དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་མཚོ་བོད་ལྕགས་ལམ་སྐོར་བཅར་འདྲི་དང་ལེན་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-03

    མཚོ་བོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་ནས་ལོ་10འཁོར་བའི་སྐབས་འདིར་ཟླ་7ཚེས་1ཉིན་གྱི་ཉིང་དགུང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ལྷ་སར་མི་དམངས་ཉིན་རེའི་ཚགས་པར་དང་། ཤིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་སོགས་བོད་དུ་བཅའ་སྡོད་ཀྲུང་དབྱང་སྨྱན་སྦྱོར་དང་ལྗོངས་ནང་ཁུལ་གྱི་སྨྱན་སྦྱོར་གཙོ་བོའི་བཅར་འདྲི་དང་ལེན་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་དབུ་བརྙེས་ནས་ལོ་95འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་བའི་སྐབས་འདིར་ང་ཚོས་མཚོ་བོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་ནས་ལོ་10འཁོར་བར་བསུ་བ་ཞུས་ཡོད། མཚོ་བོད་ལྕགས་ལམ་བསྐྲུན་རྒྱུ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ནུབ་རྒྱུད་ཐོན་འབྱེད་ཆེ་མོ་དང་། ལྷོ་ནུབ་མཐའ་མཚམས་སྲ་བརྟན། མི་རིགས་ཁག་གི་མི་དམངས་ལ་ཕན་བདེ་སྐྲུན་པ་བཅས་བྱ་ཆེད་བཏོན་པའི་མཁས་མཛངས་ལྡན་པའི་ཐབས་ཇུས་ཤིག་རེད། ལྕགས་ལམ་འཛུགས་སྐྲུན་བྱེད་མཁན་མི་ཁྲི་13གྱིས་ཉིན་མཚན་1800ལྷག་ཙམ་རིང་སྙིང་རུས་ཆེ་བ་དང་དཔའ་ངར་ཞུམ་མེད་ཀྱིས“འཚོ་གནས་དཀའ་བའི་ཁུལ”དུ་འབད་འབུངས་བྱས་པ་བརྒྱུད་བོད་དུ་མེ་འཁོར་ཤར་གཏོང་མི་ཐུབ་པའི་ལོ་རྒྱུས་མཇུག་སྒྲིལ་ཡོད་ཅེས་བསྟན་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་མཚོ་བོད་ལྕགས་ལམ་2006ལོའི་ཟླ་7ཚེས་1ཉིན་སྐྲུན་ཟིན་ནས་དངོས་སུ་མེ་འཁོར་ཤར་གཏོང་ཐུབ་པ་ནས་བཟུང་ལྕགས་ལམ་ཅུས་དང་ས་གནས་ཕྱོགས་གཉིས་པོས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད་ལས་གྲྭའི་སྤུས་ཚད་དང་འཕྲིན་གཏོང་བརྡ་རྟགས་བརྟན་པོ་ཡོང་བའི་འགན་ལེན་ཐུབ་པ་མ་ཟད། ཁོར་ཡུག་སྲུང་སྐྱོང་ཡག་པོ་ཐུབ་པ་དང་མེ་འཁོར་བདེ་འཇགས་ངང་ཤར་གཏོང་ཐུབ་ཡོད་ཅེས་གསུངས།

    བློ་བཟང་རྒྱལ་མཚན་གྱིས་ལོ་10ཡི་རིང་མཚོ་བོད་ལྕགས་ལམ་རིམ་བཞིན་འཕེལ་རྒྱས་ཕྱིན་ནས་བོད་འདི་ཉིད་མེས་རྒྱལ་སྐམ་སའི་དབུས་ཁུལ་གྱི་ལྟེ་བའི་ཁྲོམ་ར་དང་འབྲེལ་མཐུད་བྱེད་པའི་འཕར་རྩ་ཆེ་མོ་དང་། ཕྱི་ཕྱོགས་སྒོ་དབྱེ་དང་སྤེལ་རེས་བྱེད་པའི་ལས་སྟེགས་ཆེ་མོ། ཡུལ་སྐོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་བགྲོད་ལམ་ཆེ་མོ། དམངས་འཚོ་རྒྱུན་མཐུད་ངང་ལེགས་སུ་འགྲོ་བའི་འདེགས་སྐྱོར་ཆེ་མོ་བཅས་སུ་གྱུར་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚད་གཞི་མཐོ་ཤོས་སྒོ་ནས་སྐུལ་འདེད་བཏང་ཡོད། གཅིག་ནི།དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། 2015ལོར་ལྗོངས་ཡོངས་ཀྱི་GDPསྒོར་དུང་ཕྱུར་1026.4ཟིན་པ་དེ་མེ་འཁོར་ཤར་གཏོང་མ་བྱས་གོང་གི་ལྡབ་4ཡིན་པ་དང་། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་8244ཟིན་ནས་མེ་འཁོར་ཤར་གཏོང་མ་བྱས་གོང་གི་ལྡབ་4ཡིན། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2.5ཟིན་པ་དེ་མེ་འཁོར་ཤར་གཏོང་མ་བྱས་གོང་གི་ལྡབ་3ཡིན།གཉིས་ནི། བོད་ཀྱི་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་དང་། སྤུས་ཚད་མཐོར་གཏོང་། སྒུལ་ཤུགས་སྒྱུར་བ་བཅས་ལ་སྐུལ་འདེད་བཏང་ཞིང་། དཔལ་འབྱོར་སྤྱི་འབོར་ཁྲོད་ཐོན་ལས་དང་པོའི་བསྡུར་ཚད་དེ་2005ལོའི་19.3%ནས་9.4%བར་ཆག་པ་དང་ཐོན་ལས་གཉིས་པའི་བསྡུར་ཚད་དེ་25.5%ནས་36.7%བར་མཐོ་རུ་ཕྱིན་པ། ཐོན་ལས་གསུམ་པ་རྒྱུན་མཐུད་ངང་བརྟན་པོ་བྱུང་བ་བཅས་རེད། གསུམ་ནི། ཟོག་འགྲེམས་མ་གནས་དམའ་རུ་ཕྱིན་ནས་ཕྱི་ཕྱོགས་སྒོ་དབྱེའི་ཚོང་དོན་ལ་སྐུལ་འདེད་ཆེན་པོ་ཐེབས་ཤིང་། 2015ལོར་མཚོ་བོད་ལྕགས་ལམ་ཐོག་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་2605ཟིན་ཡོད། བཞི་ནི། བོད་ཀྱི་ཡུལ་སྐོར་ལས་རིགས་བྱ་འཕུར་བ་ལྟར་འཕེལ་རྒྱས་བྱུང་ནས་ད་ཆ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་2000ལྷག་ཙམ་ཟིན་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་280ཟིན་པ་བཅས་རེད་ཅེས་ངོ་སྤྲོད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་བྱེད་རིང་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཁྱོན་མ་དངུལ་སྒོར་དུང་ཕྱུར་20བཏང་ནས་སྣོད་བཅུད་སྲུང་སྐྱོང་བྱེད་ཐབས་དོན་འཁྱོལ་བྱེད་པ་དང་ལྕགས་ལམ་འཛུགས་སྐྲུན་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང“གཉིས་ཁེ”ཐོབ་པ་བྱས་ཡོད། མཚོ་བོད་ལྕགས་ལམ་ཁོར་རྒྱུག་བྱེད་རིང་ལས་གྲྭ་འཛུགས་སྐྲུན་དང་རང་བྱུང་ཁོར་ཡུག་ཞི་མཐུན་ལྡན་པ་གང་ལེགས་མཚོན་ཡོད། ད་ཆའི་མཚོ་བོད་ལྕགས་ལམ་དེ་ཉིད་ས་མཐོའི་ལྗང་མདོག་ཁྱམས་རིང་དང་སྣོད་བཅུད་ཁོར་ཡུག་གི་ལམ་བུར་དངོས་སུ་གྱུར་བ་དང་། ལྕགས་ལམ་ལམ་ཐིག་གི་མཛེས་ལྗོངས་ལྟ་ན་སྡུག་པ་དང་སྣོད་བཅུད་ཁོར་ཡུག་ལེགས་པས་རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་བའི་བློ་ཁ་ཕྱོགས་ས་དང་བསྔགས་བརྗོད་བྱེད་པའི་ཡིད་དུ་འོང་བའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད་ཅེས་གསུངས་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།