

    2015ལོའི་ལོ་མཇུག་བར་བོད་རང་སྐྱོང་ལྗོངས་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་སྤྱི་འབོར་ཁྲི་32.5ཟིན་པ་དེ་ལོ་གོང་མ་ལས་ཁྲི་1.9འཕར་ནས་འཕར་ཚད་6.1%ཟིན་ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་ཀྱི་ད་ཡོད་ཀྲུང་གོ་གུང་ཁྲན་ཏང་གི་གཞི་རིམ་རྩ་འཛུགས་ཁྲི་1.6ཟིན་པ་དེ་ལོ་གོང་མ་ལས་200ལྷག་ཙམ་འཕར་ནས་འཕར་ཚད་1.5%ཟིན་ཡོད། དེའི་ནང་གཞི་རིམ་ཏང་ཨུད་ཁྲི་0.1དང་། ཏང་སྤྱི་ཁྱབ་ཀྲི་པུའུ་500ལྷག་ཙམ་ཏང་ཀྲི་པུའུ་ཁྲི་1.4བཅས་ཡོད་པ་རེད།

    ཏང་ཡོན་གྱི་ཕོ་མོ་དང་། མི་རིགས། སློབ་རྒྱུས། བུད་མེད་ཏང་ཡོན་ཁྲི་9ལྷག་ཡོད་པ་དེས་ཏང་ཡོན་སྤྱི་འབོར་གྱི་27.7%ཟིན་པ་དང་ཟིན་པའི་སྡུར་ཚད་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་0.1མཐོ་རུ་སོང་ཡོད། གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་ཁྲི་26.4ཡོད་པ་དེས་ཏང་ཡོན་སྤྱི་འབོར་གྱི་81.3%ཟིན་ཡོད། མཐོ་རིམ་སློབ་འབྲིང་ཡན་གྱི་རིག་གནས་ཆུ་ཚད་ཡོད་པའི་ཏང་ཡོན་ཁྲི་14.3ཡོད་པ་དེས་ཏང་ཡོན་སྤྱི་འབོར་གྱི་44.0%ཟིན་པ་དང་ཟིན་པའི་སྡུར་ཚད་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་0.6མཐོ་རུ་སོང་ཡོད།

    ཏང་ཡོན་གྱི་ལོ་ཚོད། ལོ་35དང་དེ་མན་གྱི་ཏང་ཡོན་ཁྲི་15.2ཡོད་པ་དེས་ཏང་ཡོན་སྤྱི་འབོར་གྱི་47.0%ཟིན་པ་དང་། ལོ་36ནས་45བར་གྱི་ཏང་ཡོན་ཁྲི་7.7ཡོད་པ་དེས་ཏང་ཡོན་སྤྱི་འབོར་གྱི་23.5%ཟིན་པ། ལོ་46ནས་60བར་གྱི་ཏང་ཡོན་ཁྲི་5ལྷག་ཡོད་པ་དེས་ཏང་ཡོན་སྤྱི་འབོར་གྱི་15.3%ཟིན་པ། ལོ་61དང་དེ་ཡན་གྱི་ཏང་ཡོན་ཁྲི་2.9ཡོད་པ་དེས་ཏང་ཡོན་སྤྱི་འབོར་གྱི་8.8%ཟིན་པ་བཅས་རེད།

    ཏང་ཡོན་ཏང་ལ་ཞུགས་པའི་དུས་ཚོད། རྒྱལ་ཁབ་མ་བཙུགས་གོང་ཏང་ལ་ཞུགས་པ་8དང་། རྒྱལ་ཁབ་བཙུགས་རྗེས་ནས“རིག་གནས་གསར་བརྗེའི”གོང་བར་ཏང་ལ་ཞུགས་པ་ཁྲི་0.3 “རིག་གནས་གསར་བརྗེའི”རིང་ཏང་ལ་ཞུགས་པ་ཁྲི་1.7 “མི་བཞི་ཤོག་ཁག”རྡུལ་དུ་བརླགས་པ་ནས་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་གོང་ཏང་ལ་ཞུགས་པ་ཁྲི་0.9ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་ནས་ཏང་གི་ཚོགས་ཆེན་བཅུ་དྲུག་པའི་གོང་བར་ཏང་ལ་ཞུགས་པ་ཁྲི་8.7 ཏང་གི་ཚོགས་ཆེན་བཅུ་དྲུག་པའི་རྗེས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་གོང་བར་ཏང་ལ་ཞུགས་པ་ཁྲི་14ལྷག ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་ཏང་ལ་ཞུགས་པ་ཁྲི་6.9བཅས་ཡོད་པ་རེད།

    ཏང་ཡོན་གྱི་ལས་རིགས། ཞིང་འབྲོག་པ་ཁྲི་16.1 ལས་ཐོག་ལས་བཟོ་ཁྲི་13ལྷག་ཙམ་སློབ་མ་ཁྲི་0.3 ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ཁྲི་2.5 གཞན་དག་ཁྲི་0.6བཅས་ཡོད་པ་རེད།

    གཉིས།  ཏང་ཡོན་གོང་འཕེལ་བཏང་བའི་གནས་ཚུལ།

    སྤྱི་འབོར་ཚོད་འཛིན་དང་། གྲུབ་ཆ་ལེགས་སྒྱུར། སྤུས་ཚད་མཐོར་གཏོང་། ནུས་པ་འདོན་སྤེལ་བཅས་ཀྱི་སྤྱིའི་བླང་བྱ་ལྟར། ཏང་ཡོན་གྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོར་གཏོང་དང་གོང་འཕེལ་བཏང་ནས་ཏང་ཡོན་དཔུང་ཁག་གི་གཞི་ཁྱོན་འོས་འཚམ་རྒྱུན་འཁྱོངས་བྱས་ཤིང་། 2015ལོར་ལྗོངས་ཡོངས་སུ་ཁྱོན་ཏང་ཡོན་ཁྲི་1.8གོང་འཕེལ་བཏང་ཡོད་པ་རེད།

    ཏང་ཡོན་གྱི་ཕོ་མོ་དང་། མི་རིགས། ལོ་ཚད། ལོ་ན། སློབ་རྒྱུས་བཅས་གོང་འཕེལ་བཏང་ཞིང་། བུད་མེད་ཏང་ཡོན་ཁྲི་0.6གོང་འཕེལ་བཏང་བ་དེས་ཏང་ཡོན་གོང་འཕེལ་བཏང་བའི་སྤྱི་འབོར་གྱི་32.9%ཟིན་པ་དང་། གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་ཁྲི་1.5གོང་འཕེལ་བཏང་བ་དེས་ཏང་ཡོན་སྤྱི་འབོར་གྱི་84.5%ཟིན་པ། ལོ་35དང་དེའི་མན་གྱི་ཏང་ཡོན་ཁྲི་1.5གོང་འཕེལ་བཏང་བ་དེས་ཏང་ཡོན་གོང་འཕེལ་བཏང་བའི་སྤྱི་འབོར་གྱི་87.4%ཟིན་པ། མཐོ་རིམ་སློབ་འབྲིང་དང་དེ་ཡན་གྱི་སློབ་རྒྱུས་ལྡན་པའི་ཏང་ཡོན་ཁྲི་0.8གོང་འཕེལ་བཏང་བ་དེས་ཏང་ཡོན་གོང་འཕེལ་བཏང་བའི་སྤྱི་འབོར་གྱི་43.3%ཟིན་པ་བཅས་རེད།

    ཏང་ཡོན་གྱི་ལས་རིགས་གོང་འཕེལ་བཏང་ཞིང་། ཞིང་འབྲོག་པ་ཁྲི་1ལྷག་ཙམ་དང་། ལས་ཐོག་ལས་བཟོ་ཁྲི་0.6 གཞན་དག་300ལྷག་ཙམ་བཅས་རེད།

    ཐོན་སྐྱེད་དང་ལས་སྒྲུབ་འཐབ་ས་དང་པོ་དང་སྤྱི་ཚོགས་རིམ་གྲས་གསར་པའི་ནང་ཏང་ཡོན་གོང་འཕེལ་བཏང་ཞིང་། 2015ལོར་ལྗོངས་ཡོངས་ཀྱི་ཐོན་སྐྱེད་དང་ལས་སྒྲུབ་འཐབ་ས་དང་པོར་ཏང་ཡོན་ཁྲི་1.6གོང་འཕེལ་བཏང་བ་དེས་ཏང་ཡོན་གོང་འཕེལ་བཏང་བའི་སྤྱི་འབོར་གྱི་89.3%ཟིན་ཡོད་པ་རེད།

    གསུམ།  ཏང་ནང་ཁུལ་གྱི་གཟེངས་བསྟོད་གནས་ཚུལ།

    2015ལོར་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ཁྲི་0.1ལ་གཟེངས་བསྟོད་བྱས་པ་དང་། ཕུལ་བྱུང་གུང་ཁྲན་ཏང་ཡོན་ཁྲི་0.7ལ་གཟེངས་བསྟོད་བྱས་པ། ཕུལ་བྱུང་ཏང་དོན་ལས་དོན་པ་ཁྲི་0.2ལ་གཟེངས་བསྟོད་བྱས་པ་བཅས་རེད།

    བཞི།  ཏང་ལ་ཞུགས་རྒྱུའི་རེ་ཞུ་བྱས་ཚུལ།

    2015ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་ཏང་ལ་ཞུགས་རྒྱུའི་རེ་ཞུ་བྱེད་མཁན་ཁྲི་7.5ཡོད་པའི་ནང་ཏང་ཞུགས་ཧུར་བརྩོན་པ་ཁྲི་5.1ཡོད་པ་རེད།

    ལྔ།  ཏང་རྩ་འཛུགས་ཀྱི་གནས་ཚུལ།

    ཏང་གི་ས་གནས་ཨུ་ཡོན་ལྷན་ཁང་། ལྗོངས་ཡོངས་སུ་ཏང་གི་རིམ་ཁག་ས་གནས་ཨུ་ཡོན་ལྷན་ཁང་ཁྱོན་79ཡོད། དེའི་ནང་རང་སྐྱོང་ལྗོངས་ཏང་ཨུད་1དང་། གྲོང་ཨུད་4(མཆན། 2016ལོའི་ཟླ་5པར་སླར་ཡང་ཀྲུང་གུང་ལྷོ་ཁ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་བཙུགས་པ) རྫོང(ཆུས)ཏང་ཨུད་74བཅས་ཡོད་པ་རེད།

    གྲོང་ཁྱེར་ཁྲོམ་གཞུང་དང་། ཤང་དང་གྲོང་རྡལ། སྡེ་ཁུལ(ཡུལ་མི་ཨུ་ལྷན) སྒྲིག་ཚུད་གྲོང་ཚོའི་ཏང་རྩ་འཛུགས། ལྗོངས་ཡོངས་ཀྱི་གྲོང་ཁྱེར་ཁྲོམ་གཞུང་12དང་། ཤང་དང་གྲོང་རྡལ་684 གྲོང་ཁྱེར་སྡེ་ཁུལ་53 གྲོང་ཚོ(ཡུལ་མི་ཨུ་ལྷན)5412བཅས་ཚང་མར་ཏང་རྩ་འཛུགས་བསྐྲུན་ནས་ཁྱབ་ཚད་100%ཟིན་ཡོད།

    ལས་ཁུངས་དང་བྱ་གཞག་ཚན་པའི་ཏང་རྩ་འཛུགས། ལྗོངས་ཡོངས་ཀྱི་ལས་ཁུངས་ཚན་པ་ཁྲི་0.4དང་བྱ་གཞག་ཚན་པ་ཁྲི་0.2ཚང་མར་ཏང་རྩ་འཛུགས་བསྐྲུན་ནས་ཁྱབ་ཚད་100%ཟིན་ཡོད་པ་རེད།

    ཁེ་ལས་ཀྱི་ཏང་རྩ་འཛུགས། ལྗོངས་ཡོངས་ཀྱི་སྤྱི་དབང་ལམ་ལུགས་ཀྱི་ཁེ་ལས་370ལྷག་གི་ནང་ནས་350ཡིས་ཏང་རྩ་འཛུགས་བསྐྲུན་ཟིན་པ་དེས་སྤྱི་དབང་ལམ་ལུགས་ཁེ་ལས་སྤྱི་འབོར་གྱི་94.4%ཟིན་ཡོདཔ་རེད།

    སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་རྩ་འཛུགས། ལྗོངས་ཡོངས་ཀྱི་སྤྱི་ཚོགས་རྩ་འཛུགས་610ལྷག་གི་ནང་ནས་600ལྷག་གིས་ཏང་རྩ་འཛུགས་བསྐྲུན་པ་དེས་སྤྱི་ཚོགས་རྩ་འཛུགས་སྤྱི་འབོར་གྱི་99.7%ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།