དབུ་ཤོག>སྲིད་དོན།
  • བོད་ལྗོངས་ཀྱི་འགོ་ཁྲིད་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རིག་གནས་ཐོན་ལས་འཕེལ་རྒྱས་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-01

    ཚེས་28ཉིན། རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་སྲིད་གཞུང་གི་བློ་འདྲི་བ་མོང་ཏེ་ལིས་རུ་སྣེ་འཁྲིད་དེ་ལྷ་ས་གྲོང་ཁྱེར་དུ་རང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རིག་གནས་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    བརྟག་ཞིབ་ཚོགས་ཆུང་དང་བཅས་པ་སྟག་རྩེ་རྫོང་ཞོག་ཤང་དམངས་ཁྲོད་སྲོལ་རྒྱུན་ལག་ཤེས་བཟོ་ལས་མཉམ་ལས་ཁང་དང་ལྷ་ས་འཇའ་ཚོན་ཆུ་མིག་ཕན་བདེ་མི་རིགས་ལག་ཤེས་བཟོ་ལས་ཚད་ཡོད་ཀུང་སི་སོགས་སུ་ཕེབས་ཏེ་བོད་ཤོག་དང་སྤོས་སོགས་མངོན་མིན་རིག་གནས་ལོ་རྒྱུས་ཀྱི་འབྱུང་ཁུངས་དང་། འཕེལ་རྒྱས་ཀྱི་བརྒྱུད་རིམ། བཟོ་རྩལ་དང་དེ་བཞིན་མིག་སྔར་འཕྲད་པའི་དཀའ་ངལ་དང་གནད་དོན་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད།

    བརྟག་ཞིབ་ཚོགས་ཆུང་གིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔར་ནས་བཟུང་རང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་གནང་བ་དང་རང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱ་ཕྱིར་ལས་ཀ་འབོར་ཆེན་བསྒྲུབས་པ་མ་ཟད་གྲུབ་འབྲས་ཀྱང་མངོན་གསལ་དོད་པོ་ཐོབ་ཡོད། འབྲེལ་ཡོད་སྡེ་ཚན་གྱིས“སྲུང་སྐྱོང་གཙོ་བོར་འཛིན་པ་དང་། མྱུར་སྐྱོབ་ཨང་དང་པོར་འཇོག་པ། ལུགས་མཐུན་བེད་སྤྱོད། རྒྱུན་འཛིན་འཕེལ་རྒྱས”བཅས་ཀྱི་བྱེད་ཕྱོགས་གཞིར་བཟུང་སྲུང་སྐྱོང་རྒྱུན་འཛིན་དང་གསར་སྤེལ་བེད་སྤྱོད་གཉིས་ཟུང་འབྲེལ་བྱེད་པ་དང་། སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་གཉིས་ཟུང་འབྲེལ་བྱེད་པ། རྒྱུན་འཛིན་དང་གསར་གཏོད་གཉིས་ཟུང་འབྲེལ་བཅས་བྱས་ཏེ་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོང་ལས་དོན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས་པ་དང་། སྲུང་སྐྱོང་རྒྱུན་འཛིན་བྱེད་སྟངས་གསར་གཏོད་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོང་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་ཐོན་ལས་དང་ཁྲོམ་ར་གཉིས་ཟུང་འབྲེལ་བྱེད་པའི་ཁྲོད་རྒྱུན་འཛིན་དང་རྒྱུན་མཐུད་འཕེལ་རྒྱས་ཡོང་བ་བྱེད་དགོས་པ། མངོན་མིན་རིག་གནས་ཤུལ་བཞག་དང་རིག་གནས་ཡུལ་སྐོར་ཐོན་ལས་གཉིས་ཟུང་འབྲེལ་བྱས་ཏེ་སྔོག་འདོན་དང་། རྒྱུན་འཛིན། ཐོན་ལས་ཅན་བཅས་ཀྱི་ལམ་བུའི་ཐོག་སྐྱོད་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།